ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་6ཚེས་9ཉིན། བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་དང་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པའི་2024ལོའི་རང་ལྗོངས་ཀྱི་ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་ཀོ་གྲུའི(འབྲུག་གྲུ)འགྲན་བསྡུར་དེ་རང་གྲོང་དུ་གཉེར་བ་རེད།
འགྲན་བསྡུར་མ་བྱས་གོང་། ཆུ་ཐོག་གི་མཐར་སོན་འཁྲབ་སྟོན་ཞིག་སྤེལ་བ་དང་། འཁྲབ་སྟོན་པ་རྣམས་ཀྱིས་ཆུ་ངོས་སུ་འཁྲབ་སྟོན་བྱས་ཤིང་། རྐང་འོག་གི་འཕུར་སྐྱོད་འཕྲུལ་ཆས་ཀྱིས་ཆུའི་ཟེགས་མ་མང་པོ་མཁའ་ལ་གཏོར་བཞིན་འཁྲབ་སྟོན་བྱས་པས། ལྟད་མོ་བ་རྣམས་ཧ་ལས་ཤིང་ཧང་སངས་བར་གྱུར་པ་དང་། ཡུལ་དངོས་སུ་ཧ་ཅང་འཁྲུག་ཆ་དོད་པའི་རྣམ་པས་ཁེངས།
ཆུ་ཐོག་གི་མཐར་སོན་འཁྲབ་སྟོན་མཇུག་འགྲིལ་རྗེས། ད་ཐེངས་ཀྱི་ཀོ་གྲུའི(འབྲུག་གྲུ)འགྲན་བསྡུར་དངོས་སུ་འགོ་ཚུགས་པ་རེད། ལིའོ་ཉིང་དང་། ཧུའུ་པེ། ཧུའུ་ནན། སི་ཁྲོན། ཡུན་ནན། ཀུའེ་ཀྲོའུ་བཅས་དང་ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ནས་ཡོང་བའི་ལུས་རྩལ་པ་30དང་། ལྗོངས་ནང་ཁུལ་གྱི་ལུས་རྩལ་པ་30འདི་གར་འགྲན་བསྡུར་བྱས་པ་དང་། འགྲན་ཞུགས་རུ་ཁག་རེར་འགྲན་ཞུགས་པ་8དང་། རྔ་རྡུང་མཁན་1 དེད་དཔོན་1བཅས་ཡོད་པ་རེད། སྨི་200ཡི་ཐད་ལམ་འགྲན་བསྡུར་གཙོ་བོར་བྱས་པ་དང་། འགྲན་བསྡུར་འགོ་བརྩམས་པ་ཁྱབ་བསྒྲགས་བྱས་མ་ཐག་འབྲུག་གྲུ་6ནི་སྟོང་ལས་ཤོར་བའི་མདའ་མོ་བཞིན་མགྱོགས་མྱུར་ངང་འགྲན་བསྡུར་ནང་ཞུགས་པ་དང་། (པར་ངོས་གཉིས་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社