ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་7ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་དངོས་སུ་འཚམས་འདྲི་གནང་བར་ཕེབས་པའི་པར་ཙིར་གྱི་སྲིད་འཛིན་གཞོན་པ་ཨར་ཁེ་མིང་དང་མཇལ་འཛོམས་གནང་བ་རེད།
ཞི་ཅིན་ཕིང་གིས་ཀྲུང་པར་གཉིས་ནི་བློ་སེམས་གཅིག་མཐུན་གྱི་གྲོགས་པོ་བཟང་པོ་དང་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་པའི་རོགས་ཟླ་བཟང་པོ་ཞིག་ཡིན། ན་ནིང་ཟླ་4པར་ང་དང་སྲིད་འཛིན་ལུའུ་ལ་གཉིས་ཀྱིས་དུས་རབས་གསར་པའི་ཀྲུང་པར་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འབྱུང་འགྱུར་གསར་པ་གཏོད་རྒྱུར་སྣེ་ཁྲིད་བྱ་རྒྱུའི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་ཡོད། ལོ་གཅིག་ལྷག་ཙམ་རིང་། ཕྱོགས་གཉིས་པོས་ཐུན་མོང་ཐོག་འབད་བརྩོན་བྱས་པར་བརྟེན་རྒྱལ་ཁབ་གཉིས་པོའི་འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་པ་དང་། དངོས་སྒྲུབ་མཉམ་ལས་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ།རྒྱལ་སྤྱིའི་གནས་བབ་མཉམ་ལས་དམ་ཟབ་བཅས་བྱས་པས་རང་སོ་སོའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བར་མ་ཟད། རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་ཡང་སྲུང་སྐྱོང་ནུས་ལྡན་བྱུང་ཡོད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་མིག་སྔར་འཛམ་གླིང་ལ་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་ཡོད་པ་དང་། ཀྲུང་གོ་དང་པར་ཙིར་རྒྱལ་ཁབ་གཉིས་པོ་ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་དང་གསར་དར་ཁྲོམ་རའི་རྒྱལ་ཁབ་གལ་ཆེན་ཞིག་ཡིན་པའི་ངོས་ནས་ཐུན་མོང་གི་འཐབ་ཇུས་ཁེ་ཕན་རྒྱ་ཁྱབ་ལྡན་ཡོད། རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཕྱོགས་གཉིས་པོའི་ཁྱབ་ཁོངས་ལས་ཆེས་ཆེར་བརྒལ་ཡོད་པས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཐུན་སྒྲིལ་མཉམ་ལས་དང་དེ་བཞིན་འཛམ་གླིང་ཞི་བདེ་དང་བརྟན་ལྷིང་ལ་སྐུལ་འདེད་གཏོང་རྒྱུར་དཔེ་སྟོན་གྱི་དོན་སྙིང་ལྡན་ཡོད། ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འཐབ་ཇུས་རང་བཞིན་ཁོང་དུ་ཆུད་པ་དང་། རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ཕན་ཚུན་ཁེ་ཕན་རང་བཞིན་ཆེ་རུ་གཏོང་བ། རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ཁྱོན་ཡོངས་རང་བཞིན་མངོན་པ་བཅས་བྱས་ནས་འཐབ་ཇུས་མཉམ་ལས་ཟམ་མི་ཆད་པར་དམ་ཟབ་བྱས་ཏེ་ཀྲུང་པར་དབར་གྱི་མཛའ་གྲོགས་ཀྱི་དུས་རབས་ཀྱི་ནང་དོན་གསར་པ་འདོན་སྤྲོད་བྱེད་དགོས། ཀྲུང་གོ་དང་པར་ཙིར་གྱི་མཐོ་རིམ་མཐུན་སྦྱོར་དང་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་སྲ་བརྟན་དུ་གཏོང་བ། འབྱུང་འཕྲོད་དཔལ་འབྱོར་དང་། གྲངས་གཞིའི་དཔལ་འབྱོར།
(པར་ངོས་གཉིས་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社