分享按钮

རང་གྲོང་གིས་སླར་ཡང་དམངས་ཕན་འཛད་སྤྱོད་ཀྱི་འཛིན་ཤོག་སྤྲད་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། གྲོང་མིའི་དུས་ཆེན་གྱི་འཛད་སྤྱོད་ཀྱི་དགོས་མཁོ་དེ་བས་ལེགས་པར་སྐོང་ཆེད། ཟླ་6ཚེས་7ཉིན་གྱི་སྔ་དྲོའི་ཆུ་ཚོད་10ཙམ་ལ་ཁྲེང་ཀོན་ཆུས་ཀྱིས་2024ལོའི་བདེ་སྐྱིད་ལྡན་པའི་ཁྲེང་ཀོན་དང་འཚོ་བ་ལོངས་སུ་སྤྱོད་པ་ཞེས་པའི་དམངས་ཕན་འཛད་སྤྱོད་ཀྱི་འཛིན་ཤོག་དངོས་སུ་སྤྲད་པ་རེད།

རེས་སྐོར་འདིའི་འཛད་སྤྱོད་ཀྱི་འཛིན་ཤོག་སྤྲོད་པའི་དུས་ཚོད་ནི་2024ལོའི་ཟླ་6ཚེས་7ཉིན་ནས་ཟླ་6ཚེས་11ཉིན་བར་ཡིན་པ་དང་། སྲིད་གཞུང་དང་ཁེ་ལས་ཕྱོགས་མང་པོའི་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ་བརྒྱ་ཟོག་སིལ་ཚོང་དང་། ཁྱིམ་སྤྱོད་གློག་ཆས། བཟའ་བཏུང་སོགས་གཙོ་གནད་འཛད་སྤྱོད་ཀྱི་ཁྱབ་ཁོངས་ལ་དམིགས་ཏེ་སྤྲོ་སེམས་འཁོལ་བའི་དུས་ཆེན་གྱི་འཛད་སྤྱོད་རྣམ་པ་ཞིག་གཏོད་རྒྱུ་དང་། རེས་སྐོར་འདིའི་འཛད་སྤྱོད་ཀྱི་འཛིན་ཤོག་སྤྱོད་པའི་དུས་ཡུན་ཉིན་5ཡིན་པ་དང་།ཁྱོན་མ་དངུལ་སྒོར་ཁྲི་500བཏང་ཡོད་པ་རེད།

(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-09 6 6 拉萨日报藏文 c182263.html 1 རང་གྲོང་གིས་སླར་ཡང་དམངས་ཕན་འཛད་སྤྱོད་ཀྱི་འཛིན་ཤོག་སྤྲད་པ། /enpproperty-->