ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་7ཉིན་གློག་འཕྲིན་འབྱོར་གསལ།ཟླ་6ཚེས་7ཉིན་གྱི་ཕྱི་དྲོ།རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས་པའི་ཕ་ཁི་སི་ཐན་གྱི་སྲིད་བློན་ཞ་པ་ཚི་དང་མཇལ་འཛོམས་གནང་བ་རེད།
ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཕ་ཁི་སི་ཐན་ནི་རི་ཆུ་འབྲེལ་བའི་ཁྱིམ་མཚེས་བཟང་པོ་དང་།ཡིད་ཆེས་དང་མཛའ་གྲོགས་ཀྱི་གྲོགས་པོ་བཟང་པོ་ཡིན་ལ། ཕན་ཚུན་ལྟ་རྟོག་དང་རོགས་རམ་བྱེད་པའི་རོགས་ཟླ་བཟང་པོ།དཀའ་སྡུག་མཉམ་མྱོང་བྱེད་པའི་སྤུན་ཟླ་བཟང་པོ་བཅས་ཀྱང་ཡིན།ཀྲུང་ཕའི་རྣམ་པ་ཀུན་ཏུ་ཚད་བཀག་མེད་པའི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་ནས་དམངས་འདུན་གྱི་རྨང་གཞི་བརྟན་པོ་དང་།ནང་ནས་སྒུལ་ཤུགས་ཆེན་པོ།འཕེལ་རྒྱས་ཀྱི་མདུན་ལམ་རྒྱ་ཆེན་པོ་བཅས་ལྡན་ཡོད།ཀྲུང་གོ་ཕྱོགས་ཀྱིས་ཕ་ཁི་སི་ཐན་ཕྱོགས་དང་ཕན་ཚུན་རྒྱབ་སྐྱོར་བརྟན་པོ་བྱས་ནས་མཉམ་ལས་ཀྱི་འབྲེལ་ཐག་དམ་དུ་གཏོང་བ། འཐབ་ཇུས་མཐུན་སྦྱོར་གཏིང་ཟབ་ཏུ་གཏོང་བ།དུས་རབས་གསར་པའི་སྔར་བས་དམ་ཟབ་ཀྱི་ཀྲུང་ཕའི་ལས་དབང་གཅིག་མཐུན་ཚོགས་པ་མགྱོགས་མྱུར་བསྐྲུན་ནས་ས་ཁུལ་གྱི་ཞི་བདེ་དང་། བརྟན་ལྷིང་།འཕེལ་རྒྱས།དར་རྒྱས་བཅས་ལ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་འདོད་ཡོད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་ཀྲུང་ཕའི་མཛའ་གྲོགས་ཡུན་རིང་བརྟན་དུ་ཕྱིན་ཡོད་ཅིང་། འགག་རྩ་ནི་ཕྱོགས་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བསམ་ཤེས་དང་།ཚད་མཐོའི་ཡིད་ཆེས་བྱེད་པ། རྒྱབ་སྐྱོར་བརྟན་པོ་བཅས་བྱས་པ་ལས་བྱུང་བ་ཞིག་རེད།
(པར་ངོས་གཉིས་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社