(པར་ངོས་དང་པོར་མཐུད)ཕ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོའི་ལྟེ་བའི་ཁེ་ཕན་དང་དོ་ཁུར་ཆེན་པོ་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཀྲུང་གོར་ཡུན་རིང་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།ཀྲུང་གོ་ཕྱོགས་ཀྱིས་ཀྱང་སྔར་བཞིན་ཕ་ཁི་སི་ཐན་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་དང་།ཕ་ཁི་སི་ཐན་ཕྱོགས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུར་རྒྱབ་སྐྱོར་བྱ་རྒྱུ།ཕ་ཁི་སི་ཐན་ཕྱོགས་ཀྱིས་འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་གཏོང་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན།ཀྲུང་གོ་ཕྱོགས་ཀྱིས་སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱ་རྒྱུ་དེ་ཕ་ཁི་སི་ཐན་ཕྱོགས་ཀྱི་འཕེལ་རྒྱས་འཆར་འགོད་འབྲེལ་མཐུད་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། ཡུལ་བབ་དང་བསྟུན་ནས་ཞིང་ལས་དང་།གཏེར་ལས།སྤྱི་ཚོགས་དམངས་འཚོ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་སྤེལ་ཏེ་ཀྲུང་ཕ་དཔལ་འབྱོར་བར་ཁྱམས་རིམ་སྤོར་པར་གཞི་གཏོད་རྒྱུ་ལྟེ་བར་བྱས་ནས་འཕར་སྣོན་དང་།དམངས་འཚོ།གསར་གཏོད།འབྱུང་འཕྲོད།སྒོ་དབྱེ་བཅས་ཀྱི་བར་ཁྱམས་ཆེན་པོ་ལྔ་མཉམ་སྐྲུན་བྱས་ཏེ་སྤུས་ཚད་མཐོ་བའི་ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་གཏིང་ཟབ་དང་དངོས་སུ་སྤེལ་རྒྱུར་སྐུལ་འདེད་བཏང་ནས་ཕ་ཁི་སི་ཐན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རོགས་རམ་བྱེད་འདོད་ཡོད།ཕ་ཁི་སི་ཐན་ཕྱོགས་ཀྱིས་བདེ་འཇགས་དང་།བརྟན་པོ།སྔོན་དཔག་ཐུབ་པ་བཅས་ཀྱི་ཚོང་གཉེར་ཁོར་ཡུག་མུ་མཐུད་གཏོད་ནས་ཕ་ཁི་སི་ཐན་དུ་ཡོད་པའི་ཀྲུང་གོ་ཕྱོགས་ཀྱི་མི་སྣ་དང་།རྣམ་གྲངས།སྒྲིག་གཞི་བཅས་ཀྱི་བདེ་འཇགས་འགན་ལེན་ཏན་ཏིག་བྱ་རྒྱུའི་རེ་བ་ཡོད།ཀྲུང་གོ་ཕྱོགས་ཀྱིས་ཕ་ཁི་སི་ཐན་ཕྱོགས་དང་མཉམ་འབྲེལ་རྒྱལ་ཚོགས་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་སོགས་ཕྱོགས་མང་ལམ་སྲོལ་ནང་མཐུན་སྦྱོར་གཞོགས་འདེགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་།འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་ཁོང་ཡངས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བར་ཐུན་མོང་ཐོག་སྐུལ་འདེད་གཏོང་བ།འཕེལ་རྒྱས་ཀྱི་གྲོས་རིམ་ལ་དམིགས་པ།བདེ་འཇགས་ཀྱི་འགྲན་སློང་ལ་ཁ་གཏད་གཅོག་པ།གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་དང་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱེད་འདོད་ཡོད་ཅེས་ནན་གསུངས་གནང་བ་རེད།
ཞ་པ་ཚིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག་ཀྲུང་གོས་དབུལ་སྒྲོལ་དང་།རུལ་སུངས་ལ་ངོ་རྒོལ་དང་འཕེལ་རྒྱས་བཅས་ཀྱི་ཐད་འཛམ་གླིང་གིས་དོ་སྣང་བྱེད་པའི་གྲུབ་འབྲས་རླབས་ཆེན་བཏོད་ཡོད།ཀྲུའུ་ཞི་ཞི་ཅིན་ཕིང་གི་གཟིགས་རྒྱང་རིང་བ་དང་ཕུལ་དུ་བྱུང་བའི་འགོ་ཁྲིད་ནུས་པར་ཕ་ཁི་སི་ཐན་གྱི་མི་དམངས་དང་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་སྙིང་ཐག་པ་ནས་གུས་བཀུར་དང་གདེང་འཇོག་མཐོན་པོ་བྱེད་ཀྱི་ཡོད།ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིའི་རིགས་ཡོངས་ཀྱི་བདེ་སྐྱིད་ལ་དམིགས་ནས་འཛམ་གླིང་ཞི་བདེར་སྐུལ་འདེད་ཧུར་ཐག་བཏང་བ་དང་། སྐད་ཆ་ཤོད་རེས་བྱེད་པ་ལས་འགྲན་རྒོལ་མི་བྱེད་པའི་འདོད་ཚུལ་འཛིན་གྱི་ཡོད། རྒྱུད་གཅིག་ལམ་གཅིག་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ། གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཅས་མཉམ་དུ་བསྐྲུན་ནས་དེང་སྐབས་འཛམ་གླིང་ལ་འཕྲད་པའི་གནད་དོན་ཐག་གཅོད་དང་དེ་བས་ཞི་བདེ་དང་མཛེས་སྡུག་ལྡན་པའི་འཛམ་གླིང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་འཐབ་ཇུས་ཀྱི་སྣེ་ཁྲིད་མཁོ་འདོན་བྱས་ཡོད་པས་ཕ་ཁི་སི་ཐན་ཕྱོགས་ཀྱིས་ཚད་མཐོའི་བསྔགས་བརྗོད་བྱེད་པ་དང་འབྲེལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཀྲུང་ཕ་དཔལ་འབྱོར་བར་ཁྱམས་ཀྱིས་ཕ་ཁི་སི་ཐན་གྱི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་བ་དང་ཕ་ཁི་སི་ཐན་གྱི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་བདེ་སྐྱིད་བསྐྲུན་ཡོད།ཕ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོའི་རྒྱལ་སྐྱོང་སྲིད་སྐྱོང་གི་ཉམས་མྱོང་ལ་སློབ་སྦྱོང་དང་དེ་དཔྱད་གཞིར་འཛིན་ནས་ཀྲུང་གོ་ཕྱོགས་དང་སྤུས་ཚད་མཐོ་བའི་སྒོ་ནས་མུ་མཐུད་རྒྱུད་གཅིག་ལམ་གཅིག་མཉམ་དུ་བསྐྲུན་ཏེ་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུ་ཡིན། འདི་ལོའི་ཟླ་3པར་ཏ་སུའུ་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ལས་ཀྲུང་གོ་ཕྱོགས་ཀྱི་མི་སྣ་རྐྱེན་ལམ་དུ་ཤོར་བར་ཕ་ཁི་སི་ཐན་སྲིད་གཞུང་གིས་སླར་ཡང་མྱ་ངན་ཞུ་རྒྱུ་དང་གྱོད་གཞི་དང་འབྲེལ་བ་ཡོད་པའི་འཇིགས་སྐུལ་པར་རྡུང་རྡེག་མཐའ་གཅིག་ཏུ་གཏོང་བ་དང་འབྲེལ་ཆད་གཅོད་ནན་པོ་གཏོང་རྒྱུ་དང་བྱ་ཐབས་ནུས་ལྡན་སྤྱད་དེ་ཕ་ཁི་སི་ཐན་དུ་ཡོད་པའི་ཀྲུང་གོ་ཕྱོགས་ཀྱི་མི་སྣ་དང་སྒྲིག་གཞིའི་བདེ་འཇགས་འགན་ལེན་བྱ་རྒྱུ་ཡིན། ཀྲུང་གོའི་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་བར་བཀག་འགོག་བྱེད་ཐུབ་པའི་སྟོབས་ཤུགས་གང་ཡང་མེད་ལ་ཕ་ཁི་སི་ཐན་དང་ཀྲུང་གོའི་མཛའ་གྲོགས་ལ་གཡོ་འགུལ་ཐེབས་ཐུབ་པའི་སྟོབས་ཤུགས་ཀྱང་གང་ཡང་མེད་པ་ངས་བསྐྱར་བསྒྲགས་བྱེད་འདོད་ཡོད། ཕ་ཁི་སི་ཐན་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོས་བློས་འགེལ་ཆོག་པའི་གྲོགས་པོ་དང་རོགས་ཟླ་བྱ་རྒྱུ་ཡིན།ཀྲུང་གོ་གཅིག་གི་རྩ་དོན་དང་ཐའེ་དབན་ནི་ཀྲུང་གོའི་མངའ་ཁོངས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་ནི་ཕ་ཁི་སི་ཐན་སྲིད་གཞུང་གིས་བློ་བརྟན་འགྱུར་མེད་ཀྱི་ཁས་ལེན་བྱེད་ཀྱི་ཡོད།ཕ་ཁི་སི་ཐན་ཕྱོགས་ཀྱིས་ཐའེ་དབན་དང་། བོད་ལྗོངས། ཤིན་ཅང་། ལྷོ་རྒྱ་མཚོ་སོགས་ཀྱི་ལྟེ་བའི་ཁེ་ཕན་གྱི་གནད་དོན་ཚང་མའི་ཐད་ཀྱི་ཀྲུང་གོའི་ལངས་ཕྱོགས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
ཝང་དབྱི་དང་ཀྲང་ཡིའུ་ཞ་མཇལ་འཛོམས་གནང་བར་ལྷན་དུ་ཕེབས་ཡོད།
(བུ་ཆུང་དང་ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社