分享按钮

ཉེན་བརྡའི་སློབ་གསོའི་གཞི་རྟེན་གསར་གཏོད་བྱས་པ།

(པར་ངོས་དང་པོར་མཐུད)ཏང་སྲོལ།ཏང་གི་སྒྲིག་ཁྲིམས་བཅས་མཉམ་དུ་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ།དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་ཏང་ཡོན་དང་ལས་བྱེད་པས་སྒྲིག་ཁྲིམས་མི་སྦྱོང་བ་དང་། སྒྲིག་ཁྲིམས་མི་ཤེས། སྒྲིག་ཁྲིམས་མི་གསལ་བ་བཅས་ཀྱི་དབང་གིས་གནོད་འཚེ་བཟོས་པའི་གྱོད་དཔེ་བདམས་ནས་གྱོད་དོན་ལ་བརྟེན་ནས་སློབ་སྦྱོང་ལ་སྐུལ་འདེད་དང་སྦྱོང་བརྡར་ལ་བརྟེན་ནས་སྒྲིག་ཁྲིམས་སྦྱོང་བར་དམ་འཛིན་ཡག་པོ་བྱས་ཡོད།

ཉེན་བརྡའི་སློབ་གསོ་གཏིང་ཟབ་ཏུ་སྤེལ་ཆེད། ཀུའེ་ཀྲོའུ་ཞིང་ཆེན་སྒྲིག་ཨུད་དང་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱིས་ཉེ་བའི་ལོ་ཤས་རིང་ཞིབ་བཤེར་དང་ཐག་གཅོད་བྱས་པའི་ཁྲིམས་འགལ་སྒྲིག་འགལ་ཚབས་ཆེན་གྱི་དཔེ་མཚོན་གྱོད་དཔེ་བདམས་ནས་ཀུའེ་ཀྲོའུ་ཞིང་ཆེན་གྱི་རུལ་རྒོལ་གཙང་སྤེལ་གྱི་ཉེན་བརྡའི་སློབ་གསོའི་རྟེན་གཞིར་སྒྱུར་བཀོད་བྱས་ཏེ།ཏང་སྲིད་ལས་ཁུངས་དང་གཞུང་ཁོངས་ཁེ་ལས་དང་བྱ་གཞག་ཚན་པར་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་ཉེན་བརྡའི་སློབ་གསོ་སྤེལ་བར་གཞི་རྟེན་མཁོ་འདོན་བྱས་ཡོད།

གཞན་ཡང་།ཀུའེ་ཀྲོའུ་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་དང་ལྟ་ཞིབ་ཨུ་ལྷན་གྱིས་ད་དུང་སྨྱན་སྦྱོར་གསར་པའི་ལེ་ཚན་འབོར་ཆེན་ཞིག་བཟོས་ཡོད་པ་སྟེ། དཔེར་ན། 《གཟའ་འཁོར་རེར་དམངས་དོན་ཁྲིམས་གཞུང་རེ》དང《སྤྱོད་གཙང་བཤད་པ》སོགས་ཀྱི་ལེ་ཚན་བསྟན་ནས《གྱོད་དོན་ལ་བརྟེན་ནས་སྒྲིག་ཁྲིམས་ལ་འགྲེལ་བཤད》ཅེས་པའི་འགུལ་རིས་བརྙན་ལམ་བཏོན་ཏེ་ཉེན་བརྡའི་སློབ་གསོ་རྒྱུན་གཏན་གྱི་འཚོ་བ་དང་མཉམ་འདྲེས་ཐུབ་པ་དང་རྒྱུན་རྣམ་ཅན་དུ་གྱུར་པར་བྱས་པ་དང་། ལས་བྱེད་པ་དང་མང་ཚོགས་ཀྱིས་བསམ་འཆར་ནན་པོ་བཏོན་པའི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་ལ་དམིགས་ཏེ། སྨྱན་སྦྱོར་གསར་པའི་ལེ་ཚན《ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་དམར་རྗེན་དུ་བཏོན་པ》དང་། ཉེན་བརྡའི་བརྙན་ཐུང《ས་ཆ་དགྲ་ལག་ཏུ་ཤོར་བ》ཞེས་པ་ཇུས་འགོད་བྱས་ནས་བཏོན་པ་ལས་ཏང་ཡོན་ལས་བྱེད་པར་འཇིགས་བཀུར་ཤེས་པ་དང་།མཐའ་ཚད་རྟོགས་པ།སྒྲིག་ལམ་སྲུང་བ་བཅས་ཀྱི་ཉེན་བརྡ་བཏང་ཡོད།

ཉེ་ཆར།ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་གིས་ཏང་ཡོན་དང་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་བོད་རང་སྐྱོང་ལྗོངས་བཙོན་ཁང་གི་ཉེན་བརྡ་གཏོང་བའི་སློབ་གསོའི་རྟེན་གཞིར་བསྐྱོད་དེ་ཏང་གི་གཙོ་དོན་ཉིན་མོའི་བྱེད་སྒོ་སྤེལ་ཡོད་ཅིང་།ཏང་ནང་ཞུགས་པའི་དམ་བཅའ་བསྐྱར་དྲན་དང་། ཉེན་བརྡའི་སློབ་གསོའི་གློག་བརྙན་ལ་ལྟ་བ། ཁྲིམས་ཆད་འཁུར་མཁན་གྱིས་ཁྲིམས་ལུགས་བཤད་པ་བཅས་བརྒྱུད་གྱོད་དོན་ལ་བརྟེན་ནས་ཉེན་བརྡ་གཏོང་བའི་ནུས་པ་ཐོན་ཡོད། ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་གིས་ཉེན་བརྡའི་སློབ་གསོའི་ཚོགས་ཆེན་འཚོགས་པ་སོགས་ཀྱི་རྣམ་པ་བརྒྱུད།ཏང་གི་སྒྲིག་ཁྲིམས་ལ་བརྩི་སྲུང་ཞུ་བའི་རང་འགུལ་རང་བཞིན་དང་རང་རྟོགས་རང་བཞིན་ཆེ་རུ་བཏང་ཡོད། མིག་སྔའི་བར་རྫོང་དེའི་རིམ་ཁག་ཏང་རྩ་འཛུགས་ཀྱིས་སློབ་སྦྱོང་བྱེད་སྒོ་ཐེངས་70ལྷག་ཙམ་སྤེལ་ཡོད་པ་རེད།

ཉེ་འགྲམ་གྱི་བྱ་བ་ལས་ཉེ་འགྲམ་གྱི་མི་ལ་སློབ་གསོ་ཐེབས་པ།

ཟླ་5ཚེས་17ཉིན།ཧོ་པེ་ཞིང་ཆེན་རའོ་དབྱང་རྫོང་མི་དམངས་ཞིབ་དཔྱོད་ཁང་དུ་ཞིབ་དཔྱོད་དཔོན་གྱི་ནང་མི་11ལས་ཁུངས་ཀྱི་ཐོག་བརྩེགས་ཁང་ཆེན་དུ་བསྐྱོད་དེ་ཡུལ་དངོས་སུ་ལྟ་སྐོར་བྱས་པ་དང་ཞིབ་དཔྱོད་དཔོན་གྱི་ལས་ཀའི་ཁོར་ཡུག་དང་སྒྲིག་ཁྲིམས་ཀྱི་བླང་བྱར་ཤེས་རྟོགས་བྱས་ཡོད། ལས་དོན་པའི་སྣེ་ཁྲིད་འོག་ནང་མི་དེ་དག་སྔ་རྗེས་སུ་གྱོད་དོན་དོ་དམ་གྱི་ཚོམས་ཆེན་དང་། ཏང་འཛུཊ་སྐྱོང་གི་ཚོམས་ཆེན། སྣ་མང་སྨྱན་སྦྱོར་གྱི་སྒྲ་བརྙན་ཁང་བཅས་ལ་ལྟ་སྐོར་བྱས་པ་དང་འབྲེལ་ཞིབ་དཔྱོད་པ་དང་མཉམ་དུ་སྒྲིག་ཁྲིམས་གཏན་འབེབས་ལ་སློབ་སྦྱོང་དང་ཁྱིམ་སྲོལ་སློབ་གསོའི་ཉེན་བརྡའི་ཆེད་དོན་གློག་བརྙན་ལ་བལྟས་ཡོད།

རའོ་དབྱང་རྫོང་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའི་ཧྲུའུ་ཅི་དང་ཞིབ་དཔྱོད་དཔོན་ཀྲང་ཅན་གྱིས་ནང་མི་ཚོས་སྤྱོད་གཙང་ཐད་རོགས་ཡག་པོ་བྱས་ནས་ཞིབ་དཔྱོད་ཀྱི་ལས་བྱེད་པ་དང་ཉེན་རྟོག་པར་སྤྱོད་གཙང་གི་དྲན་སྐུལ་མང་ཙམ་བྱས་ཏེ།ཁྱིམ་སྲོལ་བཟང་པོར་བརྟེན་ནས་ཞིབ་དཔྱོད་ལས་ཁུངས་ཀྱི་སྲིད་གཙང་ལ་རོགས་རམ་བྱ་རྒྱུའི་རེ་བ་ཡོད་ཅེས་བཤད།

ཉེ་ཆར།ཀུའེ་ཀྲོའུ་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱིས་ཞིང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཚོགས་ཆུང་དང་ཕྱོགས་བསྡུས་ལྟ་སྐུལ་ཚན་པ་ཁག་གི་ཏང་རྩ་འཛུགས་དང་མཉམ་དུ་ཉེ་བའི་ལོ་གཅིག་རིང་གོ་གནས་གསར་དུ་སྤར་བ་དང་། གོ་གནས་ཀྱི་རིམ་པ་གསར་དུ་སྤར་བ། ལས་གནས་གལ་ཆེན་ལ་བསྒྱུར་བ། ལས་མི་གསར་པ་བཅས་ལ་སྒྲིག་ཁྲིམས་ཉེན་བརྡའི་སློབ་གསོ་བཏང་ནས་ཁོང་ཚོར་ཐོག་མཐའ་བར་གསུམ་དུ་གུང་ཁྲན་ཏང་མིའི་སྐྱེ་སྟོབས་དང་། ངར་ཤུགས། དྲང་བདེན་བཅས་རྒྱུན་འཁྱོངས་བྱ་རྒྱུའི་ཁྲིད་སྟོན་བྱས་ཡོད།

ཀུའེ་ཀྲོའུ་ཞིང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་ལས་བྱེད་པ་ལིའུ་ཡུས་ཀྱིས་ལས་གནས་ཀྱི་འགན་མ་ཁུར་གོང་གི་ཉེན་བརྡའི་སློབ་གསོའི་གློག་བརྙན་ལ་བལྟས་པ་དང་འབྲེལ་ཉེན་བརྡའི་སློབ་གསོའི་སློབ་ཚན་ལ་ཉན་རྗེས།ན་གཞོན་ལས་བྱེད་པ་ནི་ད་ལྟའི་དུས་སུ་ལས་གཏོད་ཀྱི་ན་ཚོད་ལ་སླེབས་ཡོད་པས་ངེས་པར་དུ་སྒྲིག་ཁྲིམས་ཚད་གཞིར་བྱས་ནས་སྒྲིག་ཁྲིམས་ཀྱི་བླང་བྱ་དེ་ཀླད་པའི་ནང་དུ་འཇགས་པར་བྱེད་དགོས་པ་དང་།ཕུགས་བསམ་དང་དད་སེམས་བརྟན་དུ་བཏང་ནས་སྤྱོད་གཙང་རང་གཅུན་དང་འགན་འཁྲི་འཁུར་ཐུབ་པར་བྱེད་དགོས་ཞེས་བཤད།

ཀུའེ་ཀྲོའུ་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་དང་ལྟ་སྐུལ་དོ་དམ་ཨུ་ལྷན་གྱིས་ཞིང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་རུ་མངགས་པའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཚོགས་ཆུང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་ཉེན་བརྡའི་སློབ་གསོར་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཐོག་ནས་འབད་བརྩོན་བྱས་ཏེ་ནུས་པ་གང་ཡོད་འདོན་རྒྱུ་དང་། དཔེ་མཚོན་གྱི་གྱོད་དཔེ་དང་ཉེན་བརྡའི་སློབ་གསོ་དེ་རིགས་པ་དྭངས་གསལ་དུ་འགྱུར་བྱེད་ཀྱི་སྨན་རྫས་ལྟ་བུར་བརྩིས་ཏེ།ཉེ་འགྲམ་གྱི་བྱ་བ་ལ་བརྟེན་ནས་ཉེ་འགྲམ་གྱི་མི་རྣམས་ལ་སློབ་གསོ་བརྒྱབ་ཚེ་ཉེན་བརྡའི་སློབ་གསོའི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་འགྲོ་རྒྱུར་ཕན་ཐོགས་ཡོད་པ་དང་།ཏང་ཡོན་ལས་བྱེད་པས་ཏང་གི་སྒྲིག་ཁྲིམས་ལ་ཕྱོགས་ཡོངས་ནས་བསམ་ཤེས་དང་ལག་བསྟར་བྱ་རྒྱུར་ཁྲིད་སྟོན་ཐུབ་ནས་སྒྲིག་སྲོལ་ལ་བརྩི་སྲུང་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་མི་དམངས་དང་དུས་རབས་ཀྱི་རེ་བ་ཆུད་ཟོས་སུ་མི་གཏོང་བར་གྲུབ་འབྲས་བཟང་པོ་གཏོད་ཐུབ་ངེས་རེད་ཅེས་བཤད།

(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-08 6 6 拉萨日报藏文 c182254.html 1 ཉེན་བརྡའི་སློབ་གསོའི་གཞི་རྟེན་གསར་གཏོད་བྱས་པ། /enpproperty-->