དབྱར་གྱི་ཉི་འོད་ས་གཞིར་འཕྲོས་པ་དང་བསྟུན་ནས་ལྷ་སའི་སྐྱེ་དངོས་མཐའ་དག་ལ་གསོན་ཤུགས་རབ་ཏུ་རྒྱས་ཡོད། ལྷ་སའི་ལྷོ་རིའི་སྤྱི་གླིང་ནི་ལྷ་སའི་སྐྱིད་ཆུའི་ལྷོ་ངོགས་སུ་གནས་ཤིང་། བརྗིད་ཆགས་ཡིད་དུ་འོང་བའི་ཕོ་བྲང་པོ་ཏ་ལའི་ཁ་གཏད་དུ་ཆགས་ཡོད་པ་རེད།
ལྷོ་རིའི་སྤྱི་གླིང་ནི་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭ་ལག་བསྟར་བྱས་པ་ལས་བྱུང་བའི་གྲུབ་འབྲས་ཀྱི་གྲས་ཤིག་ཡིན་ལ། བོད་ལྗོངས་ཀྱིས་ཞི་ཅིན་ཕིང་གི་འབྱུང་ཁམས་ཤེས་དཔལ་གྱི་དགོངས་པ་ལག་ལེན་གཏིང་ཟབ་བྱས་ནས་རྒྱལ་ཁབ་ཀྱི་འབྱུང་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་ཤུགས་ཆེ་རུ་གཏོང་བའི་བསྡུས་རིས་ཤིག་ཀྱང་ཡིན། ལོ་བཅུ་ལྷག་ཙམ་རིང་སྔོ་འགྱུར་གྱི་ལས་དོན་མུ་མཐུད་སྤེལ་བ་བརྒྱུད།དེ་སྔའི་སྐྱ་ཐེར་ཐེར་གྱི་རི་བོ་ད་ཆ་སྔོ་ཐིང་ཐིང་དུ་གྱུར་ནས་ཡུལ་ལྗོངས་དེ་བས་མཛེས་པར་གྱུར་ཡོད།
ལྷོ་རིའི་སྤྱི་གླིང་དུ་སྐྱོད་སྐབས་གནས་འདིར་འཚོ་གནས་བྱེད་བཞིན་པའི་མི་རྣམས་ཀྱིས་མཚོ་བོད་ས་མཐོའི་རྩི་ཤིང་དང་རི་ཆུར་སྲུང་སྐྱོང་བྱེད་པའི་ཐོག་མའི་བསམ་འདུན་ལ་ཉམས་ལེན་གང་ལེགས་ཐུབ་ངེས་རེད།
ནགས་སྲུང་བའི་འདྲ་པར་གསུམ་གྱི་ཐོག་ནས་ལྷོ་རིའི་སྤྱི་གླིང་གི་འགྱུར་ལྡོག་མཐོང་ཐུབ།
ལྷ་སའི་ལྷོ་རིའི་སྤྱི་གླིང་གི་ནགས་སྲུང་བ་བཀྲ་ཤིས་ཆོས་འཕེལ་གྱི་འཕྲིན་ཕྲན་གྲོགས་ཚོམས་ཁྲོད་2012ལོ་དང་།2016ལོ། 2023ལོ་བཅས་ལ་ལྷོ་རིའི་སྤྱི་གླིང་ནས་ཕོ་བྲང་པོ་ཏ་ལར་རྒྱང་ལྟ་བྱས་པའི་འདྲ་པར་གསུམ་ཡོད་ཅིང་། འདྲ་པར་གསུམ་པ་དེ་ནི་ན་ནིང་གི་རྒྱལ་སྟོན་དུས་ཆེན་སྐབས་རི་རྩེའི་རྒྱལ་དར་བརྗེ་སྐབས་པར་དུ་བླངས་པ་ཞིག་རེད། རྒྱལ་སྟོན་དུས་ཆེན་གྱི་ཉིན་མོར་གསར་འགོད་པ་དང་ཁོང་མཉམ་དུ་ལྷོ་རིའི་སྤྱི་གླིང་གི་རི་རྩེར་འཛེགས་ནས་ལྷ་ས་ཧྲིལ་པོའི་རྣམ་པར་རྒྱང་ལྟ་བྱས་ཡོད།
རྒྱང་ལྟ་བྱེད་སྐབས་སྔོ་ལྗང་གི་ཁོར་ཡུག་མིག་མདུན་དུ་འཆར་ཞིང་། རི་རྩེའི་གད་སྙིགས་གཙང་སེལ་བྱེད་དཀའ་བའི་རྐྱེན་གྱིས་ཕྱིར་ལོག་བྱེད་སྐབས་ཁོང་གིས་འགྱིག་དམ་རྒྱ་མ་བཅུ་ཕྲག་ཁ་ཤས་རྒྱབ་ཏུ་ཁུར་ནས་ལམ་དུ་ཆས། ལམ་བར་དུ་ཁོང་གིས་སྔོན་ཆད་འདི་གར་སྐྱ་ཐེར་ཐེར་ཡིན་ཞིང་།ད་ཆ་ཤིང་འཛུགས་བྱས་པ་ལས་སྲོག་ཆགས་ཆུང་ཆུང་འགའ་རེ་མཐོང་རྒྱུ་ཡོད། ང་རང་ལྷོ་རིའི་སྤྱི་གླིང་གི་གནས་འདིར་ཧ་ཅང་དགའ།ངས་གནས་འདིར་མི་ཚེ་གཅིག་ཤིང་འཛུགས་ནགས་གསོ་བྱས་ནས་སྡོད་རྩིས་ཡོད་པ་སོགས་ཀྱི་སྐད་ཆ་དེ་དག་ཁོང་གིས་མི་གཅིག་ལ་བཤད་མྱོང་བ་ཙམ་མ་ཡིན་པར་མི་མང་ཆེ་བས་ཁོང་གིས་ལྷོ་རིའི་སྤྱི་གླིང་ལ་ཤིང་འཛུགས་ནགས་གསོ་བྱེད་བཞིན་པའི་གཏམ་རྒྱུད་ཐོས་མྱོང་ཡོད་པས། ཚང་མས་མཐེ་བོང་བསྒྲེངས་ནས་ཁོང་ལ་བསྔགས་བརྗོད་ཡང་ཡང་བྱེད་བཞིན་ཡོད།
ཁོང་གིས་ལོ་བརྒྱད་ཀྱི་རིང་ལ་རང་ཉིད་ཀྱི་ལས་གནས་བརྟན་སྲུང་བྱས་ཡོད། 2016ལོར་བཀྲ་ཤིས་ཆོས་འཕེལ་ཁོང་གླིང་ཁུལ་དུ་ལས་ཀ་བྱེད་པར་སླེབས་ཡོད།སྐབས་དེ་དུས་ལྷོ་རིའི་སྤྱི་གླིང་གི་ཤིང་འཛུགས་ནགས་གསོའི་ཚོད་ལྟའི་ལས་དོན་སྤེལ་ནས་ལོ་4སོང་ཡང་རི་སྟེང་དུ་ཤིང་མང་པོ་མེད་པའི་ཁར་དགུན་དུས་རླུང་བུ་ལྡང་སྐབས་ཐལ་རྡུལ་གྱིས་ཁེངས་ཀྱི་ཡོད།
2008ལོར།ལྷ་སའི་ཟམ་ཆེན་གྱི་ལྷོ་ངོས་རི་ལྡེབས་སུ་ཤིང་འཛུགས་ཀྱི་ཚོད་ལྟ་བྱས་པ་ལས་སྐྱེ་འཚར་ཡག་པོ་བྱུང་ཡོད། 2011ལོར།བོད་རང་སྐྱོང་ལྗོངས་ནགས་ཚལ་ཚན་རིག་ཞིབ་འཇུག་གླིང་གིས་ལྷ་སའི་སྐྱིད་ཆུའི་ལྷོ་ངོགས་སུ་ཆགས་པའི་བུམ་པ་རིའི་སྟེང་དུ་ཤིང་སོན་འདེབས་འཛུགས་ཀྱི་ཚོད་ལྟ་བྱས་ཡོད་ཅིང་།ཤིང་སོན་འདེམས་པ་དང་ནགས་བཟོ་བྱེད་སྟངས་ལ་ཚན་རིག་གི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། བཀྲ་ཤིས་ཆོས་འཕེལ་གྱིས་ལྷོ་རིའི་སྤྱི་གླིང་གི་བྲག་རྡོའི་གསེབ་ཏུ་ཤིང་འཛུགས་ཁག་པོ་ཡོད། ས་དོང་འདྲུ་སྐབས་གཏིང་ཚད་དང་ཞེང་ཚད་ལ་དོ་སྣང་ཆེན་པོ་བྱེད་དགོས། སྐབས་རེ་ད་དུང་གློག་གི་འབིགས་གསོར་ཁྱེར་ནས་ས་དོང་ག་ལེར་དྲུས་དགོས་ཀྱི་འདུག ལྷག་པར་དུ་ཡུལ་གཞན་ནས་དབོར་ཡོང་བའི་ས་རྒྱུར་དོ་སྣང་བྱེད་དགོས་ཀྱི་འདུག་ཅེས་བཤད།ཡུལ་གཞན་ནས་དབོར་ཡོང་བའི་ས་རྒྱུ་ནི་གནས་དེ་རང་གི་ས་མ་ཡིན་པར་ས་ཆ་གཞན་ནས་ས་དབོར་ཡོང་སྟེ་གནས་དེ་རང་གི་ས་དང་བརྗེ་ལེན་བྱས་པ་ཞིག་ཡིན། ལྷོ་རིའི་སྤྱི་གླིང་གི་ས་རྒྱུ་མང་ཆེ་བ་སྣེའུ་དང་རིག་གནས་བློ་གསར་གླིང་སོགས་ཀྱི་ས་ཆ་ནས་དབོར་ཡོང་བ་རེད། 2012ལོར། ལྷ་ས་གྲོང་ཁྱེར་གྱིས་ལྷོ་རིའི་སྤྱི་གླིང་གི་སྔོ་འགྱུར་ལས་གྲྭ་སྤེལ་འགོ་ཚུགས་ཡོད་ཅིང་། ལྷོ་རིའི་སྤྱི་གླིང་དེ་ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭའི་ཆ་ཤས་ཤིག་ཡིན་པའི་ངོས་ནས་བོད་རང་སྐྱོང་ལྗོངས་ཀྱི་ལུང་ཤུར་ཁུལ་ལ་གཞི་ཁྱོན་ཅན་གྱི་འབྱུང་ཁམས་འཛུགས་སྐྲུན་དང་ཉམས་གསོ་བྱེད་པའི་མཚོན་བྱེད་རང་བཞིན་གྱི་ལས་གྲྭ་ཐོག་མ་དེ་ཡིན་པ་རེད།
རི་སྟེང་དུ་རླངས་འཁོར་བསྐྱོད་ཐབས་མེད་པས། མིས་ཤིང་སོན་རྒྱབ་ཏུ་ཁུར་ནས་རི་སྟེང་ལ་འཛེགས་དགོས་ཀྱི་ཡོད། ཆུ་ཁུངས་ཀྱི་གནད་དོན་ཐག་གཅོད་བྱ་ཆེད།
(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社