(པར་ངོས་དང་པོར་མཐུད)ཆུའི་ཁོར་ཡུག་ཐད། ལྗོངས་ཡོངས་ཀྱི་གཙང་པོ་དང་མཚེའུ་གཙོ་བོའི་ཆུའི་སྤུས་ཚད་སྤྱི་ཡོངས་ནས་རྒྱུན་འཁྱོངས་ལེགས་པོ་ཐུབ་ཡོད་ཅིང་།རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་དེ་མཚུངས་ཆུ་ཁོངས་ཀྱི་ཁོར་ཡུག་སྤུས་ཚད་ཀྱི་ཚད་གཞིར་སླེབས་ཡོད་པ་དང་། ལྷ་སའི་སྐྱིད་ཆུ་སོགས་རྒྱུག་ཁུལ་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ཆུའི་སྤུས་ཚད་རིམ་པ་Ⅱཀྱི་ཚད་གཞིར་སླེབས་ཡོད་པ། གནམ་མཚོ་སོགས་མཚེའུ་ཡི་ཆུའི་སྤུས་ཚད་རིམ་པ་IIIགྱི་ཚད་གཞིར་སླེབས་པའམ་ཡང་ན་དེ་ལས་ལེགས་པར་སླེབས་ཡོད་པ། ལྗོངས་ཡོངས་ཀྱི་ས་ཁུལ(གྲོང་ཁྱེར)བདུན་གྱི་སྲིད་འཛིན་ཀུང་ཧྲུའུ(མི་དམངས་སྲིད་གཞུང)གནས་སའི་གྲོང་ཁྱེར་དང་གྲོང་རྡལ་གྱི་གཅིག་སྡུད་རྣམ་པའི་འཚོ་བའི་འཐུང་ཆུའི་ཆུ་ཁུངས་19ཡི་ཆུའི་སྤུས་ཚད་རིམ་པ་Ⅲགྱི་ཚད་གཞིར་སླེབས་ཡོད།རླུང་ཁམས་ཆེན་མོའི་ཁོར་ཡུག་ཐད། ལྗོངས་ཡོངས་ཀྱི་མཁའ་རླུང་གི་སྤུས་ཚད་སྤྱི་ཡོངས་ནས་རྒྱུན་འཁྱོངས་ལེགས་པོ་ཐུབ་ཅིང་། ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་བརྒྱ་ཆ་99.5ཟིན་ཡོད། དེའི་ཁྲོད་ལྷ་ས་གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་རིམ་པ་གཉིས་པའི་ཚད་གཞིར་སླེབས་ནས་རྒྱལ་ཡོངས་ཀྱི་གཙོ་གནད་གྲོང་ཁྱེར་168ཁྲོད་ཨང་2པར་སླེབས་ཡོད། སྒྲའི་ཁོར་ཡུག་ཐད། ན་ནིང་སྒྲའི་ཁོར་ཡུག་གི་སྤུས་ཚད་ལ་ལྟ་ཞིབ་ཚད་ལེན་བྱེད་སྐབས།ལྷ་ས་གྲོང་ཁྱེར་གྱི་ནུས་པའི་ཁུལ་ཁག་གི་ཉིན་མོ་དང་མཚན་མོའི་ཚད་གཞིར་སླེབས་ཚད་བརྒྱ་ཆ་100ཟིན་ཡོད་པ་རེད། གཞན་ཡང་ལྗོངས་ཡོངས་ཀྱི་ཁྱབ་འགྱེད་ཁོར་ཡུག་གི་སྤུས་ཚད་སྤྱིའི་ཆ་ནས་ཡག་པོ་ཡོད་པ་དང་།ས་རྒྱུའི་ཁོར་ཡུག་གི་སྤུས་ཚད་དེ་བདེ་འཇགས་ཀྱི་ཆུ་ཚད་དུ་སླེབས་ཡོད།
ན་ནིང་ལྗོངས་ཡོངས་ཀྱིས་འབྱུང་ཁམས་དཔལ་ཡོན་གྱི་མཐོ་ས་གཏོད་རྒྱུར་དམ་འཛིན་ནན་པོ་བྱས་ཏེ།གཙོ་གནད་ལས་འགན་49དང་བྱེད་ཐབས་135ཁྱོན་ཡོངས་ནས་ལེགས་གྲུབ་བྱུང་བ་དང་། སྲིད་ཇུས་ཀྱི་ཡིག་ཆ་གལ་ཆེན་16བཏོན་ནས་ལག་བསྟར་བྱས་པ། ཁོར་ཡུག་གི་སྤུས་ཚད་དང་འབྱུང་ཁམས་ཀྱི་དམར་ཐིག་རྒྱ་ཁྱོན་སོགས་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་གི་དམིགས་ཚད་གཙོ་བོ་18རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ། རྒྱལ་ཁབ་ཀྱི་འབྱུང་ཁམས་བདེ་འཇགས་སྲུང་ཡོལ་འཛུགས་སྐྲུན་ཐད་དམ་འཛིན་ནན་པོ་བྱས་ཏེ།ཀྲུང་དབྱང་གི་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཆེད་དོན་མ་དངུལ་སྒོར་དུང་ཕྱུར་7.83དོན་འཁྱོལ་བྱས་ནས་འབྱུང་ཁམས་ཉམས་གསོ་དང་སྦགས་བཙོག་བཅོས་སྐྱོང་རྣམ་གྲངས་34ལག་བསྟར་བྱས་པ། ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་དང་། རི་དང་།ཆུ།ནགས་ཚལ།ཞིང་ཁ། མཚེའུ། རྩྭ་ཐང་། བྱེ་མ།འཁྱགས་རོམ་བཅས་འབྱུང་ཁམས་སྲུང་སྐྱོང་གི་ཉམས་གསོ་སོགས་ལས་གྲྭ་གལ་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ་ནགས་ཚལ་མུའུ་ཁྲི་120བསྐྲུན་ཟིན་པ་དང་། ཉམས་ཞན་དུ་སོང་བའི་རྩྭ་ཐང་མུའུ་ཁྲི་614ཉམས་གསོ་དང་བཅོས་སྐྱོང་བྱས་པ། གཙོ་གནད་ལས་དོན་དོན་འཁྱོལ་བྱེད་པར་དམ་འཛིན་ནན་པོ་བྱས་ཏེ།ལྷ་ས་སོགས་གྲོང་ཁྱེར་4ཡི་རང་སྐྱོང་ལྗོངས་ཀྱི་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་གི་རེས་སྐོར་གཉིས་པའི་ལྟ་ཞིབ་ལེགས་གྲུབ་བྱུང་ཡོད། གཙོ་གནད་འབྱུང་ཁམས་ནུས་པའི་ཁུལ་གྱི་སྤོ་སྒྱུར་གཏོང་སྤྲོད་མ་དངུལ་སྒོར་དུང་ཕྱུར་39.77དོན་འཁྱོལ་བྱས་པ་དང་། འབྱུང་ཁམས་ཀྱི་ལས་གནས་ཁྲི་44.03བཀོད་སྒྲིག་བྱས་པ། ཁ་གསབ་མ་དངུལ་སྒོར་དུང་ཕྱུར་15.4བཏང་བ། ལམ་ལུགས་དང་ལམ་སྲོལ་འཛུགས་སྐྱོང་ལ་དམ་འཛིན་ནན་པོ་བྱས་ཏེ།ལྷ་ས་སོགས་གྲོང་ཁྱེར་4ཡི་ཡར་ཀླུང་གཙང་པོའི་འབྱུང་ཁམས་སྲུང་སྐྱོང་སྲོལ་ཡིག་བཏོན་ནས་ལག་བསྟར་བྱས་ཡོད། འབྱུང་ཁམས་ཁོར་ཡུག་ལ་གནོད་འཚེ་བཏང་བའི་སྐྱིན་ཚབ་འཇལ་བའི་གྱོད་གཞི་11ཐོ་འགོད་བྱས་ནས་བསྒྲུབས་ཤིང་། བཙོག་འབུད་ཆོག་འཐུས་ལག་ཁྱེར་502དཔྱད་སྤྲོད་བྱས་པ་དང་ཐོ་འགོད་སྙན་སེང་225བྱས་པས“བརྒྱ་བྱས་པ་གཉིས”ཀྱི་ལས་འགན་སྤུས་ཚད་མཐོན་པོའི་སྒོ་ནས་ལེགས་གྲུབ་བྱུང་ཡོད།
དེ་མིན་ལྗོངས་ཡོངས་སུ་རིམ་རྩིས་བྱས་ན་ནུས་རྒྱུ་གསར་པའི་རླངས་འཁོར་5225ཁ་སྣོན་བྱས་པ་དང་། ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་757ཁྱབ་གདལ་བཏང་བ། གཙང་པོའི་བཙོག་འབུད་སྒོ་650བཅོས་སྒྲིག་བྱས་པ། ཆུ་ཁུངས་སྲུང་སྐྱོང་གི་ལས་གྲྭ་35ལག་བསྟར་བྱས་པ། སྲིད་འཛིན་གྲོང་ཚོ་364ཡི་འཚོ་བའི་བཙོག་ཆུ་བཅོས་སྒྲིག་བཅས་བྱས་པ་ལས་གནམ་མཚོ་འདི་ཉིད་རྒྱལ་ཡོངས་ཀྱི“མཛེས་སྡུག་ལྡན་པའི་མཚོ་མཚེའུ”སྲུང་སྐྱོང་གི་ཕུལ་བྱུང་དཔེ་མཚོན་ལ་བདམས་ཐོན་བྱུང་བ་དང་། ལྷ་ས་དང་། ལྷོ་ཁ། གཞིས་ཀ་རྩེ་སོགས“སྙིགས་མེད་གྲོང་ཁྱེར”གཏོད་རྒྱུར་སྐུལ་འདེད་བཏང་བ། ས་ཁུལ(གྲོང་ཁྱེར)7གྱི་སྨན་བཅོས་སྙིགས་རོ་གཅིག་སྡུད་ཐག་གཅོད་ལྟེ་གནས་ཀྱི་ཚད་གཞི་མཐོ་རུ་གཏོང་བའི་སྒྱུར་བཀོད་ལས་གྲྭ་ལེགས་གྲུབ་བྱུང་བ། རྫས་འགྱུར་དངོས་པོའི་ཁོར་ཡུག་ཆ་འཕྲིན་བསྡོམས་རྩིས་བརྟག་དཔྱད་ཐད་ཀྱི་རེས་སྐོར་དང་པོ་ལེགས་གྲུབ་བྱུང་བ། འཚོ་བའི་གད་སྙིགས་གཙང་སེལ་གྱི་སྒྲིག་ཆས་ཁྱོན་318བསྐྲུན་པ། རྒྱལ་ཁབ་ཀྱི་འབྱུང་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དཔེ་སྟོན་ཁུལ་4དང་།རི་སྔོན་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་ལག་ལེན་གསར་གཏོད་རྟེན་གཞི་2གསར་དུ་བསྐྲུན་པ། ས་ཁུལ(གྲོང་ཁྱེར)7ཚང་མར་རྒྱལ་ཁབ་ཀྱི་འབྱུང་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དཔེ་སྟོན་ཁུལ་བསྐྲུན་པ་བཅས་ལེགས་གྲུབ་བྱུང་ཡོད། (ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社