分享按钮

གསུམ་འཕྲེང་ཤང་གིས“དམག་ཞབས་ཐིམ་པའི་དམག་མིའི་ནང་མིར་སེམས་ཁུར་བྱས་ནས་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་གསུམ་འཕྲེང་ལ་བརྩེ་བ་སྦྱིན”ཞེས་པའི་བཞུགས་མོལ་ཚོགས་འདུ་འཚོགས་པ་དང་ཞལ་འདེབས་འབུལ་བའི་བྱེད་སྒོ་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྷུན་གྲུབ་རྫོང་གསུམ་འཕྲེང་ཤང་དམག་ཞབས་ཐིམ་པའི་དམག་མིའི་ཞབས་ཞུའི་ས་ཚིགས་ཀྱིས“དམག་ཞབས་ཐིམ་པའི་དམག་མིའི་ནང་མིར་སེམས་ཁུར་བྱས་ནས་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་གསུམ་འཕྲེང་ལ་བརྩེ་བ་སྦྱིན”ཞེས་པའི་བཞུགས་མོལ་ཚོགས་འདུ་འཚོགས་པ་དང་ཞལ་འདེབས་འབུལ་བའི་བྱེད་སྒོ་སྤེལ་བས་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་ཐོབ་པ་རེད།

བཞུགས་མོལ་ཚོགས་འདུའི་ཐོག 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམག་ཞབས་ཐིམ་པའི་དམག་མིའི་འགན་ལེན་བཅའ་ཁྲིམས》བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། དམག་ཞབས་ཐིམ་པའི་དམག་མིའི་འབྲེལ་ཡོད་གཟིགས་སྐྱོང་སྲིད་ཇུས་སྒྲོག་འགྲེལ་བྱས་པ་རེད། ཚོགས་འདུ་འཚོགས་རྗེས། དགེ་སྒྲུབ་ཁེ་ལས་ཏེ་བོད་ལྗོངས་ཧྭ་ཧོ་ཨར་ལས་ཚད་ཡོད་ཀུང་སིས་ཤང་དེའི་དམག་ཞབས་ཐིམ་པའི་དམག་མི་52དང་དེ་བཞིན་ཁོང་ཚོའི་ནང་མི་ཚོར་དྲོད་སྲུང་ཕོར་པ་དང་ཀམ་པ་ལི་སོགས་འཚམས་འདྲིའི་དངོས་པོ་སྤྲད་ནས་སེམས་ཁུར་དང་དྲོ་སྐྱིད་མཚོན་པར་བྱས་པ་རེད།

ཀུང་སི་དེའི་འགན་འཁུར་བ་ཚེ་རིང་རྒྱལ་མཚན་གྱིས་ནུས་ཤུགས་ཡོད་རྒུས་དམག་ཞབས་ཐིམ་པའི་ཕ་ཡུལ་གྱི་དམག་མི་དང་དེ་བཞིན་ནང་མིར་ཞབས་ཞུ་དང་རོགས་རམ་བྱེད་འདོད་ཡོད། འབྱུང་འགྱུར་ང་ཚོས་རང་ཡུལ་གྱི་ལས་ཞུགས་ཐུབ་མེད་པའི་དམག་ཞབས་ཐིམ་པའི་དམག་མི་དེ་བས་མང་བ་བསྡུས་ཏེ་ཁོང་ཚོའི་ལས་ཞུགས་གནད་དོན་ཐག་གཅོད་ཏན་ཏིག་བྱ་རྒྱུ་ཡིན་ཞེས་བཤད།

ཐེངས་འདིའི་བྱེད་སྒོའི་ཁྲོད། དགེ་སྒྲུབ་ཁེ་ལས་པས་ཕུལ་བའི་ཞལ་འདེབས་སྒོར་ཁྲི་1.5ཚུད་པའི་ཁྱོན་སྒོར་ཁྲི་2.46རི་བའི་དངོས་པོ་སྤྲད་པ་རེད། ལྷུན་གྲུབ་རྫོང་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཅུས་དང་། གསུམ་འཕྲེང་ཤང་དམག་ཞབས་ཐིམ་པའི་དམག་མིའི་ཞབས་ཞུའི་ས་ཚིགས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་ལས་དོན་མི་སྣ། དགེ་སྒྲུབ་ཁེ་ལས་ཀྱི་འགན་འཁུར་བ། དམག་ཞབས་ཐིམ་པའི་གསུམ་འཕྲེང་ཤང་གི་དམག་མི་དང་དེ་བཞིན་ནང་མི་སོགས་མི་60ལྷག་ཙམ་བྱེད་སྒོར་ཞུགས་པ་རེད།

(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-10 6 6 拉萨日报藏文 c182343.html 1 གསུམ་འཕྲེང་ཤང་གིས“དམག་ཞབས་ཐིམ་པའི་དམག་མིའི་ནང་མིར་སེམས་ཁུར་བྱས་ནས་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་གསུམ་འཕྲེང་ལ་བརྩེ་བ་སྦྱིན”ཞེས་པའི་བཞུགས་མོལ་ཚོགས་འདུ་འཚོགས་པ་དང་ཞལ་འདེབས་འབུལ་བའི་བྱེད་སྒོ་སྤེལ་བ། /enpproperty-->