分享按钮

རང་གྲོང་གིས་སླར་ཡང་དམངས་ཕན་འཛད་སྤྱོད་ཀྱི་འཛིན་ཤོག་སྤྲད་པ།

(པར་ངོས་དང་པོར་མཐུད)ཁྲེང་ཀོན་ཆུས་དཔལ་འབྱོར་དང་ཆ་འཕྲིན(ཚོང་དོན)ཅུས་ཀྱི་ཅུས་ཀྲང་བསྟན་འཛིན་ཆོས་སྒྲོན་གྱིས་ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་གུང་གསེང་རིང་།ཁྲེང་ཀོན་ཆུས་ཀྱིས་གྲོང་ཁྱེར་ཤར་འདབས་ཀྱི་ཝན་ཏ་ཐང་ཆེན་དང་། དགའ་སྐྱིད་གླིང་ཐང་ཆེན། གྲོང་བྱང་གནམ་ས་གསར་པ། བོད་སྐོར་ཡུལ་སྐོར་བཅས་སུ་ཚོང་སྐོར་རླངས་འཁོར་འགྲེམས་འཚོང་འདུ་ཚོགས་གཉེར་ནས་རླངས་འཁོར་གསར་པ་ཉོ་བར་ཁ་གསབ་མུ་མཐུད་སྤྲོད་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད་པ་རེད།

ལྷ་ས་ཁང་ཏ་རླངས་འཁོར་ཚོང་དོན་གྱི་ཏུང་ཧྲི་ཀྲང་གི་ལས་རོགས་དབྱང་ཝུན་ཤིན་གྱིས་སྲིད་གཞུང་གིས་དམངས་ཕན་འཛད་སྤྱོད་ཀྱི་སྲིད་ཇུས་རབ་དང་རིམ་པ་བཏོན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་ལྟ་རླངས་འཁོར་ཉོ་མཁན་མངོན་གསལ་དོད་པོས་མང་དུ་ཕྱིན་པ་དང་ང་ཚོའི་རླངས་འཁོར་ཕྱིར་འཚོང་ཁེ་ལས་ཀྱིས་ཀྱང་བབ་བསྟུན་གྱི་བྲིན་སྐུལ་གཟིགས་སྐྱོང་བྱེད་སྒོ་ཧུར་ཐག་སྤེལ་ནས་འཛད་སྤྱོད་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཕུལ་ཡོད་ཅེས་བཤད་པ་རེད།

(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-09 6 6 拉萨日报藏文 c182275.html 1 རང་གྲོང་གིས་སླར་ཡང་དམངས་ཕན་འཛད་སྤྱོད་ཀྱི་འཛིན་ཤོག་སྤྲད་པ། /enpproperty-->