ཉེ་ཆར། བསྟུད་མར་ཆར་པ་བབས་པའི་རྐྱེན་གྱིས་འཇར་མན་ལྷོ་རྒྱུད་ཀྱི་ཏུའོ་ནའོ་གཙང་པོ་དང་། ནེ་ཁ་གཙང་པོ་སོཊ་གཙང་པོ་མང་པོའི་ཆུ་ཁ་མཐོ་རུ་ཕྱིན་ནས་ས་གནས་དེ་གའི་གྲོང་ཁྱེར་དང་གྲོང་རྡལ་མང་པོ་ཞིག་ལ་ཆུ་ལོག་གི་གནོད་འཚེ་བྱུང་ཞིང་། ས་གནས་མང་པོའི་ཆུ་ཁ་ལོ་བརྒྱ་ཕྲག་རིང་གི་ཚད་གཞི་མཐོ་ཤོས་སུ་སླེབས་པས་མི་བརྒྱ་ཕྲག་ཁ་ཤས་ཁ་འགྲེམས་བྱས་པ་རེད།
པར་འདི་ནི་ཟླ་6ཚེས་1ཉིན། འཇར་མན་གྱི་པ་ཧྥ་ལི་ཡ་ཀྲོའུ་ཡི་གྲོང་ཚོ་ཞིག་ཏུ་མེ་ཟོན་རུ་མིས་ཆུ་འཁྱིལ་བའི་གཞུང་ལམ་ཐོག་ལས་ཀ་བྱེད་བཞིན་པའི་རྣམ་པ་ཡིན།
(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社