分享按钮

རྒྱལ་ཁབ་མང་པོའི་ཚན་རིག་མཁས་ཅན་གྱིས་མཉམ་འབྲེལ་ཐོག་བོད་ལྗོངས་གནམ་མཚོ་རུ་ཚན་རིག་རྟོག་ཞིབ་བྱས་པ།

ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་6ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོའི་ཞིབ་འཇུག་སུའོ་ཡི་མཚེའུ་དང་ཁོར་ཡུག་འགྱུར་ལྡོག་ཞིབ་འཇུག་ཚོགས་པས་འཇར་མན་དང་། སུའེ་ཙེར། དབྱིན་ཇི། ཨ་རི་སོགས་རྒྱལ་ཁབ་མང་པོའི་ཚན་རིག་མཁས་ཅན་དང་གསོར་འབིགས་རྩད་ཞིབ་ལག་རྩལ་པ་ལས་གྲུབ་པའི་མཉམ་འབྲེལ་ཚན་རིག་རྟོག་ཞིབ་རུ་ཁག་གིས་བོད་ལྗོངས་གནམ་མཚོ་རུ་ཚན་རིག་རྟོག་ཞིབ་ཀྱི་བྱེད་སྒོ་སྤེལ་ཞིང་། ཚན་རིག་རྟོག་ཞིབ་པས་གནམ་མཚོ་རུ་མཚེའུ་དང་བྲག་སྙིང་གསོར་འབིགས་རྩད་ཞིབ་བྱས་ནས་མཚོ་བོད་ས་མཐོའི་འདས་ཟིན་པའི་ལོ་ངོ་ཁྲི་བརྒྱའི་རིང་གི་གནམ་གཤིས་འགྱུར་ལྡོག་ལ་ཞིབ་འཇུག་བྱ་རྒྱུར་ཚན་རིག་གི་གཞི་འཛིན་ས་གསར་པ་མཁོ་འདོན་བྱས་པ་རེད།

གནམ་མཚོ་ནི་མཚོ་བོད་ས་མཐོའི་དབུས་ཁུལ་དུ་གནས་པ་དང་། མཚེའུ་ངོས་ཀྱི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4718ཡོད་ཅིང་། དེ་ནི་བོད་ལྗོངས་ཀྱི་མཚེའུ་ཆེ་གྲས་གཉིས་པའང་ཡིན། འབྲི་ཆུ་དང་། རྒྱལ་མོ་རྔུལ་ཆུ། གསེར་གླིང་མཚོ། གནམ་མཚོ་བཅས་ཚུད་པའི་མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་ཆུ་བོ་གཉིས་དང་མཚེའུ་གཉིས་ཀྱི་ས་ཁོངས་ཀྱི་ཚན་རིག་རྟོག་ཞིབ་ཀྱི་རྟེན་གཞི་གལ་ཆེན་ཞིག་ཀྱང་ཡིན་པ་རེད།

གནམ་མཚོའི་ཚན་རིག་རྟོག་ཞིབ་ཀྱི་འགན་འཁུར་བའི་གྲས་ཤིག་ཡིན་པའི། (པར་ངོས་གཉིས་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-09 6 6 拉萨日报藏文 c182264.html 1 རྒྱལ་ཁབ་མང་པོའི་ཚན་རིག་མཁས་ཅན་གྱིས་མཉམ་འབྲེལ་ཐོག་བོད་ལྗོངས་གནམ་མཚོ་རུ་ཚན་རིག་རྟོག་ཞིབ་བྱས་པ། /enpproperty-->