分享按钮

གྲོང་ཁྱེར་གྱི་དབུ་ཁྲིད་ཀྱིས་ཁྲེང་ཀོན་ཆུས་སུ་མང་ཚོགས་ཀྱི་བསམ་འཆར་མང་བ་དང་བསྐྱར་ལོག་བྱེད་སླ་བའི་གྲོང་ཁྱེར་དོ་དམ་གྱི་གནད་དོན་ལ་ཕྱིར་མིག་བལྟས་པ།

ཀྲའོ་ཧུའེ་ཉན་གྱིས་རུ་སྣེ་ཁྲིད་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར།གྲོངཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཀྲའོ་ཧུའེ་ཉན་ཁྲེང་ཀོན་ཆུས་སུ་བསྐྱོད་དེ་མང་ཚོགས་ཀྱི་བསམ་འཆར་མང་བ་དང་བསྐྱར་ལོག་བྱེད་སླ་བའི་གྲོང་ཁྱེར་དོ་དམ་གྱི་གནད་དོན་ལ་ཕྱིར་མིག་བལྟས་པ་དང་འབྲེལ་ངོ་ཐུག་གྲོས་མོལ་ཚོགས་འདུ་འཚོགས་ནས།འབྲེལ་ཡོད་སྡེ་ཚན་ཁག་གིས་གནད་དོན་ལ་ཐད་ཀར་ཁ་ཕྱོགས་ནས་བཅོས་སྒྲིག་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་རྣམ་པ་ལེགས་སུ་གཏོང་བ་དང་རྣམ་པ་གསར་པ་མངོན་པར་མུ་མཐུད་སྐུལ་འདེད་གཏོང་རྒྱུའི་བླང་བྱ་བཏོན་གནང་བ་རེད།

གཡུ་ཐོག་ལམ་དུ་LEDབརྙན་ཤེལ་བེད་སྤྱོད་མི་ཐུབ་པ་དང་། སྔོ་ལྗང་ཁུལ་སྐྱ་ཐེར་དུ་གྱུར་བ། གློག་ཤུགས་སྒམ་གྱི་མཛེས་རྒྱན་བརྡ་ཁྱབ་ཆག་སྐྱོན་ཤོར་བ། ས་ངོས་སུ་སྣུམ་དྲེག་ཆགས་པ།གློག་སྒུལ་འཁོར་རིགས་ཀྱིས་ངལ་གསོ་ཁང་ཧམ་བཟུང་བྱས་ནས་གང་བྱུང་དུ་བཞག་པ་སོགས་ཀྱི་གནད་དོན་གཟིགས་རྗེས།ཀྲའོ་ཧུའེ་ཉན་གྱིས་རིམ་ཁག་སྡེ་ཁག་གིས་འབད་བརྩོན་ཧུར་ཐག་བྱས་པ་དང་སྤྱི་ཚོགས་ལས་རིགས་ཁག་གི་སེམས་ཁུར་དང་རྒྱབ་སྐྱོར་འོག་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་གི་བྱ་སྤྱོད་ཆེན་མོར་དངོས་ཡོད་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་ཡོད་མོད། འོན་ཀྱང་གནད་དོན་རྙིང་པ་ཁ་ཤས་བསྐྱར་ལོག་གི་སྣང་ཚུལ་ཡང་ཐོན་ཡོད། ཁོང་གིས་བཅོས་སྒྲིག་བྱ་སྤྱོད་ཀྱི་ཆེད་དོན་ཚོགས་ཆུང་ཁག་གིས་འགན་འཁྲི་སྔར་བས་དམ་དུ་གཏོང་བ་དང་། ཞིབ་ཕྲའི་གནས་ཚུལ་ལ་དམ་འཛིན་ཡག་པོ་བྱས་ཏེ་རྒྱུན་གཏན་གྱི་རྣམ་པ་ཞིག་གྲུབ་ནས་བཅོས་སྒྲིག་བྱ་སྤྱོད་ཀྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས་ཞེས་གསུངས། ཀྲའོ་ཧུའེ་ཉན་ལྷ་ས་བརྒྱ་ཟོག་དམངས་ཕན་ཉེན་རྟོག་ས་ཚིཊ་སུ་ཕེབས་ནས་ཉེན་རྟོག་ས་ཚིགས་ཀྱི་འགན་འཁུར་བློ་མཐུན་དང་། (པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-11 ཀྲའོ་ཧུའེ་ཉན་གྱིས་རུ་སྣེ་ཁྲིད་པ། 6 6 拉萨日报藏文 c182352.html 1 གྲོང་ཁྱེར་གྱི་དབུ་ཁྲིད་ཀྱིས་ཁྲེང་ཀོན་ཆུས་སུ་མང་ཚོགས་ཀྱི་བསམ་འཆར་མང་བ་དང་བསྐྱར་ལོག་བྱེད་སླ་བའི་གྲོང་ཁྱེར་དོ་དམ་གྱི་གནད་དོན་ལ་ཕྱིར་མིག་བལྟས་པ། /enpproperty-->