ཨ་རིའི་ཁེན་ཨེན་སློབ་ཆེན་གྱི་སློབ་སྤྱི་ལ་མོང་·ལེ་པོ་ལེ་ཐེས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ང་ལ་འཕྲིན་ལན་སྤྲིངས་པ་ནི་ངའི་བསམ་ཡུལ་ལས་འདས་སོང་། ཀྲུའུ་ཞི་ཞི་ལགས་ཀྱི་ལྷག་བསམ་ཟོལ་མེད་ཀྱི་བཀའ་མོལ་དེས་མི་རྣམས་ལ་སྟོབས་ཤུགས་སྦྱིན་ཡོད་ཅེས་བཤད།
ཉེ་ཆར།ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལེ་པོ་ལེ་ཐེར་འཕྲིན་ལན་སྤྲིངས་ནས་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱི་མཐོ་སློབ་ཀྱིས་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་ཀྲུང་གོ་དང་ཨ་རིའི་མཛའ་གྲོགས་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་སྐུལ་ལྕག་གནང་བ་རེད། འཕྲིན་ལན་ནང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་2006ལོར་ཀྲུང་ཨའི་མཉམ་ལས་ཀྱིས་ཝུན་ཀྲོའུ་ཁེན་ཨེན་སློབ་ཆེན་དུ་གཉེར་བའི་གན་རྒྱ་འཇོག་པའི་མཛད་སྒོར་དཔང་པོ་བྱས་པའི་བརྒྱུད་རིམ་ཕྱིར་དྲན་གནང་བར་མ་ཟད།ད་དུང་ཆེད་མངགས་ལེ་པོ་ལེ་ཐེར་སློབ་སྤྱི་ཟུར་པ་དང་འབུམ་རམས་པ་ཧྥ་ལ་ཞི་ལ་འཚམས་འདྲི་ཞུ་རོགས་ཞེས་ཞུས་པ་རེད།
ཀྲུའུ་ཞི་ཞི་ཅིན་ཕིང་གིས་སློབ་གྲྭ་དེར་ཐུགས་ཁུར་གནང་བ་དང་།ཀྲུང་གོ་དང་ཨ་རིའི་སློབ་གསོའི་སྤེལ་རེས་མཉམ་ལས་ལ་མཐོང་ཆེན་གནང་བ།གྲོགས་པོ་རྙིང་པར་གཅེས་སྤྲས་དང་སེམས་ཁྲལ་གནང་བ་བཅས་ཚང་མ་ལས་ལེ་པོ་ལེ་ཐེར་སེམས་འགུལ་ཆེན་པོ་ཐེབས་ཡོད་པ་རེད།ཁོང་གིས་གསར་འགོད་པར་མུ་མཐུད་འབད་བརྩོན་བྱས་ནས་ཀྲུའུ་ཞི་ཞི་ཅིན་ཕིང་སྐུ་ངོ་མས་དོ་ཁུར་དང་སྐུལ་འདེད་གཏོང་བའི་ཀྲུང་ཨའི་མཉམ་ལས་སློབ་གཉེར་རྣམ་གྲངས་དེ་སྔར་བས་རིམ་པ་གཅིག་ཏུ་འཕར་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བཤད་པ་རེད།
འབུམ་རམས་པ་ཧྥ་ལ་ཞིས་ཤ་ཝེ་དབྱི་རུ་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས།ཀྲུའུ་ཞི་ཞི་ཅིན་ཕིང་གི་འཚམས་འདྲི་གནང་ལུགས་ཤེས་རྗེས་ཁོང་ལ་གཟི་བརྗིད་ཧ་ཅང་ཆེན་པོ་སྐྱེས་བྱུང་ཞེས་བཤད།ཁོང་གིས་ཀྲུའུ་ཞི་ཞི་ཅི་ཕིང་གི་གཟིགས་རྒྱང་རིང་བའི་ལྟ་བ་དེས་ང་ཚོའི་བྱ་གཞག་དེར་རྣམ་པ་གསར་པ་བཏོད་ཡོད་ཅེས་བཤད།
བྱ་གཞག་འདི་འོད་སྟོང་རྗེས་མའི་ཕྱོགས་སུ་འཁྲིད་དགོས།
ཚེས་7ཉིན།ཝུན་ཀྲོའུ་ཁེན་ཨེན་སློབ་ཆེན་གྱིས་སློབ་ཐོན་མཛད་སྒོ་འཚོགས་པ་དང་།ལེ་པོ་ལེ་ཐེ་གདན་ཞུས་ལྟར་ཕེབས་ཡོད་པ་རེད།ཉེ་བའི་ལོ་ཤས་རིང་།མཐོ་སློབ་དེའི་ཨང་རིམ་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་དང་།འདི་ལོར་སྐབས་དང་པོའི་འབུམ་རམས་པའི་སློབ་མ་9སློབ་གྲྭ་ནས་་ཐོན་རྒྱུ་ཡིན་པའི་གཏམ་བཟང་རྒྱུན་ཆད་མེད་པར་གྲགས་པས།ང་ཚོར་སེམས་འགུལ་ཚད་མེད་ཐེབས་བྱུང་།
ལེ་པོ་ལེ་ཐེས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྲོལ་བཏོད་པའི་བྱ་གཞག་དེར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད།ཨ་རི་དང་ཀྲུང་གོའི་སློབ་གྲྭའི་དབར་ཡིན་ནའང་འདྲ།ཞིང་ཆེན་དང་ཀྲོའུ་དབར་ཡིན་ནའང་འདྲ།གང་ལྟར་མཉམ་ལས་ཀྱི་འབྲེལ་བ་དམ་ཟབ་ཅིག་ཆགས་ནས་ཨ་ཀྲུང་སློབ་གསོའི་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་རྒྱབ་སྐྱོར་གལ་ཆེན་བྱས་ཡོད་ཅེས་འཕྲིན་ཡིག་སྤྲིངས་པའི་ཐོག་མའི་བསམ་འདུན་བཤད་པ་རེད།
2006ལོའི་ཟླ་5པར་ཀྲེ་ཅང་ཞིང་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་ཡིན་པའི་ཞི་ཅིན་ཕིང་གི་ཐུགས་ཁུར་དང་སྐུལ་འདེད་འོག་ཝུན་ཀྲོའུ་སློབ་ཆེན་དང་ཨ་རིའི་ཁེན་ཨེན་སློབ་ཆེན་གཉིས་ཀྱིས་དངོས་སུ་གན་རྒྱ་བཞག་ནས་མཉམ་ལས་བྱས་ཏེ་ཝུན་ཀྲོའུ་ཁེན་ཨེན་སློབ་ཆེན་འཛུགས་རྒྱུའི་གཏན་འབེབས་བྱས་པ་རེད།2014ལོར་སློབ་གསོ་པུའུ་ཡི་ཆོག་མཆན་བརྒྱུད་ཝུན་ཀྲོའུ་ཁེན་ཨེན་སློབ་ཆེན་དངོས་སུ་བཙུགས་པ་དང་མིག་སྔར་དངོས་གཞིའི་ཚན་ཁག་གི་རབ་འབྱམས་པའི་སློབ་མ་4500ཙམ་ཡོད་པ་དང་།དངོས་གཞིའི་ཚན་ཁག་གི་སྐབས་བརྒྱད་ཀྱི་སློབ་ཐོན་སློབ་མ་3300ལྷག་ཙམ་གསོ་སྐྱོང་བྱས་ཡོད་པ་རེད།2015ལོའི་ཟླ་9པར་ཀྲུའུ་ཞི་ཞི་ཅིན་ཕིང་ཨ་རིར་འཚམས་འདྲི་གནང་རིང་ཤི་ཡ་ཐུའུ་རུ་ཀྲུང་གོ་དང་ཨ་རིའི་ཞིང་ཆེན་གྱི་ཀྲོའུ་ཀྲང་གླེང་སྟེགས་སྐབས་གསུམ་པར་ཞུགས་པ་དང་འབྲེལ་གསུང་བཤད་གནང་སྐབས་སློབ་ཆེན་དེ་འཁོར་སྐྱོད་ཡག་པོ་བྱེད་ཀྱི་ཡོད་ཅེས་ཆེད་མངགས་གསུངས་ཡོད།
ཝུན་ཀྲོའུ་སློབ་ཆེན་གྱི་ཏང་ཨུད་ཀྱི་དེ་སྔའི་ཧྲུའུ་ཅི་ཞེ་ཧྲུའུ་ཧྭ་ཡིས་ཝུན་ཀྲོའུ་ཁེན་ཨེན་སློབ་ཆེན་གྱི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ལ་དཔང་པོ་བྱས་ཡོད། ཁོང་གིས་གསར་འགོད་པར་ཀྲེ་ཅང་ཞིང་ཆེན་དང་ཤིན་ཙེ་ཞི་ཀྲོའུ་དབར་1981ལོར་མཛའ་གྲོགས་ཞིང་ཆེན་དང་ཀྲོའུ་དབར་གྱི་འབྲེལ་བ་བཙུགས་པ་དང་གོ་སྐབས་དེས་ཀྲུང་ཨའི་མཉམ་ལས་ཀྱིས་ཝུན་ཀྲོའུ་ཁེན་ཨེན་སློབ་ཆེན་གཉེར་རྒྱུར་སྐུལ་མ་ཐེབས་ཡོད།
2006ལོར་འབུམ་རམས་པ་ཧྥ་ལ་ཞི་དང་ཤིན་ཙེ་ཞི་ཀྲོའུ་དང་ཁེན་ཨེན་སློབ་ཆེན་དུ་འཚམས་འདྲིར་ཕེབས་པའི་ཞི་ཅིན་ཕིང་ཆུ་ཚོད་ཁ་ཤས་རིང་གླེང་མོལ་གཏིང་ཟབ་གནང་ཡོད།ལོ་མང་རིང་། ཀྲུང་གོར་འཚམས་འདྲི་ཐེངས་མང་བྱས་པ་ལས་ཁོང་གིས་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་རྒྱུན་ཆད་མེད་པར་གསར་གཏོད་བྱེད་པའི་ཀྲུང་གོ་ཞིག་མཐོང་བ་དང་།སློབ་གྲྭ་གནས་སའི་ཀྲེ་ཅང་ཞིང་ཆེན་ནི་ཚན་རྩལ་གསར་གཏོད་ཁྱབ་ཁོངས་ནང་སྔ་ཕྱི་བར་གསུམ་དུ་མདུན་གྲལ་དུ་བསྐྱོད་ཡོད།འབུམ་རམས་པ་ཧྥ་ལ་ཞིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་2006ལོར་གསུངས་པ་ལྟར།ང་ཚོས་ས་གནས་དང་དུས་ཚོད་བདམས་པ་དེ་འགྲིག་པ་ཞིག་ཡིན་ཞེས་བཤད།
(པར་ངོས་གཉིས་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社