分享按钮

གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ལྷ་སའི་མཐོ་གསར་ཁུལ་གྱི་མཚན་མོའི་དཔལ་འབྱོར་འཕེལ་རྒྱས་འགྲོ་ཚུལ་ལ་བརྟག་ཞིབ་བྱས་པ།

ཟླ་བས་རུ་སྣེ་ཁྲིད་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཚེས་5ཉིན། གྲོང་ཁྱེར་མི་དམངས་འཐུས་ཚོཊ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཟླ་བ་ཡིས་བརྟག་ཞིབ་ཚོཊ་ཆུང་གི་སྣེ་ཁྲིད་དེ་བཞུགས་མོལ་ཚོགས་འདུ་འཚོགས་པ་དང་ཡུལ་དངོས་སུ་བརྟག་ཞིབ་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་ནས་ལྷ་སའི་མཐོ་གསར་ཁུལ་གྱི་མཚན་མོའི་དཔལ་འབྱོར་ལས་རིགས་འཕེལ་རྒྱས་འགྲོ་ཚུལ་ལ་བརྟག་ཞིབ་བྱས་པ་རེད།

ཟླ་བ་དང་བཅས་པ་ལྷ་སའི་དབྱིངས་ཞེས་པའི་མཚན་ཁྲོམ་སོགས་སུ་བསྐྱོད་དེ་མཚན་མོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁོར་ཡུག་དང་བྱེད་ཐབས་དོན་འཁྱོལ་སོགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་བྱས་པ་དང་། སྐུ་མགྲོན་གྱི་མང་ཉུང་དང་ཚོང་པའི་ཚོང་གཉེར་གྱི་གནས་ཚུལ་སོགས་ཤེས་རྟོགས་ཞིབ་ཕྲ་བྱས་པར་མ་ཟད། ཞབས་ཞུ་དང་དོ་དམ་གྱི་ཆུ་ཚད་མཐོ་རུ་གཏོང་བ་དང་། ལེགས་ཆ་ལྡན་པའི་ཐོན་ཁུངས་སྤྱོད་པ། ལས་རིགས་ཀྱི་རྣམ་པ་ལེགས་སུ་གཏོང་བ་བཅས་བྱས་ནས་མཚན་མོའི་དཔལ་འབྱོར་དར་རྒྱས་སུ་གཏོང་རྒྱུའི་ཐད་བསམ་འཆར་དང་གྲོས་འགོ་ཡང་བཏོན་པ་རེད།

བརྟག་ཞིབ་བྱེད་རིང་། ཟླ་བ་ཡིས་ལྷ་སའི་མཐོ་གསར་ཁུལ་གྱིས་མཚན་མོའི་དཔལ་འབྱོར་འཕེལ་རྒྱས་ཐད་བསྒྲུབས་པའི་ལས་དོན་ལ་གདེང་འཇོག་གང་ལེགས་གནང་བ་རེད། ཁོང་གིས་བླང་བྱ་བཏོན་དོན། རིམ་ཁག་རྩ་འཛུགས་ཀྱིས་མཚན་མོའི་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་གྲོང་ཨུད་ཀྱི་བཀོད་སྒྲིག་ལག་ལེན་བསྟར་བ་དང་། སྲིད་གཞུང་གིས་ཁྲིད་སྟོན་བྱེད་པ། སྤྱི་ཚོགས་ཞུགས་པ། འཛད་སྤྱོད་ལ་སྐུལ་འདེད་གཏོང་བ། ལས་གནས་མང་དུ་གཏོང་བ། གྲོང་མིའི་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ། གྲོང་ཁྱེར་གྱི་གསོན་ཤུགས་ཆེ་རུ་གཏོང་བ་བཅས་ཀྱི་ཐད་འབད་བརྩོན་བྱེད་དགོས་པ་དང་། དངོས་ཐོག་བདེན་འཚོལ་གྱི་རྩ་དོན་གཞིར་བཟུང་གནད་དོན་གྱི་ཕྱོགས་སྟོན་དང་། དམིགས་འབེན་གྱི་ཕྱོགས་སྟོན། མཇུག་འབྲས་ཀྱི་ཕྱོགས་སྟོན་བཅས་མཐའ་འཁྱོངས་བྱས་ཏེ་ཉམས་མྱོང་དང་ཕན་འབྲས་ཕྱོགས་བསྡོམས་ནན་ཏན་བྱེད་པ་དང་། སྡེ་ཚན་གྱི་མཐུན་སྦྱོར་ལ་ཤུགས་རྒྱག་པ། ཚོང་གཉེར་གྱི་ཁོར་ཡུག་ལེགས་སུ་གཏོང་བ་བཅས་བྱས་ནས་མཚན་མོའི་དཔལ་འབྱོར་འཕེལ་རྒྱས་ཁྲོད་གནས་པའི་འགལ་བ་དང་གནད་དོན་དུས་ཐོག་ཏུ་སེལ་དགོས་པར་མ་ཟད། སྲིད་ཇུས་དང་བྱེད་ཐབས་ཁག་ཀྱང་དོན་འཁྱོལ་ཞིབ་ཕྲ་བྱས་ཏེ་མཚན་མོའི་དཔལ་འབྱོར་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།

(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-08 ཟླ་བས་རུ་སྣེ་ཁྲིད་པ། 6 6 拉萨日报藏文 c182251.html 1 གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ལྷ་སའི་མཐོ་གསར་ཁུལ་གྱི་མཚན་མོའི་དཔལ་འབྱོར་འཕེལ་རྒྱས་འགྲོ་ཚུལ་ལ་བརྟག་ཞིབ་བྱས་པ། /enpproperty-->