分享按钮

རྒྱལ་ཡོངས་ཀྱི་ལྕགས་ལམ་གྱིས་ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་གུང་གསེང་རིང་འགྲུལ་པ་མང་པོ་སྐྱེལ་འདྲེན་བྱས་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་8ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཚེས་8ཉིན། རྒྱལ་ཡོངས་ཀྱི་ལྕགས་ལམ་གྱིས་འགྲུལ་པ་མང་པོ་སྐྱེལ་འདྲེན་བྱས་ཡོད་ཅིང་། སྔོན་དཔག་ལྟར་ན་འགྲུལ་པ་མི་ཐེངས་ཁྲི་1690ཟིན་པ་དང་།འགྲུལ་སྐྱེལ་མེ་འཁོར་856ཁ་སྣོན་བྱས་པ་རེད། ཟླ་6ཚེས་7ཉིན། རྒྱལ་ཡོངས་ཀྱི་ལྕཊ་ལམ་ཐོག་འགྲུལ་པ་མི་ཐེངས་ཁྲི་1435.6སྐྱེལ་འདྲེན་བྱས་པ་དང་། ལྕཊ་ལམ་སྐྱེལ་འདྲེན་གྱི་བདེ་འཇཊ་བརྟན་པོ་དང་གོ་རིམ་ལྡན་པ་ཞིག་ཡོད།

ཕྱིར་སྐྱོད་འགྲུལ་པ་མང་ཤོས་ལ་ཁ་གཏད་གཅོག་ཆེད། ས་གནས་ཁག་གི་ལྕགས་ལམ་སྡེ་ཚན་གྱིས་གུང་གསེང་རིང་འགྲུལ་པ་སྐྱེལ་འདྲེན་བྱ་རྒྱུའི་ཐད་སྒྲིག་འཛུཊ་ཞིབ་ཚཊ་བྱས་ཏེ་འགྲུལ་པའི་ཆོས་ཉིད་ལ་ཚན་རིག་དང་མཐུན་པའི་དབྱེ་ཞིབ་དང་སྐྱེལ་འདྲེན་གྱི་མི་མངོན་པའི་སྟོབས་ཤུཊ་སྔོག་འདོན་གང་ལེགས་བྱས་པ་དང་སྦྲཊ། ཕྱིར་སྐྱོད་བདེ་འཇཊ་དང་འགྲུལ་སྐྱེལ་ཞབས་ཞུའི་འགན་ལེན་བྱེད་ཤུཊ་སྔར་བས་ཆེ་རུ་བཏང་ནས་འགྲུལ་པ་ཕྱིར་སྐྱོད་ཀྱི་རྣམ་པ་བཟང་པོ་ཞིག་མཁོ་འདོན་བྱས་པ་རེད།

རྒྱལ་ཁབ་ལྕགས་ལམ་ཐའེ་ཡོན་ཅུས་ཚོགས་པ་ཚད་ཡོད་ཀུང་སིས་ཐའེ་ཡོན་དང་ཏ་ཐུང་ནས་པེ་ཅིང་དང་།ཐེན་ཅིན།ཡུན་ཁྲེང་།ལིའུ་ལིན།ཅེ་ཞི། ཡུང་ཅི་སོགས་ཀྱི་ཕྱོགས་སུ་ཕར་འགྲོ་ཚུར་འོང་བྱེད་མཁན་གྱི་འགྲུལ་སྐྱེལ་མེ་འཁོར་36ཁ་སྣོན་བྱས་པ་དང་། རྐུབ་བཀྱག་ཁྲི་5.7མང་དུ་བཏང་ཡོད། རྒྱལ་ཁབ་ལྕགས་ལམ་ཅི་ནན་ཅུས་ཚོགས་པ་ཚད་ཡོད་ཀུང་སིས་རྒྱལ་ཁབ་གློག་དྲ་ཏེ་ཀྲོའུ་གློག་འདོན་ཀུང་སི་དང་མཉམ་ལས་གཏིང་ཟབ་བྱས་ཏེ། ཏེ་ཀྲོའུ་ཤར་གྱི་འབབ་ཚུགས་དང་དེ་བཞིན་དོ་དམ་ནང་ཁུལ་གྱི་པེ་ཅིང་དང་ཧྲང་ཧའེ་ཡི་མྱུར་བགྲོད་ལྕགས་ལམ་རྒྱུད་ཀྱི་གློག་འདོན་སྐུད་ལམ་ལ་གློག་ཤུགས་བདེ་འཇགས་ཐད་སྐོར་ཞིབ་བྱས་ནས་མྱུར་བགྲོད་ལྕགས་ལམ་གྱི་གློག་ཤུགས་མཁོ་སྤྲོད་བརྟན་པོ་དང་བློས་འགེལ་ཆོག་པའི་འགན་ལེན་བྱས་ཡོད། རྒྱལ་ཁབ་ལྕགས་ལམ་ཝུའུ་ཧན་ཅུས་ཚོགས་པ་ཚད་ཡོད་ཀུང་སི་དང་ཝུའུ་ཧན་སྤྱི་སྤྱོད་རླངས་འཁོར་ཚོགས་པ་ཚད་ཡོད་ཀུང་སི་སོགས་ས་གནས་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཚན་གྱིས་མེ་འཁོར་འཁོར་སྐྱོད་ཀྱི་འགུལ་རྣམ་ཆ་འཕྲིན་མཉམ་སྤྱོད་བྱས་ཐོག སྤྱི་སྤྱོད་རླངས་འཁོར་དང་གླ་བྱེད་རླངས་འཁོར་གྱི་སྐྱེལ་འདྲེན་ནུས་པ་མཐུན་སྦྱོར་ངང་མང་དུ་བཏང་ནས་འགྲུལ་པ་ཕྱིར་སྐྱོད་བྱེད་པའི“མཐའ་མའི་འགག་གནད”ཤར་གཏོང་ཐུབ་པར་བྱས་ཡོད་ལ། རྒྱལ་ཁབ་གློག་དྲ་ཞི་ཨན་ཅུས་ཚོགས་པ་ཚད་ཡོད་ཀུང་སིའི་ཞི་ཨན་འབབ་ཚུགས་དང་ཞི་ཨན་འབབ་ཚུགས་བྱང་མས་མ་བུ་ཁང་དང་བྱིས་པའི་སྤྲོ་སྐྱིད་ཁུལ་སོགས་བཀོད་སྒྲིག་ཞིབ་ཚགས་བྱས་ཏེ་ཕྲུ་གུ་ཁྲིད་ནས་ཕྱིར་སྐྱོད་བྱེད་མཁན་གྱི་ཡུལ་སྐོར་བར་སྐྱིད་སྣང་དོད་པའི་རླངས་འཁོར་སྒུག་སའི་ཁོར་ཡུག་ཅིག་མཁོ་འདོན་བྱས་ཡོད་པ་རེད།(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-10 6 6 拉萨日报藏文 c182341.html 1 རྒྱལ་ཡོངས་ཀྱི་ལྕགས་ལམ་གྱིས་ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་གུང་གསེང་རིང་འགྲུལ་པ་མང་པོ་སྐྱེལ་འདྲེན་བྱས་པ། /enpproperty-->