ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ལྷ་ས་གྲོང་ཁྱེར་གྱི་ཡུལ་ཁོངས་ཡུལ་སྐོར་འཕེལ་རྒྱས་སྐུལ་འདེད་སྐུལ་སློང་ཚོཊ་ཆེན་གྱི་བླང་བྱ་གཞིར་བཟུང་།ཁྲེང་ཀོན་ཆུས་བར་སྐོར་ཁྲོམ་གཞུང་ཀླུ་སྒུག་སྡེ་ཁུལ་གྱི་ཏང་སྤྱི་ཁྱབ་ཀྲི་པུས་ཡུལ་སྐོར་བ་མང་བའི་དུས་ཚིགས་སུ་སླེབས་སྐབས“ཏང་འཛུགས་སྐྱོང་དང་དང་བླངས་པས་རིག་གནས་ཡུལ་སྐོར་ལ་ཞབས་ཞུ་སྒྲུབ་པའི”ཡུལ་སྐོར་བའི་ཞབས་ཞུའི་ས་ཚིཊ་བཙུགས་ནས་ཡུལ་སྐོར་བར་དྲོ་སྐྱིད་དང་འཐུས་སྒོ་ཚང་བའི་ཞབས་ཞུ་མཁོ་འདོན་བྱས་པ་རེད།
ཟླ་དྲུག་པའི་ལྷ་ས་ནི་ཡུལ་སྐོར་བ་མང་བའི་དུས་ཚིགས་ཡག་ཤོས་ཤིག་རེད། སྔ་དྲོའི་ཆུ་ཚོད་10པར་ཡུལ་སྐོར་བ་མི་ཉུང་བ་ཞིག་ཀླུ་སྒུག་སྲང་ལམ་དུ་ཕར་འགྲོ་ཚུར་འོང་བྱེད་པ་དང་ཡུལ་སྐོར་བའི་ཞབས་ཞུའི་ས་ཚིགས་དེ་ཀླུ་སྒུག་སྡེ་ཁུལ་གྱི་དམངས་ཕན་ཞབས་ཞུའི་ལྟེ་གནས་སུ་བཙུགས་ཡོད་པས་ཡུལ་སྐོར་བ་2ས་ཚིཊ་སུ་བསྐྱོད་དེ་ངལ་གསོ་རྒྱག་རྩིས་བྱེད་བཞིན་ཡོད་པ་རེད། ས་ཚིགས་ཀྱི་དང་བླངས་པས་འཕྲལ་དུ་ཁོང་ཚོར་ཆུ་དང་ཇ་མངར་མོ་བླུཊ་པར་མ་ཟད། ས་ཚིགས་ནང་ཁོང་ཚོར་སྤྱོད་ཆོག་པའི་དངོས་པོ་ངོ་སྤྲོད་བྱས་ཏེ་མཛེས་སྡུག་དང་དྲོ་སྐྱིད་ལྡན་པའི་ཐོག་ནས་ལྷ་ས་བས་མགྲོན་པོར་སེམས་རྩ་འཁོལ་པོས་སྣེ་ལེན་བྱེད་པའི་རྣམ་པའང་མངོན་པར་བྱས་ཡོད།ཁྲུང་ཆིང་ནས་ཡིན་པའི་ཡུལ་སྐོར་བ་ལིའུ་ཐིང་གིས་དེ་རིང་ཞོགས་པ་ཁྲུང་ཆིང་ནས་ལྷ་སར་སླེབས་པ་ཡིན། ཏག་ཏག་ས་ཚིགས་དེའི་ཉེ་འགྲམ་དུ་སྡོད་ཀྱི་ཡོད་པས། འདི་གར་ཡུལ་སྐོར་བའི་ཞབས་ཞུའི་ས་ཚིཊ་ཡོད་པ་མཐོང་བྱུང་། ས་ཚིཊ་ཀྱིས་མཁོ་འདོན་བྱས་པའི་ཇ་མངར་མོ་ཞིམ་པོ་འདུག་ལ་རིན་པ་ཡང་སྤྲོད་མི་དགོས་པར་གསོ་རླུང་རྔུབ་ཆོག་གི་འདུག་པས་ཡུལ་སྐོར་བ་ཞིག་ཡིན་པའི་ངོས་ནས་བརྗོད་ན་ཧ་ཅང་དྲོ་སྐྱིད་ལྡན་པའི་ཚོར་སྣང་ཞིག་སྦྱིན་བྱུང་ཞེས་བཤད།
གསར་འགོད་པས་ཤེས་རྟོཊ་བྱུང་བར་གཞིགས་ན། ས་ཚིགས་ནང་སྤུས་ལེགས་ཀྱི་སྒྲོག་ཙེ་དང་རྐུབ་སྟེཊ་བཞག་ཡོད་ཅིང་། འཐུང་ཆུའི་འཕྲུལ་ཆས་དང་། གློག་གསོག་ཆས། དཔེ་དེབ། གསོ་རླུང་གི་དབུགས་དམ། ཁྲག་ཤེད་མཇལ་ཆས་སོགས་ཡུལ་སྐོར་བར་རིན་མེད་ངང་མཁོ་འདོན་བྱས་པ་དང་སྦྲགས། སྡེ་ཁུལ་གྱིས་ད་དུང་ཏང་ཡོན་དང་བླངས་པ་རྣམས་ཡུལ་སྐོར་བའི་འཛུལ་སྒོ་དང་། ཐོན་སྒོ། ཀླུ་སྒུག་ལམ་རྒྱུད་སོགས་མཛེས་ལྗོངས་ཁུལ་དུ་ཤེས་དཔལ་ལྡན་པའི་ཡུལ་སྐོར་ཁྲིད་སྟོན་དང་དང་བླངས་ཞབས་ཞུའི་བྱེད་སྒོ་བཀོད་སྒྲིག་བྱས་ཏེ“མཛའ་བརྩེའི་རྣམ་པ”དང“དྲོ་སྐྱིད་ལྡན་པའི་རྣམ་པའི”ཞབས་ཞུའི་བརྒྱུད་རིམ་ཧྲིལ་པོ་དང་ལྷུ་ཚིགས་ཁག་ཁྱབ་པར་བྱས་ཡོད།
(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社