分享按钮

ལས་འཁྱུར་ངལ་གསོ་རྒྱག་མཁན་གྱི་མི་སྣའི་གཞི་རྩའི་རྒན་གསོའི་དངུལ་ལྡབ་འཕར་བྱུང་བ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་8ཉིན་གློག་འཕྲིན་འབྱོར་གསལ།མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའི་གྲངས་གཞི་གསར་ཤོས་ལས་མངོན་པར་གཞིགས་ན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་རྒྱལ་གྱི་སྤྱི་ཚོགས་འགན་བཅོལ་གྱི་ཐོབ་ཐང་གི་ཆུ་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་ཡོད། 2023ལོར། རྒྱལ་ཡོངས་ཁེ་ལས་ཀྱི་ལས་འཁྱུར་ངལ་གསོ་རྒྱག་མཁན་མི་སྣའི་ཟླ་རེའི་ཆ་སྙོམས་གཞི་རྩའི་རྒན་གསོའི་དངུལ་དེ་2012ལོ་ལས་ལྡབ་གཅིག་འཕར་བ་དང་། ཟླ་རེའི་ཆ་སྙོམས་ལས་ཤོར་འགན་བཅོལ་དངུལ་གྱི་ཆུ་ཚད་དེ་2012ལོའི་སྒོར་707ནས་2023ལོའི་སྒོར་1814བར་མཐོ་རུ་ཕྱིན་པ། ཟླ་རེའི་ཆ་སྙོམས་ལས་རྨས་འགན་བཅོལ་གྱི་རྨས་སྐྱོན་ཕོགས་པའི་ཁ་གསབ་དེ་སྒོར་1864ནས་སྒོར་4000བར་མཐོ་རུ་ཕྱིན་ཡོད་པ་རེད།

དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ཁྲོད། སྲིད་ཇུས་ཀྱི་གཟིགས་སྐྱོང་བྱས་པ་བརྒྱུད་ཡིག་ཚགས་དང་གཱ་བཟོས་པའི་དབུལ་པོ་ཁྲི་6098ལ་གཞི་རྩའི་རྒན་གསོའི་འགན་བཅོལ་འགན་ལེན་བྱེད་དགོས་རིགས་ཚང་མ་འགན་ལེན་ཐུབ་པར་བྱས་ཡོད།

རང་རྒྱལ་གྱིས་འཛམ་གླིང་ཐོག་མི་འབོར་གཞི་ཁྱོན་ཆེ་ཤོས་ཀྱི་སྤྱི་ཚོགས་འགན་སྲུང་བདེ་འཇགས་དྲ་བ་བཙུགས་ཡོད་ཅིང་། 2023ལོའི་ལོ་མཇུག་བར་རང་རྒྱལ་གྱི་གཞི་རྩའི་རྒན་གསོ་དང་། ལས་ཤོར། ལས་རྨས་འགན་བཅོལ་བཅས་ལ་ཞུགས་པའི་མི་གྲངས་དུང་ཕྱུར་10.66དང་། མི་གྲངས་དུང་ཕྱུར་2.44 མི་གྲངས་དུང་ཕྱུར་3.02བཅས་ཟིན་ཡོད་པས། 2012ལོ་ལས་མི་གྲངས་དུང་ཕྱུར་2.78དང་།མི་གྲངས་དུང་ཕྱུར་0.92 མི་གྲངས་དུང་ཕྱུར་1.12བཅས་སོ་སོར་འཕར་ཡོད་པ་རེད།

(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-10 6 6 拉萨日报藏文 c182342.html 1 ལས་འཁྱུར་ངལ་གསོ་རྒྱག་མཁན་གྱི་མི་སྣའི་གཞི་རྩའི་རྒན་གསོའི་དངུལ་ལྡབ་འཕར་བྱུང་བ། /enpproperty-->