ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་6ཚེས་5ཉིན།ཁྲེང་ཀོན་ཆུས་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱི་ཁྲིམས་འཛིན་པས་སྒོ་རྩིས་ཚོང་ཁང་ཆེ་གྲས་ཁག་ལ་ལྔ་པའི་ཚེས་ལྔའི་དུས་ཆེན་མ་སླེབས་གོང་གི་བཟའ་བཅའི་བདེ་འཇགས་ལ་ཆེད་དོན་ཞིབ་བཤེར་བྱས་ཏེ།རྒྱ་ཆེའི་གྲོང་མིའི་བཟའ་བཅའི་བདེ་འཇགས་ལ་སྲུང་སྐྱོང་གང་ལེགས་བྱས་ཡོད།
གསར་འགོད་པ་ཁྲིམས་འཛིན་པ་དང་མཉམ་དུ་སྔ་རྗེས་སུ་ཡུང་ཧུའེ་སྒོ་རྩིས་ཚོང་ཁང་དང་ཧྲེང་མེ་ཅ་སྒོ་རྩིས་ཚོང་ཁང་སོགས་སུ་བསྐྱོད་ཡོད་ཅིང་།ཁྲིམས་འཛིན་པས་ཙུང་ཙི་སོགས་དུས་ཆེན་གྱི་བཟའ་བཅའ་ཕྱིར་ཚོང་ཁུལ་ལ་ཞིབ་བཤེར་བྱས་ཏེ།བཟའ་བཅའི་ཐུམ་སྒྲིལ་ཡག་པོ་ཡོད་མེད་དང་མཚོན་རྟགས་ཚད་ལྡན་ཡིན་མིན་ལ་ཞིབ་བཤེར་བྱས་པ་དང་། ཐོན་སྐྱེད་བཟོ་གྲྭ་དང་། ཐོན་སྐྱེད་དུས་ཚོད། སྤུས་ཚད་འགན་ལེན་གྱི་དུས་ཡུན་སོགས་གསལ་པོ་ཡོད་མེད་ལ་ཞིབ་བཤེར་བྱས་པ། ཚོང་ཟོག་ནང་འདྲེན་གྱི་སྤ་སེ་སོགས་ལ་ཞིབ་བཤེར་བྱས་ཡོད། དེ་དང་ཆབས་ཅིག་ཁྲིམས་འཛིན་པས་ད་དུང་འབྲེལ་ཡོད་འགན་འཁུར་བར་རིན་གོང་གསལ་པོར་བཀོད་ནས་བཟའ་བཅའི་བདེ་འཇགས་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ནན་པོ་བྱས་ཏེ།བཟའ་བཅའི་བདེ་འཇགས་ཀྱི་དོ་དམ་ཆུ་ཚད་མཐོ་རུ་གཏོང་དགོས་པ་དང་། “མེད་པ་གསུམ”དང་དུས་ཚོད་ཡོལ་བའི་བཟའ་བཅའ་ཕྱིར་ཚོང་བྱེད་མི་ཆོག་པའི་བླང་བྱ་བཏོན་ཡོད་པ་རེད།
ད་ཐེངས་ཀྱི་ཞིབ་བཤེར་བྱས་པ་བརྒྱུད། གཉེར་སྐྱོང་ཚན་པ་ཁག་གི་བྱེད་པོའི་འགན་འཁྲི་སྔར་བས་བརྟན་དུ་བཏང་བ་དང་། སྒོ་རྩིས་ཚོང་ཁང་ཆེ་གྲས་ཁག་གི་བཟའ་བཅའ་ཕྱིར་ཚོང་གི་བྱ་སྤྱོད་ཚད་ལྡན་དུ་བཏང་བ། བཟའ་བཅའི་བདེ་འཇཊ་ཀྱི་མངོན་མེད་རྐྱེན་ངན་སྣ་ཚོགས་དུས་ཐོག་ཏུ་བསལ་བ་བཅས་ལས་རྒྱ་ཆེའི་མང་ཚོགས་ལ་བདེ་འཇགས་དང་བློ་བདེའི་འཛད་སྤྱོད་ཁོར་ཡུག་ཅིག་བསྐྲུན་ནས་ལྔ་པའི་ཚེས་ལྔའི་དུས་ཆེན་སྤྲོ་བས་རོལ་རྒྱུར་འགན་ལེན་བྱས་ཡོད།
(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社