分享按钮

(པར་ངོས་དང་པོར་མཐུད)ཀྲུང་གོ་དང་ཨ་རིའི་སློབ་གསོའི་མཉམ་ལས་ཀྱི་མཚོན་རྟགས་རང་བཞིན་གྱི་རྣམ་གྲངས་ཤིག་ཏུ་གྱུར་པས་མི་རྣམས་དགའ་བ་སྐྱེ་འོས་པ་ཞིག་རེད་ཅེས་གསུངས་པ་རེད།

ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨ་རིའི་འབྲེལ་བ་དེ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་བདེ་སྐྱིད་དང་མིའི་རིགས་ཀྱི་མདུན་ལམ་གྱི་ལས་དབང་དང་འབྲེལ་བ་ཡོད། སློབ་གསོ་སྤེལ་རེས་མཉམ་ལས་ཀྱིས་རྒྱལ་ཁབ་གཉིས་པོའི་མི་དམངས་དང་། ལྷག་པར་དུ་གཞོན་ནུའི་དབར་ཕན་ཚུན་ཤེས་རྟོགས་དང་བློ་ཐག་ཉེ་རུ་འགྲོ་བར་སྐུལ་འདེད་གཏོང་རྒྱུར་ཕན་ཐོགས་ཡོད་པས། དེ་ནི་ཀྲུང་གོ་དང་ཨ་རིའི་འབྲེལ་བ་འཕེལ་རྒྱས་གཏོང་བའི་འབྱུང་འགྱུར་གྱི་ལས་གཞི་ཞིག་རེད། ཁྱེད་ཀྱི་འཕྲིན་ཡིག་ནང་ཝུན་ཀྲོའུ་ཁེན་ཨེན་སློབ་ཆེན་དང་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུ་དང་། ཨ་རིའི་སློབ་མ་ཀྲུང་གོར་སྤེལ་རེས་དང་སློབ་སྦྱོང་བྱེད་པར་ཡོང་རྒྱུར་སྐུལ་མ་གཏོང་རྒྱུ་ཡིན་ཞེས་བརྗོད་འདུག་པས། ང་རང་ནས་དོན་དེར་བསྔགས་བརྗོད་ཞུ་རྒྱུ་ཡིན། རྒྱལ་ཁབ་གཉིས་པོའི་མཐོ་སློབ་ཀྱིས་རྣམ་པ་སྣ་ཚོགས་བརྒྱུད་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། ཀྲུང་གོ་ཤེས་རྟོགས་དང་ཨ་རིར་རྒྱུས་མངའ་ཡོད་པའི་གཞོན་ནུ་ཕོ་ཉ་གསོ་སྐྱོང་བྱས་ཏེ་ཀྲུང་གོ་དང་ཨ་རིའི་མཛའ་གྲོགས་ལ་སྐུལ་འདེད་གཏོང་ཆེད་འབྲེལ་ཟམ་དེ་བས་མང་བ་སྐྲུན་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

ཞི་ཅིན་ཕིང་གི་འཕྲིན་ལན་ནང་། ཁྱེད་དང་ཨ་རིའི་སློབ་གསོའི་ལས་རིགས་ཀྱི་མི་སྣ་གཞན་དག་ཀྲུང་གོར་མཁྱེན་རྟོགས་གནང་བར་ཕེབས་རྒྱུར་དགའ་བསུ་ཞུ་རྒྱུ་དང་སྦྲགས་སློབ་སྤྱི་ཟུར་པ། འབུམ་རམས་པ་ཧྥ་ལ་ཤིས་ལ་འཚམས་འདྲི་ཞུ་རོགས་གནང་ཞེས་གསུངས་པ་རེད།

2006ལོའི་ཟླ་5པར། སྐབས་དེ་དུས་ཀྲེ་ཅང་ཞིང་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་ཡིན་པའི་ཞི་ཅིན་ཕིང་གི་ཐུགས་ཁུར་དང་སྐུལ་འདེད་འོག ཝུན་ཀྲོའུ་སློབ་ཆེན་དང་ཨ་རིའི་ཁེན་ཨེན་སློབ་ཆེན་གཉིས་དབར་དངོས་སུ་གན་རྒྱ་བཞག་ནས་མཉམ་ལས་བྱས་ཏེ་ཝུན་ཀྲོའུ་ཁེན་ཨེན་སློབ་ཆེན་འཛུགས་རྒྱུའི་གཏན་འབེབས་བྱས་པ་རེད། 2014ལོར་སློབ་གསོ་པུའུ་ཡི་ཆོག་མཆན་ཐོབ་པ་བརྒྱུད་ཝུན་ཀྲོའུ་ཁེན་ཨེན་སློབ་ཆེན་དངོས་སུ་བཙུགས་པ་དང་། མིག་སྔར་དངོས་གཞིའི་སློབ་མ་དང་། རབ་འབྱམས་པ། འབུམ་རམས་པ་བཅས་མི་གྲངས་4500ཙམ་ཡོད་པ་དང་། སྐབས་8ཀྱི་དངོས་གཞིའི་ཚན་ཁག་གི་སློབ་ཐོན་སློབ་མ་3300ལྷག་ཙམ་གསོ་སྐྱོང་བྱས་ཡོད། ཉེ་ཆར། ཨ་རིའི་ཁེན་ཨེན་སློབ་ཆེན་གྱི་སློབ་སྤྱི་ལེ་ཕོ་ལེ་ཐེས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ནས་མཉམ་ལས་སློབ་གཉེར་གྱི་གནས་ཚུལ་དང་གྲུབ་འབྲས་ངོ་སྤྲོད་ཞུས་ཡོད་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་གྲོས་འགོར་དང་ལེན་ཧུར་ཐག་ཞུས་ཐོག ཨ་རིའི་གཞོན་ནུ་ལོ་ཆུང་དེ་བས་མང་བ་ཀྲུང་གོར་སྤེལ་རེས་དང་སློབ་སྦྱོང་བྱེད་པར་ཡོང་རྒྱུར་རོགས་རམ་བྱེད་པ་དང་། ཀྲུང་གོ་དང་ཨ་རིའི་གཞོན་ནུ་མི་རབས་དབར་སྤེལ་རེས་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།

(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-08 6 6 拉萨日报藏文 c182248.html 1 /enpproperty-->