分享按钮

ཀྲུང་གོའི་དབང་སྐྱོན་མཐུན་ཚོགས་ཀྱི“རྐང་ལག་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་རུས་ནད་སྤྱི་ཕན་རྣམ་གྲངས”ལྷ་སར་ལག་བསྟར་བྱས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། ཀྲུང་གོ་དབང་སྐྱོན་མཐུན་ཚོགས་ཀྱི་རུས་ནད་སྤྱི་ཕན་རྣམ་གྲངས་སྒྲིག་འཛུགས་ཨུ་ལྷན་དང་བོད་རང་སྐྱོང་ལྗོངས་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་མཉམ་དུ་ལྷ་སར་2024ལོའི“རྐང་ལག་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་རུས་ནད་སྤྱི་ཕན་རྣམ་གྲངས”ཀྱི་བྱེད་སྒོ་སྤེལ་ནས་གྲོང་ཁྱེར་གྱི་དཀའ་ངལ་ཡོད་པའི་རྐང་ལག་སྐྱོན་ཅན་རྣམས་ལ་རོགས་རམ་ཏན་ཏིག་བྱས་ཤིང་། སྐྱོན་ཅན་ཚབས་ཆེན་ཡང་མོར་གྱུར་པ་དང་། ཡང་མོ་སླར་གསོ་ཐུབ་ནས་སྤྱི་ཚོགས་ཀྱི་འཚོ་བར་ཞུགས་ཐུབ་ཡོད།

ཟླ་6ཚེས་2ཉིན། ལྷ་ས་གྲོང་ཁྱེར་དབང་སྐྱོན་ལུས་གསོའི་ཞབས་ཞུ་ལྟེ་གནས་སུ་མི་ཚོགས་ཀྱིས་ཁེངས་ཤིང་། ཀྲུང་གོའི་དབང་སྐྱོན་མཐུན་ཚོགས་ཀྱི་རུས་ནད་སྤྱི་ཕན་རྣམ་གྲངས་སྒྲིག་འཛུགས་ཨུ་ལྷན་དང་ཐུང་ཅི་སློབ་ཆེན་གྱི་ཞོར་གཏོགས་མི་དམངས་སྨན་ཁང་བཅུ་པའི་སྨན་བཅོས་ཚོགས་པའི་ཁོངས་གཏོགས་སྨན་ཁང་སྟེ་ཧྲང་ཧའེ་ཐུང་ཧོ་རུས་ནད་སྨན་ཁང་གི་ཆེད་ལས་མཁས་པ་ཚོས་དེ་གར་བརྟག་དཔྱད་ལས་དོན་སྤེལ་བ་དང་། ལུས་གསོའི་ཞབས་ཞུ་ལྟེ་གནས་དེས་སྒྲིག་འཛུགས་བྱས་པའི་རྫོང་(ཆུས)ཁག་གི་རྐང་ལག་གཤགས་བཅོས་ཀྱི་ལག་ཁྱེར་ཡོད་པའི་དབང་པོ་སྐྱོན་ཅན་དང་དེ་བཞིན་དཀའ་ངལ་ཡོད་པའི་ཞིང་འབྲོག་ཁུལ་གྱི་རྐང་ལག་སྐྱོན་ཅན་ཚོས་གོ་རིམ་ལྡན་པའི་སྒོ་ནས་བརྟག་དཔྱད་བྱ་རྒྱུར་སྒུག་བཞིན་ཡོད།

ཐེངས་འདིའི་བརྟག་དཔྱད་ཁྲོད། རྒྱུངས་སྐྱའི་གཉན་ཚད་ཀྱི་ནད་རོ་དང་ཀླད་སྐྱོན་ཕོག་པའི་ནད་རོ་སོཊ་རུས་ནད་ཀྱི་རིགས་སྣ་ཚོགས་ལ་བརྟག་དཔྱད་བྱས་ཡོད། འབྲེལ་ཡོད་ལས་དོན་པས་ནད་པའི་ཆ་འཕྲིན་ཐོ་འགོད་དང་སྒེར་གྱི་རྩིས་ཐོ་བཟོས་ཤིང་། སྨན་བཅོས་ཆེད་ལས་མཁས་པས་ནད་གཞིའི་སྐོར་འདྲི་རྩད་དང་། ནད་ཐོ་དང་Xའོད་གློག་པར་ལ་ལྟ་བ་སོཊ་བྱས་ཏེ། ནད་པའི་གཟུགས་གཞིའི་གནས་ཚུལ་ལ་ཤེས་རྟོཊ་ཞིབ་ཕྲ་བྱས་པ་དང་། དམིཊ་སའི་རང་བཞིན་ལྡན་པའི་བསམ་འཆར་དང་གྲོས་འགོ་བཏོན་པར་མ་ཟད། ནང་མི་ཚོས་སེམས་ཁྲལ་བྱེད་པའི་རྗེས་མཐུད་སྨན་བཅོས་སོཊ་ཀྱི་གནད་དོན་ལའང་ངང་རྒྱུད་རིང་པོས་ལན་བརྒྱབ་ཡོད། གཞན་ཡང་། འཕྲལ་མར་ནད་གཞི་གཏན་འཁེལ་མ་ཐུབ་པའི་ནད་པར་དམིཊ་ཏེ། ཆེད་ལས་མཁས་པའི་ཚོཊ་ཆུང་གིས་ནད་པའི་དཔྱད་གཞི་ལྗོངས་ཕྱིར་བསྐུར་ནས་མུ་མཐུད་བརྟག་དཔྱད་བྱ་རྒྱུ་རེད།

བྱེད་སྒོའི་ཁྲོད། ཆེད་ལས་མཁས་པའི་ཚོགས་ཆུང་དང་། རང་སྐྱོང་ལྗོངས་དབང་སྐྱོན་མཉམ་འབྲེལ་ལྷན་ཚོཊ་ཀྱི་འབྲེལ་ཡོད་འགན་འཁུར་བ། ལྷ་ས་གྲོང་ཁྱེར་དབང་སྐྱོན་མཉམ་འབྲེལ་ལྷན་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བ་བཅས་ལྷན་དུ་ཁྱིམ་ཚང་གི་ནང་དུ་བསྐྱོད་ནས་ནད་གཞི་ཚབས་ཆེན་ཡོད་པའི་ནད་པར་སྨན་བཅོས་ཀྱི་ཞབས་ཞུ་བསྒྲུབས་པས་ནད་པ་ཚོར་ཏང་དང་སྲིད་གཞུང་དང་། དེ་བཞིན་སྤྱི་ཚོགས་ཁྱིམ་ཚང་ཆེན་པོའི་ཐུགས་ཁུར་དངོས་སུ་ཚོར་ཡོད། དེ་དང་ཆབས་ཅིག་དབང་སྐྱོན་བྱིས་པ་ཚོར་ཞོར་ཟས་དང་དཔེ་ཁུག་སོགས་ལག་རྟཊ་ཆུང་ཆུང་སྣ་ཚོཊ་སྤྲད་ཅིང་། ཁོང་ཚོར་སྨོན་འདུན་བཟང་པོའང་ཞུས་ཡོད།

ཐེངས་འདིའི་བྱེད་སྒོའི་ཁྲོད། དབང་པོ་སྐྱོན་ཅན་87ལ་བརྟག་དཔྱད་བྱས་ཤིང་། དེའི་ནང་ནས་བྱིས་པ་31གི་རྐང་ལག་ནི་གཤཊ་བཅོས་ཀྱི་ཆ་རྐྱེན་དང་མཐུན་ཡོད། ཤེས་རྟོགས་བྱུང་བར་གཞིཊ་ན། དུས་མཇུག་ཏུ་ཀྲུང་དབྱང་ནོར་སྲིད་ཀྱི་འབྲེལ་ཡོད་སྲིད་ཇུས་ཀྱི་རྒྱབ་སྐྱོར་འོག རིན་མི་དགོས་པར་ཧྲང་ཧའེ་རུ་ནད་པ་ཚོར་གཤཊ་བཅོས་བྱ་རྒྱུ་ཡིན་པས་ནད་པ་དང་ནང་མི་ཚོས་བདལ་གླ་ལས་སྤྲོད་དགོས་ཀྱི་མེད།(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-08 6 6 拉萨日报藏文 c182257.html 1 ཀྲུང་གོའི་དབང་སྐྱོན་མཐུན་ཚོགས་ཀྱི“རྐང་ལག་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་རུས་ནད་སྤྱི་ཕན་རྣམ་གྲངས”ལྷ་སར་ལག་བསྟར་བྱས་པ། /enpproperty-->