ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར།གུང་གཞོན་སྡེ་ཚོགས་མལ་གྲོ་གུང་དཀར་རྫོང་ཨུ་ཡོན་ལྷན་ཁང་གིས་རྩ་ཞོལ་ཤང་གུང་གཞོན་སྡེ་ཚོགས་ཨུ་ལྷན་དང་མཉམ་དུ་རྩ་ཞོལ་ཤང་དུ“གཞོན་ནུའི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་བཅོས་སྐྱོང་ལ་རམ་འདེགས་བྱེད”ཅེས་པའི་གཅེས་སེམས་བརྒྱུད་སྤྲོད་དང་།“རིག་གནས་དང་། དྲོ་སྐྱིད། སྨན་རྫས”གསུམ་སྐྱེལ་བའི་བྱེད་སྒོ་སྤེལ་ཡོད།
བྱེད་སྒོ་སྤེལ་ཡུལ་དུ་གཞི་རིམ་གྱི་སྒྲོག་འགྲེལ་པས་ཏང་གི་མཛད་ཕྱོགས་སྲིད་ཇུས་དང་། གྲོང་སྲོལ་དམངས་ཆིངས།དེ་བཞིན་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སོགས་ཀྱི་ནང་དོན་ལ་དམིགས་ནས་སྒྲོག་འགྲེལ་བྱས་ཤིང་། མང་ཚོགས་ལ《གྲོང་སྲོལ་དམངས་ཆིངས》དང《སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ》སོགས་ཀྱི་དྲིལ་བསྒྲགས་ལག་དེབ་སྤྲད་པ་དང་།དགོས་མཁོ་ཡོད་པའི་གྲོང་མིར་སྤྱི་ཚོགས་ཀྱི་གཅེས་སེམས་མི་སྣས་ཞལ་འདེབས་བརྒྱབ་པའི་གྱོན་ཆས་སྤྲད་པར་མ་ཟད། རྫོང་མི་དམངས་སྨན་ཁང་གི་སྨན་པས་གྲོང་མིར་ཁྲག་ཤེད་དང་ཁྲག་མངར་སོགས་འཇལ་ནས་རྒྱུན་སྤྱོད་ཀྱི་སྨན་རྫས་ཀྱང་སྤྲད་ཡོད།
བྱེད་སྒོ་སྤེལ་བ་བརྒྱུད། ཞིང་འབྲོག་མང་ཚོགས་ལ་ཏང་དང་སྲིད་གཞུང་གི་ཐུགས་ཁུར་ཟབ་མོ་ཚོར་བ་དང་། ཏང་དང་མང་ཚོགས་ཀྱི་འབྲེལ་བ་སྔར་བས་ཟབ་ཏུ་ཕྱིན་པར་མ་ཟད། གུང་ཚོགས་སྡེ་ཚོགས་རྫོང་ཨུད་ཀྱིས་ལས་བཟོ་བ་དང་མང་ཚོགས་དབར་གྱི་འབྲེལ་ཟམ་གྱི་ནུས་པ་ཡང་སྔར་བས་འདོན་སྤེལ་ལེགས་པོ་ཐུབ་ཡོད།
(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社