分享按钮

2024ལོའི་རྒྱལ་ཡོངས་ཀྱི་ཆུ་སྐྱེས་སྐྱེ་དངོས་ཆུ་ནང་དུ་གཏོང་ བའི་བྱེད་སྒོ་ས་གནས་ཁག་ཏུ་སྤེལ་བ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཞིང་ལས་གྲོང་གསེབ་པུའུ་དང་ཧྲན་ཏུང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཧྲན་ཏུང་ཞིང་ཆེན་ཏུང་ཡིང་གྲོང་ཁྱེར་དུ་མཉམ་འབྲེལ་ཐོག་2024ལོའི་རྒྱལ་ཡོངས་ཀྱི་ཆུ་སྐྱེས་སྐྱེ་དངོས་ཆུ་ནང་དུ་གཏོང་བའི་བྱེད་སྒོ་ཧུར་ཐག་ངང་སྤེལ་ཡོད་པ་རེད།

ད་ཐེངས་ཀྱི་བྱེད་སྒོའི་ནང་རྨ་ཆུའི་ཆུ་ཁོངས་སུ་ཉ་དང་། ཤ་སྨི། སྡིག་སྲིན་སོགས་ཆུ་སྐྱེས་སྐྱེ་དངོས་ཁྲི་3000ལྷག་ཙམ་ཆུ་ནང་དུ་བཏང་བ་རེད།

བྱེད་སྒོ་སྤེལ་རིང་། ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་29དང་། འཆར་གཞི་ལོགས་སུ་བཀོད་པའི་གྲོང་ཁྱེར་4 ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིན་ཐོན་བཅས་ཀྱིས་དུས་གཅིག་ཏུ་ཆུ་གཏོང་བྱེད་སྒོ་ཐེངས་300ལྷག་ཙམ་སྤེལ་ནས་ཆུ་སྐྱེས་སྐྱེ་དངོས་དུང་ཕྱུར་6.2ཙམ་ཆུ་ནང་དུ་བཏང་བ་རེད།

སྐྱེ་འཕེལ་གཏོང་རྒྱུ་ནི་ཆུ་སྐྱེས་སྐྱེ་དངོས་ཐོན་ཁུངས་བདག་སྐྱོང་བྱེད་པར་ཤུགས་སྣོན་རྒྱག་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན། ལོ་ལྔ་ཚན་བཅུ་བཞི་པའི་ཚུན། རྒྱལ་ཡོངས་སུ་ལོ་ལྟར་ཆུ་སྐྱེས་སྐྱེ་དངོས་དུང་ཕྱུར་300ལྷག་ཙམ་ཆུ་ནང་དུ་གཏོང་གི་ཡོད་པས། ཆུ་སྐྱེས་སྐྱེ་དངོས་ཐོན་ཁུངས་སླར་གསོ་དང་། ཆུ་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས། ཉ་ལས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ། སྤྱི་ཚོགས་སྤྱི་དམངས་ཀྱི་ཐོན་ཁུངས་སྲུང་སྐྱོང་གི་འདུ་ཤེས་ཆེ་རུ་གཏོང་བ་བཅས་ལ་ནུས་པ་གལ་ཆེན་ཐོན་ཡོད།

(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-11 6 6 拉萨日报藏文 c182358.html 1 2024ལོའི་རྒྱལ་ཡོངས་ཀྱི་ཆུ་སྐྱེས་སྐྱེ་དངོས་ཆུ་ནང་དུ་གཏོང་ བའི་བྱེད་སྒོ་ས་གནས་ཁག་ཏུ་སྤེལ་བ། /enpproperty-->