分享按钮

ཝ་པ་གླིང་སྡེ་ཁུལ་གྱིས་འཛམ་གླིང་ཁོར་ཡུག་ཉིན་མོར་དྲིལ་བསྒྲགས་ཀྱི་བྱེད་སྒོ་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཚེས་5ཉིན་གྱི་ཕྱི་དྲོ།སྐྱིད་རས་ཁྲོམ་གཞུང་ཝ་པ་གླིང་སྡེ་ཁུལ་གྱིས་བོད་ལྗོངས་སློབ་ཆེན་འབྱུང་ཁམས་ཁོར་ཡུག་སློབ་གླིང་དང་མཉམ་དུ“6·5”འཛམ་གླིང་ཁོར་ཡུག་ཉིན་མོར་དྲིལ་བསྒྲགས་ཀྱི་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོས་ད་ལོའི་ཀྲུང་གོའི་འཛམ་གླིང་ཁོར་ཡུག་ཉིན་མོའི་གཙོ་དོན“མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང”ཞེས་པར་དམིགས་ནས་བློ་འདྲིའི་སྟེགས་བུ་འཛུཊ་པ་དང་། དྲིལ་བསྒྲཊ་ཀྱི་སྦྱར་ཡིག་འགེལ་བ། ཁོར་ཡུག་སྲུང་སྐྱོང་གི་དྲིལ་བསྒྲགས་འགྲེམས་པང་འཇོག་པ་སོགས་ཀྱི་ཐབས་ལམ་སྤྱད་དེ།སྡེ་ཁུལ་གྱི་མང་ཚོགས་ལ་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཁྲིམས་ལུགས་ཁྲིམས་སྲོལ་དང་ས་མཐོའི་འབྱུང་ཁམས་སྲུང་སྐྱོང་གི་འབྲེལ་ཡོད་ཤེས་བྱ་ཁྱབ་གདལ་བཏང་བ་དང་།“རི་སྔོན་ཆུ་དྭངས་གསེར་རི་དངུལ་རི་ཡིན”ཞེས་པ་དང“ཁོར་ཡུག་སྲུང་སྐྱོང་བྱ་རྒྱུར་ང་ནས་འགོ་རྩོམ་དགོས”ཞེས་པ་སོགས་ཀྱི་ནང་དོན་དྲིལ་བསྒྲཊ་ཧུར་ཐག་བྱས་པས།ཚང་མས་བག་ཕེབས་དང་སྤྲོ་སྣང་གི་རྣམ་པའི་ཁྲོད་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཤེས་བྱ་དང་།ཁོར་ཡུག་སྲུང་སྐྱོང་གིས་མིའི་རིགས་ཀྱི་འཚོ་གནས་དང་འཕེལ་རྒྱས་ལ་ནུས་པ་གལ་ཆེན་ཐོན་ཚུལ་ཤེས་རྟོགས་ཐུབ་ཡོད།

ཝ་པ་གླིང་སྡེ་ཁུལ་གྱི་ཀུན་ཁྱབ་ཚན་ཁག་གི་སྤྱི་ཚོགས་ལས་དོན་པ་དབྱངས་སྒྲོན་གྱིས་འབྱུང་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱ་རྒྱུ་ནི་ང་ཚོ་ཚང་མའི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད།ད་ཐེངས་ཀྱི་བྱེད་སྒོ་བརྒྱུད་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་པ་དང་། ཚང་མས་རང་ཉིད་ནས་འགོ་བཙུགས་ཏེ་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱ་རྒྱུའི་རེ་བ་ཡོད་ཅེས་བཤད།

བྱེད་སྒོ་སྤེལ་ཡུལ་དུ་བཅའ་ཁྲིམས་ཁྱབ་གདལ་དང་བླངས་པས་མང་ཚོགས་ཀྱིས་བཅའ་ཁྲིམས་ཐད་བཏོན་པའི་གནད་དོན་ལ་ངང་རྒྱུད་རིང་པོས་ལན་བཏབ་པ་དང་། ཁོར་ཡུག་ཉིན་མོ་དང་ཁོར་ཡུག་སྲུང་སྐྱོང་གི་དྲིལ་བསྒྲགས་གཟའ་འཁོར་གཉེར་བའི་དོན་སྙིང་དྲིལ་བསྒྲགས་བྱས་ཏེ། འབྱུང་ཁམས་ཁོར་ཡུག་ལ་གཏོར་བཤིག་བཏང་ཚེ་འཁུར་དགོས་པའི་བཅའ་ཁྲིམས་ཀྱི་མཇུག་འབྲས་ཤེས་སུ་བཅུག་པ་དང་། མང་ཚོགས་ཧུར་ཐག་དང་རང་འགུལ་ངང་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་ནང་ཞུགས་རྒྱུར་ཁྲིད་སྟོན་བྱས་ཏེ། སྟབས་བདེ་དང་། འོས་འཚམ། ལྗང་མདོག་ཐཱན་ཉུང་བཅས་ཀྱི་འཚོ་བ་སྐྱེལ་སྟངས་ཆགས་པར་བྱས་ཡོད།

བོད་ལྗོངས་སློབ་ཆེན་འབྱུང་ཁམས་ཁོར་ཡུག་སློབ་གླིང་གི་2022ལོའི་སློབ་མ་ཅུས་ཤིན་ཕེང་གིས་དེ་རིང་བོད་ལྗོངས་སློབ་ཆེན་འབྱུང་ཁམས་ཁོར་ཡུག་སློབ་གླིང་གི་དགེ་སློབ་སྡེ་ཁུལ་དུ་བསྐྱོད་དེ་ཁོར་ཡུག་སྲུང་སྐྱོང་གི་འབྲེལ་ཡོད་ཁྲིམས་ལུགས་ཁྲིམས་སྲོལ་དྲིལ་བསྒྲགས་བྱས་ཡོད།སླད་ཕྱིན་མི་དེ་བས་མང་བས་འབྱུང་ཁམས་ཁོར་ཡུག་ལ་ཤེས་རྟོགས་དང་དོ་ཁུར་བྱས་ཏེ།ལྗང་མདོག་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད་ཅེས་བཤད།

(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-08 6 6 拉萨日报藏文 c182262.html 1 ཝ་པ་གླིང་སྡེ་ཁུལ་གྱིས་འཛམ་གླིང་ཁོར་ཡུག་ཉིན་མོར་དྲིལ་བསྒྲགས་ཀྱི་བྱེད་སྒོ་སྤེལ་བ། /enpproperty-->