ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྷ་ས་གྲོང་ཁྱེར་གྱི་སློབ་འབྲིང་སློབ་མའི“བསྐྱར་དར་རྟགས་ཅན་གྱི་མྱུར་བགྲོད་མེ་འཁོར་ལ་བསྡད་ནས་བོད་ལ་ཡུལ་སྐོར་བྱེད”ཅེས་པའི་ཞིབ་འཇུག་སློབ་སྦྱོང་གི་བྱེད་སྒོ་མཇུག་འགྲིལ་བ་རེད།
བྱེད་སྒོའི་རིང་། སློབ་མ་ཚོར་འགྲོ་སའི་གནས་མང་པོ་ཡོད་ཅིང་། ཁོང་ཚོ་དང་ཐོག་ཆུ་ཤུར་རྫོང་ཚལ་སྣ་ཤང་རྒྱལ་ཁབ་དེང་རབས་ཞིང་ལས་དཔེ་སྟོན་གླིང་ཁུལ་དུ་ཕྱིན་ནས་ཚན་རྩལ་འགྲེམས་ཁང་དང་། ཞིང་ལས་ཚན་རྩལ་ཁྱབ་གདལ་འགྲེམས་ཁང་སོགས་ལ་ལྟ་སྐོར་བྱས་ཏེ་དེང་རབས་ཞིང་ལས་འཕེལ་རྒྱས་འགྲོ་ཚུལ་ལ་རྒྱུས་ལོན་གཏིང་ཟབ་བྱས་པ་དང་། དེ་ནས་ལྷོ་ཁའི་རྟེན་རྫས་བཤམས་མཛོད་ཁང་དུ་ཁོང་ཚོས་ལོ་རྒྱུས་ཀྱི་འཕོ་འགྱུར་ཐད་ཀར་མྱོང་ཚོར་བྱས་པ་རེད། བསྐྱར་དར་རྟགས་ཅན་གྱི་ས་མཐོའི་གློག་ཁུངས་གཉིས་ཀྱི་སྒུལ་ཤུགས་མེ་འཁོར་ལ་བསྡད་པ་ལས་སློབ་མ་ཚོས་འགྲིམ་འགྲུལ་འཕེལ་རྒྱས་ཀྱི་གྲུབ་འབྲས་མྱོང་ཚོར་ཟབ་མོ་བྱུང་ཡོད།
ཐེངས་འདིའི་ཞིབ་འཇུག་སློབ་སྦྱོང་བྱེད་སྒོ་དེ་ལྷ་ས་གྲོང་ཁྱེར་སློབ་གསོ་ཅུས་ཀྱིས་གཙོ་གཉེར་བྱས་པ་དང་། ལྷ་ས་གྲོང་ཁྱེར་གཞོན་ནུ་ལོ་ཆུང་གི་དཔེ་སྟོན་རང་བཞིན་གྱི་ཕྱོཊ་བསྡུས་ལག་ལེན་རྟེན་གཞིས་གཉེར་འགན་འཁུར་བ་ཞིག་ཡིན། དེའི་དམིཊ་ཡུལ་ནི་སློབ་མས་རྒྱལ་ཁབ་དང་མི་དམངས་ཀྱི་བདེ་སྐྱིད་འདུ་ཤེས་ལ་གོ་བ་གཏིང་ཟབ་ལེན་པ་དང་། རྒྱལ་གཅེས་ཡུལ་གཅེས་ཀྱི་བརྩེ་བ་གསོ་སྐྱོང་བྱས་ཏེ་ཕྱོགས་བསྡུས་ཀྱི་བྱང་ཚད་མཐོ་རུ་གཏོང་བ་དང་ཡང་དག་པའི་འབྱུང་ཁམས་ཀྱི་ལྟ་བ་འཛུཊ་རྒྱུ་དེ་རེད། བྱེད་སྒོར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས་སློབ་མ་ཚོའི་ཤེས་རྒྱ་ཕུན་སུམ་ཚོགས་སུ་ཕྱིན་པར་མ་ཟད། ལག་ལེན་གྱི་ནུས་པ་དང་། ཚོགས་པའི་རོགས་ལས། རིན་ཐང་ལྟ་བ་མཚོན་ལུགས་སོགས་ཀྱི་ཐད་ནུས་པ་ཆེན་པོ་ཐོན་ཡོད། བྱེད་སྒོ་མཇུག་འགྲིལ་རྗེས་སློབ་མ་ཚོས་གཅིག་རྗེས་གཉིས་མཐུད་ངང་གྲུབ་འབྲས་ཀྱིས་ཁེངས་པའི་རྣམ་འགྱུར་བསྟན་ནས་རྩ་ཆེའི་ཉམས་མྱོང་དང་མྱོང་ཚོར་དེ་དག་འཚར་ལོངས་ཀྱི་སྒུལ་ཤུགས་སུ་འགྱུར་བར་བྱ་རྒྱུ་ཡིན་ཞེས་བཤད།
ཐེངས་འདིའི་ཞིབ་འཇུག་དང་སློབ་སྦྱོང་བྱེད་པའི་བྱེད་སྒོའི་དུས་ཡུན་ཉིན་7ཡིན་པ་དང་། ལྷ་ས་གྲོང་ཁྱེར་པེ་ཅིང་སློབ་འབྲིང་དང་། ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་། ལྷ་ས་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གསུམ་པ་བཅས་ནས་ཡོང་བའི་དགེ་སློབ་150བྱེད་སྒོའི་ནང་ཞུགས་ཡོད་པ་རེད།
(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社