ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་6ཚེས་6ཉིན་གྱི་ཕྱི་དྲོ། གྲོང་ཁྱེར་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་2023ལོའི་ལྷ་སའི་ཞིབ་དཔྱོད་ལས་ཁུངས་ཀྱི་སྤྱི་ཕན་གཏུག་བཤེར་ཚན་པས་འགན་འཁྲི་སྒྲུབ་ཚུལ་ངོ་སྤྲོད་བྱས་པ་རེད། གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་ཆབ་སྲིད་པུའི་ཀྲུའུ་རེན་སུན་ལིན་ཧྭ་ཡིས་གནས་ཚུལ་ཞིབ་ཕྲ་ངོ་སྤྲོད་བྱས་པ་དང་འབྲེལ་གསར་འགོད་པའི་དྲི་བར་ལན་བཏབ་པ་རེད།
ཡོངས་བསྒྲཊ་ཚོཊ་འདུའི་ཐོག་སུན་ལིན་ཧྭ་ཡིས་ངོ་སྤྲོད་བྱས་པར་གཞིཊ་ན།2023ལོ་ནས་བཟུང་གྲོང་ཁྱེར་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་འབྱུང་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ནས་འབྱུང་ཁམས་ཁོར་ཡུག་ཞིབ་དཔྱོད་ལས་དོན་དེ་སྔར་བས་མངོན་གསལ་དོད་པའི་གནས་བབ་ཏུ་བཞག་སྟེ་རྒྱལ་ཁབ་ཀྱི་འབྱུང་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བ་དང་།“ཆུ་དཔོན་དང་མཚེའུ་དཔོན(ནགས་དཔོན)དང་། ཞིབ་དཔྱོད་དཔོན། ཉེན་རྟོག་དཔོན”བཅས་ཀྱི་ལམ་སྲོལ་དོན་འཁྱོལ་ཡག་པོ་བྱས་པ། རང་སྐྱོང་ལྗོངས་ཞིབ་དཔྱོད་ཁང་གི“ཨེ་ཤེ་ཡའི་ཆུ་མཛོད་སྲུང་སྐྱོང”གི་ཆེད་དོན་བྱེད་སྒོ་དོན་འཁྱོལ་བྱས་ནས་འབྱུང་ཁམས་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོང་ཁྱབ་ཁོངས་ཀྱི་ཁུངས་སྣེ་401དང་། གྱོད་གཞི་272ཐོ་འགོད་བྱས་པ། གྱོད་གཞི་39གྲོས་མོལ་བྱས་ནས་མཇུག་བསྒྲིལ་བ། ཞིབ་དཔྱོད་ཀྱི་གྲོས་འགོ་46བཏོན་པ་བཅས་བྱས་ཡོད།
སྲིད་འཛིན་ལས་ཁུངས་དང་འབྲེལ་གཏུག་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་དང་མཉམ་དུ《སྤྱི་ཕན་གཏུག་བཤེར་ཞིབ་དཔྱོད་བྱེད་རིང་མཉམ་ལས་གཞོགས་འདེགས་བྱེད་ཤུགས་ཆེ་རུ་གཏོང་བའི་སྐོར་གྱི་ལྷ་ས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་ལྷ་ས་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱི་བསམ་འཆར》ལ་མིང་རྟགས་བཀོད་དེ་ལྷ་སའི་སྐྱིད་ཆུའི་འབབ་རྒྱུད་ཀྱི་འབྱུང་ཁམས་ཁོར་ཡུག་ལ་དམིགས་ནས་ནག་ཆུ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་དང《ལྷ་སའི་སྐྱིད་ཆུའི་འབབ་རྒྱུད་ཀྱི་འབྱུང་ཁམས་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོང་མཉམ་ལས་ཀྱི་ལམ་སྲོལ》ལ་མིང་རྟགས་བཀོད་དེ་གོང་གསལ་གྱི་ལམ་སྲོལ་ལ་བརྟེན་ནས་ཁུངས་སྣེ་ཁག་10ལྷག་ཙམ་སྐྱེལ་ཐུབ་པ་བྱུང་ཡོད། ཆེད་མངགས་གདན་ཞུས་བྱས་པའི་ཞིབ་དཔྱོད་དཔོན་གྱི་ལས་རོགས་ལམ་ལུགས་བཙུགས་ནས་གྱོད་གཞི་10ལྷག་ཙམ་ཐག་གཅོད་བྱས་ཡོད། གྲོང་ཁྱེར་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་བྱ་སྤྱོད་ལ་རོགས་རམ་བྱས་ནས་འབྱུང་ཁམས་ཁོར་ཡུག་དང་འབྲེལ་བ་ཡོད་པའི་སྤྱི་ཕན་གཏུག་བཤེར་གྱི་ཁུངས་སྣེ་313བདག་སྤྲོད་བྱས་པ་དང་གྱོད་གཞི་207ཐོ་འགོད་བྱས་པས་གྲུབ་འབྲས་བཟང་པོ་ཐོབ་ཡོད།
དེ་དང་ཆབས་ཅིག“གཞི་རིམ་དུ་སྐྱོད་པ་བཞི”ཞེས་པའི་བཅའ་ཁྲིམས་གྲོང་ཚོར་སྐྱེལ་བ་དང་། “3.28བཅའ་ཁྲིམས་ཀྱི་དྲིལ་བསྒྲགས་ཉིན་མོ”སོགས་ཀྱི་བྱེད་སྒོ་དང་ཟུང་འབྲེལ་བྱས་ནས་སྤྱི་ཕན་གཏུག་བཤེར་གྱི་ཞིབ་དཔྱོད་ལས་དོན་དྲིལ་བསྒྲགས་གཏིང་ཟབ་ཏུ་བཏང་ཡོད། བོད་རྒྱ་ཤན་སྦྱར་གྱི་སྤྱི་ཕན་གཏུག་བཤེར་གྱི་དྲིལ་བསྒྲགས་ལག་དེབ་1900ལྷག་ཙམ་སྤྲད་པ་དང་།ཞིབ་དཔྱོད་སྤྱི་ཕན་གཏུག་བཤེར་གྱི་དྲིལ་བསྒྲགས་ལག་དེབ་གསར་གཏོད་བྱས་པར་མ་ཟད།སྤྱི་ཕན་གཏུག་བཤེར་གྱི་དྲིལ་བསྒྲགས་པར་གཞི་བརྙན་དུ་བླངས་ཡོད། “སྤྱི་ལ་ཕན་སེམས་བཅངས”ཞེས་པའི་དང་བླངས་པའི་ཞིབ་དཔྱོད་སྤྲིན་སྟེགས་ལས་དོན་དོན་འཁྱོལ་ནན་ཏན་བྱས་ནས་དང་བླངས་པ་100ལྷག་ཙམ་བསྡུས་ཡོད། དྲིལ་བསྒྲགས་བྱས་པ་བརྒྱུད་མང་ཚོགས་ཀྱིས་ཐེར་འདོན་བྱས་པའི་གྱོད་གཞི་60ལྷག་ཙམ་འབྱོར་ནས་དུས་མཚུངས་ལས་ལྡབ་10ལྷག་ཙམ་འཕར་ཡོད།
སླད་ཕྱིན་གྲོང་ཁྱེར་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་དང་ཁྲིམས་འཛིན་གྱི་འདུ་ཤེས་མཐའ་འཁྱོངས་བྱས་ནས་མི་དམངས་མང་ཚོཊ་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་གསར་པ་དང་བསྟུན་གང་ཐུབ་བྱེད་པ་དང་།སྤྱི་ཕན་གཏུག་བཤེར་གྱི་ཞིབ་དཔྱོད་འགན་འཁྲི་སྒྲུབ་པའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། མཛེས་སྡུག་ལྡན་པའི་ལྷ་ས་འཛུཊ་སྐྲུན་བཅས་བྱ་ཆེད་ཞིབ་དཔྱོད་ཀྱི་སྟོབས་ཤུཊ་ལེཊ་སྐྱེས་སུ་འབུལ་རྒྱུ་ཡིན་པ་རེད།
(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社