分享按钮

མཐོ་རྒྱུགས་ཀྱི་ཉིན་དང་པོར་ཤའོ་ཡིའུ་ཚའེ་ཡིས་གྲོང་ཁྱེར་ཡོངས་ཀྱི་2024ལོའི་མཐོ་རྒྱུགས་ལས་དོན་ལ་སྐོར་གཟིགས་གནང་བ།

ཏང་ཅིང་དང་ཝང་མིང་ཀྲེ་སྐོར་གཟིགས་ནང་ཞུགས་པ།

ཤའོ་ཡིའུ་ཚའེ་ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པར་ཕེབས་ནས་རྒྱུགས་ར་བཀོད་སྒྲིག་དང་།རྒྱུགས་སྤྲོད་ལས་དོན་སྒྲིག་འཛུགས།བདེ་འཇཊ་སྲུང་སྐྱོབ། ཞབས་ཞུ་འགན་ལེན་སོཊ་ཀྱི་གནས་ཚུལ་ལ་མཁྱེན་རྟོཊ་གནང་བཞིན་པའི་གནས་ཚུལ་ཡིན་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་6ཚེས་7ཉིན་ནི་2024ལོའི་མཐོ་རིམ་སློབ་གྲྭ་དཀྱུས་མའི་སློབ་བསྡུའི་རྒྱལ་ཡོངས་གཅིག་གྱུར་རྒྱུགས་ལེན་གྱི་ཉིན་དང་པོ་ཡིན་པ་དང་།རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པར་ཕེབས་ནས་གྲོང་ཁྱེར་ཡོངས་ཀྱི་མཐོ་རྒྱུགས་ལས་དོན་ལ་སྐོར་གཟིགས་གནང་བ་རེད།ཁོང་གིས་སློབ་གསོའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་དང་།ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བླང་བྱ་དོན་འཁྱོལ་ནན་པོ་བྱས་ཏེ་རྒྱུགས་སྤྲོད་སློབ་མ་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་། སེམས་ཤུགས་ཡོད་རྒུས་མཐོ་རྒྱུགས་སྒྲིག་འཛུགས་དང་ཞབས་ཞུ་འགན་ལེན་གྱི་ལས་དོན་ཡག་པོ་བསྒྲུབས་ནས་མཐོ་རྒྱུགས་བདེ་བླག་ངང་སྤེལ་བར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ཏེ་རྒྱུགས་སྤྲོད་སློབ་མ་དང་།ཁྱིམ་བདག སྤྱི་ཚོགས་བཅས་བློ་བདེ་པོ་ཡོང་བར་བྱེད་དགོས་ཞེས་ནན་གསུངས་གནང་བ་རེད།

རང་སྐྱོང་ལྗོངས་སློབ་གསོ་ཐིང་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་དང་ཐིང་ཀྲང་ཏང་ཅིང་དང་།གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྒྱུན་ལས་གྲོང་སྤྱི་གཞོན་པ་ཝང་མིང་ཀྲེ།གྲོང་ཨུད་ཀྱི་རྒྱུན་ཨུ་དང་དྲུང་ཆེ་ཀྲང་ཁྲུན་དབྱང་བཅས་སྐོར་གཟིགས་ནང་ཞུགས་པ་རེད།(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-09 ཏང་ཅིང་དང་ཝང་མིང་ཀྲེ་སྐོར་གཟིགས་ནང་ཞུགས་པ། 6 6 拉萨日报藏文 c182265.html 1 མཐོ་རྒྱུགས་ཀྱི་ཉིན་དང་པོར་ཤའོ་ཡིའུ་ཚའེ་ཡིས་གྲོང་ཁྱེར་ཡོངས་ཀྱི་2024ལོའི་མཐོ་རྒྱུགས་ལས་དོན་ལ་སྐོར་གཟིགས་གནང་བ། /enpproperty-->