分享按钮

རྒྱལ་ཁབ་མང་པོའི་ཚན་རིག་མཁས་ཅན་གྱིས་མཉམ་འབྲེལ་ཐོག་བོད་ལྗོངས་གནམ་མཚོ་རུ་ཚན་རིག་རྟོག་ཞིབ་བྱས་པ།

(པར་ངོས་དང་པོར་མཐུད)ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོའི་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ཝང་ཅུན་པོ་ཡིས་ད་ཐེངས་སྤེལ་བའི་གནམ་མཚོའི་ཚན་རིག་རྟོག་ཞིབ་ནི་རྒྱལ་སྤྱིའི་སྐམ་ས་ཆེན་མོའི་ཚན་རིག་གསོར་འབིགས་རྩད་ཞིབ་འཆར་གཞིའི(ICDP)ཁྲོད་ཀྱི་རྣམ་གྲངས་ཤིག་ཡིན་པ་དང་། མཉམ་འབྲེལ་ཚན་རིག་རྟོག་ཞིབ་རུ་ཁག་གིས་གནམ་མཚོའི་གནས་གསུམ་ལ་དམིགས་ནས་རིང་ཚད་སྨི་1000ཙམ་ཡོད་པའི་མཚེའུ་ཡི་བྲག་སྙིང་འབིགས་རྩིས་ཡོད་པར་མ་ཟད། དེའི་ནང་གི་གནས་གཅིག་ནས་མཚེའུ་ཡི་གཏིང་མཐིལ་ལ་སླེབས་རྒྱུའི་རེ་བ་བཅངས་ཡོད་པ་རེད། དེ་དང་ཆབས་ཅིག་ཐེངས་འདིའི་གནམ་མཚོ་ཡི་བྲག་སྙིང་གསོར་འབིགས་རྩད་ཞིབ་ནི་ད་བར་གོ་ལ་ཧྲིལ་པོའི་ས་བབ་མཐོ་ཤོས་ཀྱི་ICDPགསོར་འབིགས་རྩད་ཞིབ་རྣམ་གྲངས་ཤིག་ཡིན་ཞིང་། གསོར་འབིགས་རྩད་ཞིབ་ཐད་སྤྱོད་པའི་སྟེགས་བུ་དང་། གསོར་འབིགས་འཕྲུལ་འཁོར་དང་དེ་བཞིན་གསོར་འབིགས་རྩད་ཞིབ་ལག་རྩལ་མི་སྣ་གཙོ་བོ་ཚང་མ་རང་རྒྱལ་ནས་ཡིན་པ་དང་། དེ་ལས་ཐོབ་པའི་བྲག་སྙིང་དེ་རང་རྒྱལ་དུ་ཡུན་རིང་ཉར་ཚགས་བྱ་རྒྱུ་ཡིན་པ་རེད།

ཝང་ཅུན་པོ་ཡིས་ཚན་རིག་མཁས་ཅན་གྱིས་མཚེའུ་ཡི་བསགས་སྙིགས་དངོས་པོ་འཚོལ་བསྡུ་བྱས་པ་བརྒྱུད་འབྲེལ་ཡོད་དབྱེ་ཞིབ་དང་ཞིབ་འཇུག་བྱས་ཚེ་བསགས་སྙིགས་དངོས་པོ་ཆགས་སྐབས་ཀྱི་གནམ་གཤིས་གནས་ཚུལ་ལྡོག་རྩིས་བྱེད་ཐུབ། དེ་ནི་གནའ་བོའི་གནམ་གཤིས་དང་གནའ་བོའི་ཁོར་ཡུག་བསྐྱར་སྐྲུན་ཞིབ་འཇུག་ཅིག་རེད། གསོར་འབིགས་རྩད་ཞིབ་བྱས་པ་བརྒྱུད་བསགས་སྙིགས་དངོས་པོའི་ནང་ནས་བླངས་པའི་ཀ་དབྱིབས་མ་དཔེ་ནི་བྲག་སྙིང་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།

(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-09 6 6 拉萨日报藏文 c182268.html 1 རྒྱལ་ཁབ་མང་པོའི་ཚན་རིག་མཁས་ཅན་གྱིས་མཉམ་འབྲེལ་ཐོག་བོད་ལྗོངས་གནམ་མཚོ་རུ་ཚན་རིག་རྟོག་ཞིབ་བྱས་པ། /enpproperty-->