分享按钮

གྲོང་ཁྱེར་གྱི་དབུ་ཁྲིད་ཀྱིས་རང་གྲོང་གི་ཆུ་དཔོན་ལམ་ལུགས་དང་ནགས་དཔོན་ལམ་ལུགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བ།

(པར་ངོས་དང་པོར་མཐུད)ལྷ་ས་གཙང་པོའི་ཆུ་སྒོ་ཨང་5པ་དང་། པའོ་པིན་ཧྲན་གྱི་ནུབ་ཁུལ། གཙང་འགྲམ་སྤྱི་གླིང་གི་དུས་རིམ་གཉིས་པ་སོགས་སུ་ཡུལ་དངོས་སུ་བརྟག་ཞིབ་དང་འཚམས་འདྲི་གནང་སྟེ་ཆུ་དཔོན་ལམ་ལུགས་དང་ནགས་དཔོན་ལམ་ལུགས་ཀྱི་ལས་དོན་ཁག་དོན་འཁྱོལ་བྱས་ཚུལ་དང་དེ་བཞིན་མིག་སྔར་གནས་པའི་དཀའ་ངལ་དང་གནད་དོན་ཤེས་རྟོགས་ཞིབ་ཕྲ་གནང་བ་དང་འབྲེལ་ས་གནས་ས་ཐོག་ཏུ་གནད་དོན་ཐག་གཅོད་བྱ་ཐབས་ཀྱང་བཏོན་གནང་བ་རེད། ལྷ་ས་གཙང་པོའི་ཆུ་སྒོ་ཨང་5པར་ཀྲའོ་ཧུའེ་ཉན་གྱིས་ཆུ་ངོགས་ཀྱི་རྒྱུན་གཏན་དོ་དམ་སྲུང་སྐྱོང་དང་ཆུ་ལམ་བཅོས་སྒྲིག་སོགས་ཀྱི་ལས་དོན་སྤེལ་ཚུལ་ལ་ས་གནས་ས་ཐོག་ཏུ་ལྟ་ཞིབ་གནང་ནས་རིམ་ཁག་འབྲེལ་ཡོད་སྡེ་ཚན་ལ་ཆུ་ངོགས་དང་ཆུ་ལམ་གྱི་འཕྲོད་བསྟེན་གཙང་སེལ་ལ་ཤུགས་སྣོན་བརྒྱབ་སྟེ་ཆུ་ངོགས་སྔོ་འགྱུར་བར་ཁྱམས་རིང་པོའི་ས་སེར་གྱི་ཁག་གཅིག་ལ་གོ་སྐབས་དམ་འཛིན་བྱས་ནས་གསབ་འདེབས་བྱས་ཏེ་སྤུས་ཚད་མཐོ་བའི་མཛེས་སྡུག་ལྡན་པའི་ཆུ་མཚེའུ་ལྷ་སའི་དཔེ་མཚོན་གཏོད་དགོས་པ་དང་། ཆུ་སྒོ་ཨང་5པའི་ནུབ་ཕྱོགས་ཀྱི་གསར་སྤེལ་ས་ཆ་ལ་དམིགས་ཏེ་ཀྲའོ་ཧུའེ་ཉན་གྱིས་འབྲེལ་ཡོད་སྡེ་ཚན་ལ་ཤེས་དཔལ་ལྡན་པའི་སྒོ་ནས་ཨར་ལས་བྱེད་པ་དང་དུས་ཐོག་ཏུ་ཨར་ལས་གད་སྙིགས་གཙང་སེལ་བྱེད་པ་དང་ཆབས་ཅིག་སྤང་ལྗོངས་སླར་གསོ་ལས་དོན་ཡག་པོ་བསྒྲུབ་དགོས་པའི་བླང་བྱ་བཏོན་གནང་བ་རེད།

པའོ་པིན་ཧྲན་གྱི་རི་འདབས་སུ། བོད་ལྗོངས་ཡོན་ཧྲེང་བཟོ་ཚོང་གསར་སྤེལ་ཚད་ཡོད་ཀུང་སིས་བོགས་མར་གཏོང་ལེན་བྱས་པའི་ས་ཆའི་ཁོར་ཡུག་བཙོག་ཟིང་དང་མེ་སྐྱོན་སོགས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལྷག་ཡོད་པ་རེད། ཀྲའོ་ཧུའེ་ཉན་གྱིས་ནགས་རྩྭ་སྡེ་ཚན་ལ་ལས་རིགས་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། འབྲོག་བཀག་དང་གསོ་སྤེལ་བཀག་སྡོམ་ལས་དོན་ལ་མུ་མཐུད་སྐུལ་འདེད་གཏོང་རྒྱུའི་བླང་བྱ་བཏོན་པར་མ་ཟད། རིག་གནས་གསར་གཏོད་གླིང་ཁུལ་དོ་དམ་ཨུ་ལྷན་གྱིས་ཁོངས་གཏོགས་ཀྱི་འགན་འཁྲི་སྔར་བས་ཡག་པོ་བསྒྲུབས་ཏེ་ཁོངས་གཏོགས་ཁུལ་གྱི་ཁེ་ལས་ལ་སྤྱི་ཚོགས་ཀྱི་འགན་འཁྲི་ཏན་ཏིག་བསྒྲུབ་རྒྱུར་སྐུལ་འདེད་བཏང་ནས་འགན་འཁྲི་འཁུར་ཁུལ་གྱི་ཁོར་ཡུག་འཕྲོད་བསྟེན་གཙང་བཤེར་དང་བཅོས་སྒྲིག་རང་འགུལ་ངང་ཡག་པོ་བྱས་ཏེ་ལྷོ་བྱང་རི་བོ་སྔོ་འགྱུར་དང་ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་བྱ་སྤྱོད་ཆེན་པོར་ལེགས་སྐྱེས་ཧུར་ཐག་འབུལ་དགོས་པའི་བླང་བྱ་བཏོན་གནང་བ་རེད།

ལྷ་ཞབས་གླིང་ཕྲན་གཙང་འགྲམ་སྤྱི་གླིང་གི་དུས་རིམ་གཉིས་པར་ཀྲའོ་ཧུའེ་ཉན་གྱིས་སྤྱི་གླིང་གི་སྔོ་འགྱུར་དོ་དམ་སྲུང་སྐྱོང་དང་ཆུ་ངོགས་བཅོས་སྐྱོང་བྱས་ཚུལ་ལ་བརྟག་ཞིབགནང་བ་རེད། སྤྱི་གླིང་དོ་དམ་སྲུང་སྐྱོང་གནད་ལ་འཁེལ་མེད་པ་དང་གཙང་འགྲམ་གྱི་སྒྲིག་བཀོད་གཏོར་སྐྱོན་བྱུང་བ་སོགས་ཀྱི་གནད་དོན་ལ་དམིགས་ཏེ་འབྲེལ་ཡོད་འགན་འཁྲི་ཚན་པར་རྒྱུན་གཏན་གྱི་སྐོར་ཞིབ་དང་དུས་ཐོག་ཏུ་བཅོས་སྒྲིག་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་འབྲེལ་སྨྱན་སྦྱོར་གྱི་ལྟ་སྐུལ་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་དམར་འདོན་དང་སྲིད་དོན་བགྲོ་གླེང་སོགས་ཀྱི་བྱ་ཐབས་བརྒྱུད་བཅོས་སྒྲིག་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། དུས་མཚུངས་སུ་རིམ་པ་ཁག་དང་སྡེ་ཚན་ཁག་ལ་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་སྔར་བས་ཆེ་རུ་གཏོང་བ་དང་། ཆུ་དཔོན་ལམ་ལུགས་དང་ནགས་དཔོན་ལམ་ལུགས་ཀྱི་ལས་དོན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་ནགས་ཚལ་བཅོས་སྐྱོང་དང་ནགས་ཚལ་དར་རྒྱས་དང་ཆུ་བཅོས་སྐྱོང་དང་ཆུ་དར་རྒྱས་ཀྱི་གྲུབ་འབྲས་གསར་པ་དང་ཕན་འབྲས་གསར་པ་བཟུང་ནས་ལྷ་སའི་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་སྐས་རིམ་གསར་པར་སླེབས་པར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་རེད།

(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-07 6 6 拉萨日报藏文 c182208.html 1 གྲོང་ཁྱེར་གྱི་དབུ་ཁྲིད་ཀྱིས་རང་གྲོང་གི་ཆུ་དཔོན་ལམ་ལུགས་དང་ནགས་དཔོན་ལམ་ལུགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བ། /enpproperty-->