ཚེས་6ཉིན་འཇར་མན་རྒྱལ་ཕྲན་མཉམ་འབྲེལ་བསྡོམས་རྩིས་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར་གཞིཊ་ན། དུས་ཚིཊ་དང་ལས་ཀའི་དུས་ཚོད་ལེཊ་སྒྲིག་བྱས་རྗེས་ཟླ་4པར་འཇར་མན་གྱི་བཟོ་ལས་ཀྱི་མངཊ་ཐོ་གསར་པ་ཟླ་བ་གོང་མ་ལས་བརྒྱ་ཆ་0.2ཆག་ནས་ཟླ་བ་བཞིར་བསྟུད་མར་ཆག་ཡོད་པ་རེད།
གྲངས་གཞི་ལས་མངོན་པར་གཞིཊ་ན། ཟླ་4པར་འཇར་མན་རྒྱལ་ནང་གི་མངཊ་ཐོ་གསར་པ་ཟླ་བ་གོང་མ་ལས་བརྒྱ་ཆ་0.3ཆག་པ་དང་། ཕྱི་རྒྱལ་གྱི་མངགས་ཐོ་གསར་པ་ཟླ་བ་གོང་མ་ལས་བརྒྱ་ཆ་0.1ཆག་པའི་ནང་ཡོ་སྒོར་ཁུལ་གྱི་མངཊ་ཐོ་གསར་པ་ཟླ་བ་གོང་མ་ལས་བརྒྱ་ཆ་1.4ཆག་པ་དང་ཡོ་སྒོར་ཁུལ་ཕུད་པའི་མངགས་ཐོ་གསར་པ་ཟླ་བ་གོང་མ་ལས་བརྒྱ་ཆ་0.6འཕར་ཡོད་པ་རེད།
འཇར་མན་རྒྱལ་ཕྲན་མཉམ་འབྲེལ་བསྡོམས་རྩིས་ཅུས་ཀྱིས་དེ་ཉིན་གྱི་གསལ་བསྒྲགས་ནང་ཟླ་4པར་བཟོ་ལས་ཀྱི་མངགས་ཐོ་གསར་པ་ཆག་པའི་རྒྱུ་རྐྱེན་གཙོ་བོ་ནི་གནམ་གྲུ་དང་། གྲུ་གཟིངས། མེ་འཁོར་སོགས་བཟོ་སྐྲུན་ལས་རིགས་ཀྱི་མངགས་ཐོ་ཟླ་བ་གོང་མ་ལས་ཆེས་ཆེར་ཉུང་དུ་ཕྱིན་ནས་ཆག་ཚད་བརྒྱ་ཆ་15.4ཟིན་ཡོད། འོན་ཀྱང་རླངས་འཁོར་ལས་རིགས་ཀྱི་མངགས་ཐོ་གསར་པ་ཟླ་བ་གོང་མ་ལས་བརྒྱ་ཆ་4.1འཕར་ནས་སྤྱི་ཡོངས་ཀྱི་མཚོན་ཚུལ་ལ་དགེ་མཚན་ལྡན་པའི་ཤུགས་རྐྱེན་ཐེབས་ཡོད་ཅེས་འཁོད་ཡོད།
(ཤིན་ཧྭ་གསར་འགྱུར་ཁང་པེར་ལིན་ནས་ཟླ་6ཚེས་6ཉིན་འབྱོར་བའི་གློག་འཕྲིན)
(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社