分享按钮

ཆུ་ཤུར་རྫོང་གིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ལས་དོན་གཏིང་ཟབ་ཏུ་སྤེལ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས་བཀྲམ་པའི《ཏང་ཡོངས་སུ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ལས་དོན་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོའི》དགོངས་དོན་ལག་ལེན་མཐར་ཕྱིན་བྱ་ཆེད། ཆུ་ཤུར་རྫོང་གིས་གང་སར་སློབ་སྦྱོང་གི་ཚ་རླབས་འཕྱུར་བའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་ཏང་ཡོན་ལས་བྱེད་པའི་དད་མོས་ཀྱི་རྨང་གཞི་བརྟན་དུ་གཏོང་བ་དང་། སྙིང་སྟོབས་ཆེ་རུ་གཏོང་བ། བསམ་བློ་བརྟན་དུ་གཏོང་བ་བཅས་ལ་ཁྲིད་སྟོན་བྱས་ཏེ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ལས་དོན་གཏིང་ཟབ་ཏུ་སྤེལ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་བ་རེད།

སློབ་སྦྱོང་ལ་གཞི་ཚུགས་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ལས་དོན་ནུས་ཤུགས་ཡོད་རྒུས་བསྒྲུབས་པ།

ཏང་ཨུད(ཏང་ཙུའུ)ཀྱིས་སྣེ་འཁྲིད་པའི་ཐད། མཉམ་དུ་སློབ་སྦྱོང་བྱས་པ་སྟེ། ཏང་ཨུད(ཏང་ཙུའུ)ཁག་གིས་སྣེ་འཁྲིད་ཀྱི་ནུས་པ་འདོན་པ་དང་། སྔོན་ལ་སྦྱོང་གང་ཐུབ། གཏིང་ཟབ་སྦྱོང་གང་ཐུབ་བཅས་བྱས་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ལས་དོན་སྤེལ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》སོགས་ཀྱི་ནང་དོན་རྣམས་རིགས་པའི་གཞུང་ལུགས་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་གི་ནང་དོན་དུ་བཅུག་སྟེ་སློབ་སྦྱོང་བྱས་ཤིང་། རིགས་པའི་གཞུང་ལུགས་ལྟེ་བའི་ཚོགས་ཆུང་གིས་སློབ་སྦྱོང་ཐེངས་79བྱས་པར་མི་ཐེངས་994ཞུགས་པ་དང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་དཔེ་ཀློག་འཛིན་གྲྭ་ཐེངས་30གཉེར་བར་མི་ཐེངས་658ཞུགས་པ་རེད། ཞིབ་བསྡུར་བྱས་པ་སྟེ། འབྲེལ་ཡོད་ཆེད་ལས་མི་སྣ་གདན་དྲངས་ནས《སྲོལ་ཡིག》ལ་འགྲེལ་བཤད་ཐེངས་6བརྒྱབ་པར་མི་ཐེངས་179ཞུགས་པ་དང་། མཉམ་དུ་སློབ་སྦྱོང་དང་སྒེར་གྱི་རང་སྦྱོང་སོགས་ཀྱི་བྱ་ཐབས་སྤྱོད་དེ་ལུས་སེམས་རྣལ་དུ་ཕབ་ནས《སྲོལ་ཡིག》སློབ་སྦྱོང་བྱས་ཚུལ་ལ་ཞིབ་བསྡུར་ཐེངས་37བྱས་པར་མི་ཐེངས་422ཞུགས་པ་རེད། བགྲོ་གླེང་ཚོགས་འདུའི་ཐོག ཚོགས་ཞུགས་མི་སྣས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ལས་ཐོབ་པའི་མྱོང་ཚོར་སྐོར་གླེང་བ་དང་། ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཕྱིས་འབྱུང་གི་འཆར་གཞི་གླེང་བས་ཏང་ཡོན་ལས་བྱེད་པས་སྒྲིག་ཁྲིམས་དང་བཅའ་ཁྲིམས་རྟོགས་ཚད་སྔར་བས་ཟབ་ཏུ་ཕྱིན་པ་དང་། ལས་ཀའི་བསམ་ཕྱོགས་སྔར་བས་གསལ་དུ་ཕྱིན་པ། རང་ཉིད་གསར་བརྗེ་སྔར་བས་ཡག་ཏུ་ཕྱིན་ཡོད་པ་རེད།

གཞི་རིམ་རྩ་འཛུགས་ཀྱིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་སློབ་སྦྱོང་བྱས་པའི་ཐད། ཚད་དང་ལྡན་པར་སྦྱངས་པ་སྟེ། ཏང་ཀྲི་པུའུ་280ཡིས་རང་ངོས་ཀྱི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱས་ནས་སློབ་སྦྱོང་གི་འཆར་གཞི་དང་། སློབ་སྦྱོང་གི་ལས་འགན། སློབ་སྦྱོང་གི་དམིགས་འབེན་བཅས་ཁ་གསལ་བཟོས་ཤིང་། དུས་མཚམས་ཕྱེ་སྟེ་འཆར་གཞི་ཡོད་པའི་སྒོ་ནས་སློབ་སྦྱོང་ལ་ཕན་འབྲས་ཐོན་རྒྱུར་འབད་པ་ཧུར་ཐག་བྱས་པ་རེད། ཀྲི་པུའུ་ཧྲུའུ་ཅིས་ལས་རིགས་དང་ཁྱབ་ཁོངས། སྡེ་ཚན་བཅས་ཀྱི་ལས་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱེད་ཞོར།《སྲོལ་ཡིག》ལ་དམིགས་ནས་སྒྲིག་ཁྲིམས་སློབ་ཁྲིད་ཐེངས་34བྱས་པར་མི་ཐེངས་669ཞུགས་པ་དང་། ཏང་གི་གཙོ་དོན་ཉིན་མོའི་རྣམ་པའི་ཐོག་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ཐེངས་31སྤེལ་བར་མི་ཐེངས་431ཞུཊ་པ་རེད། གྲོང་ཚོའི(སྡེ་ཁུལ)བྱེད་སྒོ་སྤེལ་ཡུལ་གྱི་ཏང་ཡོན་སློབ་གསོའི་གཡུལ་ས་གཙོ་བོའི་ནུས་པ་གང་ལེགས་བཏོན་ཏེ། གཞི་རིམ་གྱི་སྒྲོག་འགྲེལ་པའི་དཔུང་ཁག་བཙུཊ་ནས་སྒྲོག་འགྲེལ་བྱེད་སྒོ་ཐེངས་61སྤེལ་ཞིང་། ཕན་པ་ཐོབ་པའི་ཏང་ཡོན་གྱི་གྲངས་1200ལྷག་ཙམ་ཟིན་ཡོད་པ་རེད།

(པར་ངོས་གཉིས་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-10 6 6 拉萨日报藏文 c182338.html 1 ཆུ་ཤུར་རྫོང་གིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ལས་དོན་གཏིང་ཟབ་ཏུ་སྤེལ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་བ། /enpproperty-->