མི་རིགས་ཀྱི་རིག་གནས་དར་སྤེལ་གཏོང་བ་དང་།བྱིས་པའི་མི་རིགས་ཀྱི་སྤོབས་སེམས་འཕེལ་བར་བྱེད་པ། མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་དང་རྒྱལ་གཅེས་ཀྱི་སྙིང་སྟོབས་ཆེ་རུ་གཏོང་ཆེད། ཁྲེང་ཀོན་ཆུས་བུ་བཅོལ་ཁང་བཅུ་བཞི་པ་བཙུགས་པ་ནས་བཟུང“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། བློ་སེམས་གཅིག་མཐུན་གྱིས་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད”ཅེས་པའི་མི་རིགས་ལས་དོན་གྱི་སྤྱིའི་དམིགས་ཚད་ལ་དམིགས་ནས་མི་རིགས་ཁག་གི་དགེ་རྒན་དང་། བྱིས་པ། ཁྱིམ་བདག་བཅས་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་ཤུགས་སྣོན་རྒྱག་རྒྱུ་དེ་རྩ་བའི་ཐབས་ལམ་དུ་བཟུང་ནས་སྣ་མང་ཕུན་སུམ་ཚོགས་པའི་མི་རིགས་མཐུན་སྒྲིལ་གྱི་ལས་དོན་སྤེལ་ཡོད། 2022ལོར་སྔ་རྗེས་སུ“ལྗོངས་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོའི་དཔེ་བཟང་སློབ་གྲྭ”དང“ཁྲེང་ཀོན་ཆུས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཚན་པ” 2024ལོའི“ལྷ་ས་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་སློབ་གྲྭ”སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད་པ་རེད།
ཉེ་ཆར། མི་རིགས་ཁག་གི་གྱོན་ཆས་གྱོན་པའི་གྲོགས་པོ་ཆུང་ཆུང་ཚོས་ལུས་རྩལ་ཐང་དུ་མི་རིགས་ཁག་གི་ཞབས་བྲོ་འཁྲབ་པས་ཁོང་ཚོའི་ངོ་གདོང་ལ་འཛུམ་མདངས་དང་ཡིད་ཆེས་ཀྱིས་ཁེངས་ཤིང་། མི་རིགས་ཀྱི་ཞབས་བྲོ་འཁྲབ་པར་བརྟེན་ནས་ཕྲུ་གུ་ཚོར་མི་རིགས་ཁག་གི་རྒྱན་གོས་ཀྱི་ཁྱད་ཆོས་ཤེས་སུ་བཅུག་སྟེ“མི་རིགས་56ནི་ཁྱིམ་ཚང་གཅིག་ཡིན”ཞེས་པའི་མི་རིགས་ལྟ་བ་ཕྲུ་གུ་ཚོའི་སེམས་སུ་འཇགས་པར་བྱས་ཡོད། ཞོགས་ཟས་བཟས་ཚར་རྗེས། བུ་བཅོལ་ཁང་དེའི་ལོ་རིམ་གསུམ་པའི་ཕྲུ་གུ་ཚོས་དགེ་རྒན་གྱི་རོགས་རམ་འོག་མ་བྱན་གྱི་ཞྭ་མོ་དང་ལག་ཤུབས་གྱོན་ནས་ཆུ་མོག་དང་། ཐང་ཡོན། ཙུང་ཙི། གྲོ་མ་འབྲས་སིལ་སོགས་བཟོས་ཤིང་། ཡུན་རིང་མ་སོང་བར་དབྱིབས་མི་འདྲ་བ་དང་གསར་གཏོད་ཀྱི་དམིགས་བསལ་གྱི་ཆ་ལྡན་པའི་ཆུ་མོག་དང་། ཐང་ཡོན། ཙུང་ཙི། གྲོ་མ་འབྲས་སིལ་སོགས་བཟོས་ཚར་བ་རེད། བྲོ་བ་མི་འདྲ་བ་དང་བཟོ་ལྟ་མི་འདྲ་བའི་ཟས་རིགས་གིས་ཕྲུ་གུ་ཚོར་ཤུགས་རྐྱེན་ཐེབས་པར་བྱས་ནས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་སློབ་སྦྱོང་བྱེད་དུ་བཅུག་ཡོད།
བུ་བཅོལ་ཁང་དེའི་སློབ་མ་སྤེན་པ་ཚེ་སྐྱིད་ཀྱིས་དགའ་སྤྲོའི་ངང་ཡངས་ཤིང་རྒྱ་ཆེ་བའི་ས་གཞི་འདིའི་སྟེང་མི་རིགས་56འཚོ་བ་སྐྱེལ་བཞིན་ཡོད་པ་དང་། མི་རིགས་ཁག་གི་བུ་ཕྲུག་ཚོས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་མེས་རྒྱལ་གྱི་བྱ་གཞག་ཁག་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་ཡོང་བར་བྱེད་བཞིན་ཡོད། ང་རང་རླབས་ཆེན་གྱི་ཀྲུང་གོའི་མངའ་འོག་ཏུ་འཚར་ལོངས་བྱུང་བས་སྤོབས་པ་སྐྱེ་ཡི་འདུག་ཅེས་བཤད།
དགེ་སློབ་ཚོ་དང་ལས་བཟོ་བ་ཚོས་ཆ་སྒྲིག་རྣམ་པའི་ཐོག་ནས་མཉམ་དུ་མི་རིགས་གཅིག་གི་སྐད་དང་། གླུ། ཞབས་བྲོ་སོགས་སྦྱངས་པ་དང“འབྲེལ་གསུམ་སྐྱོད་གསུམ་འགྲོགས་འདྲིས་གཅིག”གི་བྱེད་སྒོ་དེའང་ཁྲེང་ཀོན་ཆུས་བུ་བཅོལ་ཁང་བཅུ་བཞི་པའི་བཀྲག་མདངས་འཚེར་སར་གྱུར་ཡོད། བོད་རྒྱའི་དགེ་རྒན་དང་ལས་བཟོ་བ་དབར་ཕན་ཚུན་སློབ་སྦྱོང་དང་རོགས་རམ་བྱས་པས་དགེ་རྒན་ཚོའི་རྒྱལ་གཅེས་རིང་ལུགས་ཀྱི་བརྩེ་བ་འཕེལ་བ་དང་།དགེ་རྒན་དབར་གྱི་མཐུན་སྒྲིལ་རོགས་རེས་ཀྱི་སྙིང་སྟོབས་སྔར་བས་ཆེ་རུ་ཕྱིན་ནས་མི་རིགས་མཐུན་སྒྲིལ་གསར་གཏོད་ལས་དོན་གྱི་རིམ་པ་སླར་ཡང་མཐོ་རུ་གཏོང་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད། བུ་བཅོལ་ཁང་དེའི་དགེ་རྒན་ཡན་ཡའོ་ཡིས་ཆ་སྒྲིག་རྣམ་པ་བརྒྱུད་སྤྱི་སྐད་སློབ་སྦྱོང་བྱས་པས་ང་ཚོས་གྲངས་ཉུང་མི་རིགས་ཀྱི་དགེ་རྒན་གྱི་སྒྲ་མི་དག་པར་ཡོ་བསྲང་དང་། སྐད་ཆ་ཤོད་པའི་ནུས་པ་ཆེ་རུ་གཏོང་རོགས་བྱས་ཡོད་ལ། རྒྱ་རིགས་དགེ་རྒན་གྱིས་ཀྱང་གྲངས་ཉུང་མི་རིགས་ཀྱི་དགེ་རྒན་གྱི་མདུན་ནས་མི་རིགས་རིག་གནས་དང་ཤེས་བྱ་དེ་བས་མང་བ་སློབ་སྦྱོང་བྱེད་ཐུབ་པས་བྱེད་སྒོ་འདི་ནི་ང་ཚོས་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་དང་མི་རིགས་སྤེལ་རེས་བྱེད་ཤུགས་ཆེ་རུ་གཏོང་བའི་བྱ་སྤྱོད་ཅིག་རེད་ཅེས་བཤད།
ཁོར་ཡུག་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། བུ་བཅོལ་ཁང་གི་དོན་དངོས་དང་ཟུང་འབྲེལ་བྱ་ཆེད། ཁྲེང་ཀོན་ཆུས་བུ་བཅོལ་ཁང་བཅུ་བཞི་པས་རང་སྐྱོང་ལྗོངས་ཀྱི་སྐད་གཉིས་སློབ་དེབ་དེ་ཁྱབ་ཁོངས་ཆེན་པོ་ལྔའི་སློབ་ཁྲིད་ནང་བཅུག་ནས“མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ”ཞེས་པ་གཙོ་དོན་དུ་བྱས་པའི་མི་རིགས་56གི་ཡུལ་སྲོལ་གོམས་གཤིས་དང་མཉམ་འདྲེས་བྱས་ནས་དམངས་སྲོལ་གོམས་གཤིས་ཀྱི་ཁྱམས་རིང་དང་། དེ་བཞིན་མི་རིགས་ཀྱི་ཁྱད་ལྡན་ཉམས་ལེན་ཁང་གཏོད་པ་དང་། བྱིས་པར་མི་རིགས་ཁག་གི་སྣ་མང་ཕུན་སུམ་ཚོགས་པའི་དམངས་སྲོལ་གོམས་གཤིས་མྱོང་ཚོར་བྱེད་དུ་བཅུག་ཡོད་ལ། འཛིན་གྲྭ་ཁག་གིས་བྱིས་པའི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ་སློབ་ཁང་ནང“མི་རིགས་མཐུན་སྒྲིལ་རང་ཉིད་ནས་འགོ་འཛུགས་དགོས”ཞེས་པའི་འགྲེམས་ཁུལ་དང་། ཁོར་ཡུག་གསར་འཛུགས། སྐད་གཉིས་ལེ་ཚན་བཅས་བཏོད་ནས་བྱིས་པར་ཆུང་དུས་ནས་མེས་རྒྱལ་ལ་དགའ་བ་དང་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་ལ་དགའ་པོ་བྱ་རྒྱུར་སྐུལ་སློང་བྱས་ཡོད་པ་རེད།
དེ་དང་ཆབས་ཅིག་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་གྱི་གཙོ་དོན་ལ་དམ་པོར་དམིགས་ནས་འགྲེམས་པང་དང་། གཏམ་བཤད་འགྲན་བསྡུར། ཁྱིམ་གཞིས་འབྲེལ་གཏུག་སོགས་ཀྱི་གཞི་རྟེན་སྤྱད་དེ་ཁྱིམ་བདག་དང་སྤྱི་ཚོགས་ལ་ཕྱོགས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཤེས་བྱ་དང་སྲིད་ཇུས་ཁྲིམས་སྲོལ་དྲིལ་བསྒྲགས་ཤུགས་ཆེན་བྱས་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་སློབ་གྲྭ་དང་ཁྱིམ་ཚང་དུ་སྤེལ་རྒྱུར་སྐུལ་འདེད་བཏང་ཡོད་པ་རེད།
ཁྲེང་ཀོན་ཆུས་བུ་བཅོལ་ཁང་བཅུ་བཞི་པའི་ཡོན་ཀྲང་ཝུའུ་ཅན་གྱིས་ཉེ་བའི་ལོ་ཤས་རིང་། ང་ཚོས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་དེ་བུ་བཅོལ་ཁང་གི་ཉིན་གཅིག་གི་བྱེད་སྒོ་དང་། སློབ་གསོ་གཅིག་སྡུད་བྱེད་སྒོ། གཙོ་དོན་བྱེད་སྒོ་བཅས་ལ་བརྩིས་ནས་ཁོངས་གཏོགས་ཁུལ་དུ་རོལ་རྩེད་དང་། ཁྱིམ་ཚང་དང་སྤྱི་ཚོགས་ཀྱི་སློབ་གསོ་བཅས་དང་ཟུང་འབྲེལ་བྱས་ཏེ་གསར་བརྗེའི་གཞི་རྒྱུ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་བཅས་རྒྱུན་འཛིན་དང་མཉམ་འདྲེས་བྱས་པ་དང་། ཕྲུ་གུ་ཚོའི་མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་ཕུན་སུམ་ཚོགས་སུ་ཕྱིན་པར་བྱས་ཡོད་ལ་ཕྲུ་གུ་ཚོར་ཀྲུང་ཧྭའི་རིག་གནས་འདི་ཉིད་རྒྱ་ཆེ་ཞིང་གཏིང་ཟབ་པའི་མྱོང་ཚོར་ཐུབ་པ་དང་རྒྱལ་གཅེས་ཀྱི་བརྩེ་བ་འཕེལ་བར་བྱས་ཡོད་ཅེས་བཤད། (ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社