(པར་ངོས་དང་པོར་མཐུད)གསར་གཏོད་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་གཏོང་བ། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་གྲོས་འགོ་དེ་པར་ཙིར་གྱི་བཟོ་ལས་ཅན་བསྐྱར་མ་དང་། “ཨ་མེ་རི་ཁ་ལྷོ་མའི་གཞི་གཅིག་ཅན་གྱི་ལམ་ཕྱོགས”སོགས་འཕེལ་རྒྱས་འཐབ་ཇུས་དང་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་བཅས་ཡིན། ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ནས་ལོ་ངོ་50འཁོར་བར་རྟེན་འབྲེལ་ཞུ་བའི་གོ་སྐབས་དམ་འཛིན་བྱས་ཏེ་ཁྲིམས་འཛུགས་ཀྱི་སྒྲིག་གཞི་དང་། སྲིད་ཏང་། ས་གནས། རིག་གནས། སློབ་གསོ། ཡུལ་སྐོར། གཞོན་ནུ་སོགས་ཁྱབ་ཁོངས་ཁག་གི་སྤེལ་རེས་དང་མཉམ་ལས་ལ་ཁྱོན་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་ཀྲུང་པར་མཉམ་ལས་ཀྱི་མཛའ་གྲོགས་ཀྱི་འབྲེལ་བའི་སྟོབས་ཤུགས་དེ་བས་མང་བ་གཅིག་སྡུད་བྱས་ནས་འདེགས་སྐྱོར་ནུས་ལྡན་དེ་བས་མང་བ་མཁོ་འདོན་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་པར་ཙིར་གྱིས་རྒྱལ་སྤྱིའི་གར་སྟེགས་ཐོག་ནུས་པ་དེ་བས་ཆེ་བ་འདོན་སྤེལ་བྱ་རྒྱུར་རྒྱབ་སྐྱོར་དང་པར་ཙིར་གྱིས་ད་ལོའི་རྒྱལ་ཁབ་ཉི་ཤུའི་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ཡག་པོ་གཉེར་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་དང་པར་ཙིར་ཚུད་པའི་ལ་ཏིང་མེ་གླིང་གི་ཐུན་མོང་སྒྲིག་གཞིའི་ཕྱོགས་ཁག་དང་འབྲེལ་གཏུག་དམ་ཟབ་བྱས་ནས་དུས་རབས་གསར་པའི་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་འབྲེལ་བ་སྔར་བས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་ནན་གསུངས་གནང་བ་རེད།
ཨར་ཁེ་མིང་གིས་སྲིད་འཛིན་ལུའུ་ལ་ཡིས་ཞི་ཅིན་ཕིང་ལ་བྱམས་བརྩེའི་འཚམས་འདྲི་གནང་བ་བརྒྱུད་བསྒྲགས་བྱས་ཤིང་། ཁ་སང་ང་དང་ཀྲུའུ་ཞི་གཞོན་པ་ཧན་ཀྲེང་གཉིས་ཀྱིས་པར་ཙིར་དང་ཀྲུང་གོའི་མཐོ་རིམ་མཐུན་སྦྱོར་དང་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བདུན་པ་གྲུབ་འབྲས་ཐོབ་པའི་ངང་གཙོ་སྐྱོང་གནང་ནས་འཚོགས་པ་དང་དེར་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་ཡོད། ཉེ་བའི་ལོ་ཤས་རིང་། ཀྲུང་གོའི་མི་དམངས་དུང་ཕྱུར་ཁ་ཤས་དབུལ་ཕོངས་ལས་ཐར་བ་དེ་འཛམ་གླིང་གི་ངོ་མཚར་ཞིག་ཡིན་ཞེས་བརྗོད་ཆོག་ལ་འབྲེལ་ཡོད་ཉམས་མྱོང་དེ་པར་ཙིར་ལ་དཔྱད་གཞིར་འཛིན་པའི་དོན་སྙིང་གལ་ཆེན་ལྡན་ཡོད། པར་ཙིར་སྲིད་གཞུང་གིས་བསྟུན་མཁས་དང་མུ་མཐུད་འཕར་རྒྱུར་གཞོལ་ནས་ཀྲུང་གོ་ཕྱོགས་དང་འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་རྒྱག་འདོད་ཡོད་ལ་ཀྲུང་གོའི་ཁེ་ལས་དེ་བས་མང་བ་པར་ཙིར་ལ་མ་འཇོག་བྱེད་པར་ཕེབས་ནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ཞིང་ལས། གཏེར་ཁ། ནུས་རྒྱུ་གསར་པའི་རླངས་འཁོར་བཅས་དང་དེ་བཞིན་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད། པར་ཙིར་དང་ཀྲུང་གོ་གཉིས་ཀས་ཕྱོགས་མང་རིང་ལུགས་དང་རང་མོས་ཚོང་དོན་སྲུང་སྐྱོང་བྱ་རྒྱུར་གཞོལ་བཞིན་ཡོད་པས་གནད་དོན་གལ་ཆེན་མང་པོའི་ཐད་འདུ་ཤེས་གཅིག་མཚུངས་ཡིན་པ་དང་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེ་བ། མདུན་ལམ་རྒྱ་ཆེན་པོ་ཡོད་པ་བཅས་རེད། པར་ཙིར་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ནས་ལོ་ངོ་50འཁོར་བ་དེ་འགོ་འཛུགས་ས་གསར་པར་བྱས་ཏེ་ཀྲུང་གོ་ཕྱོགས་དང་ཐུན་མོང་ཐོག་འབད་བརྩོན་བྱས་ནས་ཕྱོགས་གཉིས་དང་ཕྱོགས་མང་གི་འཐབ་ཇུས་མཉམ་ལས་དམ་ཟབ་བྱས་ཏེ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་མཐོ་ཚད་གསར་པར་སླེབས་རྒྱུར་འབད་བརྩོན་བྱས་ནས་དེ་བས་ཞི་བདེ་དང་། དྲང་གཞག རྒྱུན་མཐུད་བཅས་ཀྱི་འཛམ་གླིང་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་འབུལ་འདོད་ཡོད་ཅེས་གསུངས་པ་རེད།
ཝང་དབྱི་མཇལ་འཛོམས་ལ་ཞུགས་པ།
(དཔལ་སྐྱབས་རྒྱལ་དང་ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社