ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་6ཚེས་6ཉིན། ལྷ་ས་གྲོང་ཁྱེར་དོ་དམ་ཅུས་ལས་ཁུངས་ཏང་ཨུད་ཀྱིས་རྔ་ཆེན་ཁྲོམ་གཞུང་ལམ་བྱང་སྡེ་ཁུལ་དང་ཀརྨ་དགོན་གསར་ཁྲོམ་གཞུང་འཇག་མ་སྒང་སྡེ་ཁུལ་ལ་མཉམ་འབྲེལ་བྱས་ནས་ལྔ་པའི་ཚེས་ལྔའི་དུས་ཆེན་བསུ་བའི་མི་རིགས་མཐུན་སྒྲིལ་གྱི་བརྩེ་དུང་ཟབ་མོ་ལྡན་པའི་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོ་སྤེལ་ཡུལ་དུ་སྡེ་ཁུལ་གྱི་ཧྲུའུ་ཅི་དང་པོས་ཡུལ་དངོས་སུ་མང་ཚོགས་ལ་ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་མིང་གི་འབྱུང་ཁུངས་དང་། ལོ་རྒྱུས་ཀྱི་འབྱུང་ཁུངས། དུས་ཆེན་གྱི་གོམས་སྲོལ་དང་ཁྱད་ཆོས་སོགས་ངོ་སྤྲོད་ཞིབ་ཕྲ་བྱས་ནས་མང་ཚོགས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ལ་ཁས་ལེན་བྱེད་ཤུགས་ཆེ་རུ་བཏང་ཡོད། ཙུང་ཙི་བཟོ་སྐབས་ཚང་མ་མཉམ་དུ་བསྡད་ཅིང་། སྔོན་ལ་གྲ་སྒྲིག་བྱས་པའི་ཙུང་ཙི་བཟོ་བྱེད་ཀྱི་ལོ་མ་ལག་ཏུ་བཟུང་ནས་ཕན་ཚུན་སྤེལ་རེས་བྱས་ཏེ་ཙུང་ཙི་བཟོ་བའི་ཐབས་རྩལ་ཐད་སློབ་སྦྱོང་བྱེད་ཀྱི་ཡོད། ལོ་མ་ལྟེབ་པ་དང་། ཆང་འབྲས་བླུགས་པ། ཆི་བི་ཁ་བླུགས་པ་སོགས་བྱས་ནས་ཡུལ་དངོས་སུ་དགོད་སྒྲས་ཁེངས་ཡོད།
བྱེད་སྒོའི་ཁྲོད། ལྷ་ས་གྲོང་ཁྱེར་དོ་དམ་ཅུས་ཀྱི་ཏང་ཡོན་ལས་བྱེད་པས་ད་དུང་ཡུལ་དངོས་ཀྱི་མང་ཚོཊ་ལ་འབར་རླངས་བདེ་འཇཊ་དང་གད་སྙིཊ་རིཊ་དབྱེའི་དྲིལ་བསྒྲཊ་ལག་དེབ་སྤྲད་དེ་མང་ཚོགས་ལ་རྒྱུན་གཏན་སོལ་རླངས་བེད་སྤྱོད་གཏོང་སྐབས་དོ་སྣང་བྱ་ཡུལ་དང་གད་སྙིགས་རིགས་དབྱེའི་ཤེས་བྱ་ཁྱབ་གདལ་བཏང་ནས་མང་ཚོགས་གྲོང་ཁྱེར་དོ་དམ་ལས་དོན་ནང་ཞུགས་རྒྱུར་ཁྲིད་སྟོན་བྱས་ཏེ་ཐུན་མོང་ཐོག་གྲོང་ཁྱེར་དོ་དམ་དང་བཅོས་སྐྱོང་བྱེད་པར་སྐུལ་འདེད་བཏང་བ་རེད།
ལྷ་ས་གྲོང་ཁྱེར་དོ་དམ་ཅུས་ཀྱི་སྲིད་དོན་ལས་དོན་ཚན་ཁག་གི་ཁའོ་ཀྲང་རྒྱལ་མཚན་རྡོ་རྗེ་ཡིས་བྱེད་སྒོ་བརྒྱུད་ནས་མང་ཚོགས་ཀྱི་རེ་འདུན་དང་དེ་བཞིན་གྲོང་ཁྱེར་དོ་དམ་ལས་དོན་ཐད་ཀྱི་མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོ་ཤེས་རྟོགས་བྱ་རྒྱུའི་རེ་བ་ཡོད། སླད་ཕྱིན་ང་ཚོས་ཀྱང་མུ་མཐུད་བྱེད་སྒོ་དེ་རིགས་སྤེལ་ནས་གྲོང་ཁྱེར་དོ་དམ་ལས་དོན་དྲིལ་བསྒྲགས་བྱེད་པ་དང་དུས་མཚུངས་མི་རིགས་ཁག་གི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ཐད་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།
(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社