ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བ་ནས་བཟུང་། ས་གནས་ཁག་གིས་སྒྲིག་འཛུགས་ཞིབ་ཚགས་དང་སྐུལ་འདེད་ཏན་ཏིག་བཏང་ནས་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་སྒྲིག་ཁྲིམས་སྦྱོང་བ་དང་། སྒྲིག་ཁྲིམས་ཤེས་རྟོགས། སྒྲིག་ཁྲིམས་གསལ་རྟོགས། སྒྲིག་ཁྲིམས་སྲུང་བ་བཅས་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ་ཏང་གི་སྒྲིག་ཁྲིམས་དང་སྒྲིག་ལམ་གང་ཡིན་པ་གསལ་པོར་ཤེས་པ་དང་། གང་ཞིག་བྱེད་ཐུབ་མིན་གསལ་པོར་ཤེས་པར་བྱས་ནས་སྒྲིག་ཁྲིམས་དང་སྒྲིག་ལམ་དེ་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་སུ་བསྒྱུར་བར་བྱེད་དགོས།
སྡེ་ཁུལ་གྱི་ཏང་ཡོན་ལས་བྱེད་པས་མང་ཚོགས་ལ་ཉེ་བཅར་བྱེད་པ་དང་། ལྷག་པར་དུ་སྒྲིག་ཁྲིམས་དང་སྒྲིག་སྲོལ་གྱི་རྩ་བ་དེ་དམ་དུ་བཏང་ནས་མང་ཚོགས་ལ་དར་སྲོལ་གསར་པ་ཉེ་འགྲམ་དུ་ཡོད་པའི་ཚོར་སྣང་ཡོད་པར་བྱས་ཏེ་སྡེ་ཁུལ་དེ་གྲོང་མི་མང་ཚོཊ་ཀྱི་བློས་འཁེལ་ཤོས་དང་བློ་བདེ་བའི་གནས་སུ་འགྱུར་བར་བྱེད་དགོས། ཉེ་ཆར། ཀུའེ་ཀྲོའུ་ཞིང་ཆེན་ཀུའེ་དབྱང་གྲོང་ཁྱེར་ཀོན་ཧྲན་ཧུའུ་ཆུས་ཅིན་དབྱང་ཁྲོམ་གཞུང་ཅིན་ཡོན་སྡེ་ཁུལ་གྱི་ཏང་སྤྱི་ཁྱབ་ཀྲི་པུས་ཏང་གི་གཙོ་དོན་ཉིན་མོའི་བྱེད་སྒོ་སྤེལ་ཞིང་། ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་ཡོན་ཆིན་གྱིས《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》ལ་སློབ་སྦྱོང་བྱས་པའི་མྱོང་ཚོར་མཉམ་སྤྱོད་བྱས་པ་རེད།
ཀོན་ཧྲན་ཧུའུ་ཆུས་ཀྱིས་ཇི་མ་ཇི་བཞིན་སློབ་སྦྱོང་བྱེད་པ་དང་། གནད་དོན་འཁྱེར་ནས་སློབ་སྦྱོང་བྱེད་པ། ཞིབ་བཤེར་ལ་ཞིབ་བསྡུར་བྱས་ནས་སློབ་སྦྱོང་བྱེད་པ། ཆེད་དོན་ཟུར་ཁྲིད་ཀྱིས་སློབ་སྦྱོང་བྱེད་པ། ཚོགས་ཆུང་སྤེལ་རེས་ཀྱིས་སློབ་སྦྱོང་བྱེད་པ། གཅིག་སྡུད་བགྲོ་གླེང་གིས་སློབ་སྦྱོང་བྱེད་པ་བཅས་སློབ་སྦྱོང་དྲུག་མཉམ་འགུལ་གྱི་སློབ་སྦྱོང་བྱེད་སྟངས་སྤྱད་དེ་ཏང་ཡོན་ལས་བྱེད་པས་རང་རྟོགས་ངང་ཏང་གི་སྒྲིག་སྲོལ་དང་ཏང་གི་སྒྲིག་ཁྲིམས་ལ་བརྟེན་ནས་བསམ་བློ་དང་བྱ་སྤྱོད་བཅོས་སྒྲིག་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ་སྒྲིག་ཁྲིམས་ཀྱི་འདུ་ཤེས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་ཏང་གཤིས་བློ་སྦྱོང་གོང་མཐོར་བཏང་ཡོད།
དུས་ཡུན་ངེས་ཅན་ཞིག་གི་རིང་ལ་ས་གནས་ཁག་གིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དེ་རྒྱུན་གཏན་དང་མཉམ་འདྲེས་བྱེད་པ་དང་།རྒྱུན་གཏན་ནས་དམ་འཛིན་བྱས་ཏེ་སློབ་སྦྱོང་བྱེད་སྟངས་དང་བྱ་ཐབས་གསར་གཏོད་བྱས་ཐོག་ཏང་ཡོན་ལས་བྱེད་པས་སྒྲིག་སྲོལ་དང་སྒྲིག་ཁྲིམས་ལ་བརྩི་སྲུང་ཞུ་རྒྱུ་དེ་སེམས་ནང་བརྟན་པོར་ངེས་པར་སྐུལ་འདེད་བཏང་ཡོད། དུས་རབས་གསར་པའི་ཏང་ཡོན་ཞིག་ཡིན་པའི་ངོས་ནས་ང་ཚོས་གསར་བརྗེའི་སྙིང་སྟོབས་རྒྱུན་མཐུད་དང་། སྲོལ་རྒྱུན་བཟང་པོ་དར་སྤེལ། ཏང་གི་སྒྲིག་སྲོལ་དང་ཏང་གི་སྒྲིག་ཁྲིམས་ནན་སྲུང་བཅས་བྱས་ཡོད། ཉིན་ཤས་རིང་ཅང་སུའུ་ཞིང་ཆེན་ཡན་ཁྲེང་གྲོང་ཁྱེར་གྱི་ཏང་ཡོན་ལས་བྱེད་པ་རྣམས་དམག་སྡེ་བཞི་པ་གསར་པའི་དྲན་གསོ་ཁང་དུ་བསྐྱོད་དེ་དམག་སྡེ་བཞི་པ་གསར་པའི་སྒྲིག་ཁྲིམས་འཛུགས་སྐྱོང་གི་ཆེད་དོན་འགྲེམས་སྟོན་ལ་ལྟ་སྐོར་བྱས་པ་རེད།
ཡན་ཁྲེང་གྲོང་ཁྱེར་གྱིས་གསར་བརྗེའི་ཐོན་ཁུངས་སྤྱད་དེ་ནུས་ཤུགས་གཅིག་སྒྲིལ་གྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་དངོས་ཡོད་སློབ་ཚན་གཏོད་ནས་རྣམ་པ་སྣ་ཚོགས་ཀྱི་སློབ་ཁྲིད་བྱེད་ཐབས་བརྒྱུད་ཏང་ཡོན་ལས་བྱེད་པས་ཆབ་སྲིད་ཀྱི་ངེས་ཤུགས་དང་། སྒྲིག་ཁྲིམས་ཀྱི་ངེསཤུགས། ཀུན་སྤྱོད་ཀྱི་ངེས་ཤུགས། རུལ་འགོག་གི་ངེས་ཤུགས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུར་སྐུལ་འདེད་བཏང་ཡོད།
(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社