ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《གསོ་རིག་སྨན་རྫས་འཕྲོད་བསྟེན་གྱི་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་2024ལོའི་གཙོ་གནད་ལས་འགན》(གཤམ་དུ《ལས་འགན》ཞེས་བསྡུ་རྒྱུ)བཀྲམ་པ་རེད།
《ལས་འགན》ནང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་སྨན་བཅོས་འགན་བཅོལ་དང་། སྨན་བཅོས། གསོ་རིག་སྨན་རྫས་བཅས་འཕེལ་རྒྱས་དང་བཅོས་སྐྱོང་མཐུན་སྦྱོར་བྱ་རྒྱུར་དམིགས་ནས་འཕྲོད་བསྟེན་དང་བདེ་ཐང་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཟབ་ཏུ་གཏོང་རྒྱུ་རེད།
《ལས་འགན》ནང་། ཕྱོགས་བདུན་ཐད་ཀྱི་གཙོ་གནད་ལས་དོན་བཏོན་པ་སྟེ། གཅིག་ནས་སྨན་བཅོས་སྒྲིག་སྲོལ་སྒྱུར་བཅོས་ཀྱི་རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། ས་གནས་རིམ་ཁག་སྲིད་གཞུང་གིས་སྨན་བཅོས་སྒྲིག་སྲོལ་སྒྱུར་བཅོས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་འགན་འཁྲི་སྔར་བས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ། སྒྱུར་བཅོས་ལ་སྐུལ་འདེད་ཀྱི་ལས་ཀའི་ལམ་སྲོལ་བརྟན་དུ་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། སྨན་བཅོས་འགན་བཅོལ་དང་། སྨན་བཅོས། གསོ་རིག་སྨན་རྫས་བཅས་གཅིག་གྱུར་ནུས་ཆེའི་སྲིད་ཇུས་མཐུན་སྦྱོར་དང་། ཆ་འཕྲིན་སྦྲེལ་མཐུད། ལྟ་འདོམས་མཉམ་འགུལ་བཅས་ཀྱི་ལམ་སྲོལ་འཚོལ་ཞིབ་བྱས་ནས་འཛུགས་དགོས། གཉིས་ནས་སན་མིན་གྱི་སྨན་བཅོས་སྒྲིག་སྲོལ་སྒྱུར་བཅོས་ཀྱི་ཉམས་མྱོང་ཁྱབ་གདལ་གཏིང་ཟབ་གཏོང་བ་དང་སྨན་རྫས་དང་སྨན་སྤྱོད་ཟད་གྲོན་རྒྱུ་ཆ་གཅིག་སྡུད་ཀྱིས་གྲངས་བཅད་ཉོ་སྒྲུབ་དང་སྤུས་ཚད་མཐོ་རུ་དང་ཁྱབ་རྒྱ་ཆེ་རུ་འགྲོ་བར་སྐུལ་འདེད་བཏང་ནས་སྨན་བཅོས་ཞབས་ཞུའི་རིན་གོང་དང་། སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་བྱེད་སྟངས། གཞུང་བཙུགས་སྨན་ཁང་གི་གླ་ཕོགས་ལམ་ལུགས་བཅས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་དགོས། གསུམ་ནས་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། རྒྱལ་ཁབ་གསོ་རིག་ལྟེ་གནས་དང་རྒྱལ་ཁབ་ས་ཁོངས་སྨན་བཅོས་ལྟེ་གནས་འཛུགས་རྒྱུར་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ། དམ་ཚགས་རྣམ་པའི་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་རྒྱུན་འཛིན་གསར་གཏོད་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། འཕྲོད་བསྟེན་དང་བདེ་ཐང་གི་ཤེས་ལྡན་པའི་འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱས་ནས་སྤུས་ལེགས་ནུས་ཆེའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་གི་སྒྱུར་བཅོས་ཚོད་ལྟ་བྱེད་དགོས། བཞི་ནས་གཞུང་བཙུགས་སྨན་ཁང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས།
(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社