(པར་ངོས་གསུམ་པར་མཐུད)
སྟོད་ལུང་བདེ་ཆེན་ཆུས།
ཟླ་6ཚེས་5ཉིན།ལྷ་ས་གྲོང་ཁྱེར་འབྱུང་ཁམས་ཁོར་ཡུག་ཅུས་ཀྱི་སྟོད་ལུང་བདེ་ཆེན་ཆུས་ཡན་ལག་ཅུས་ཀྱིས་ཁོངས་གཏོགས་ཁུལ་གྱི་འགྱིག་སྙིགས་འགོག་པའི་ལས་དོན་དང་ཟུང་འབྲེལ་བྱས་ཏེ་གདོང་དཀར་ཁྲོམ་གཞུང་གླིང་སྟོད་སྡེ་ཁུལ་དུ་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུའི་གཙོ་དོན་ལ་དམིགས་ནས་2024ལོའི“6·5”འཛམ་གླིང་ཁོར་ཡུག་ཉིན་མོའི་དྲིལ་བསྒྲགས་སྡེ་ཁུལ་དུ་སྤེལ་བའི་བྱེད་སྒོ་གཉེར་བ་རེད། ལྷ་ས་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་སྟོད་ལུང་བདེ་ཆེན་ཆུས་ཡན་ལག་ཅུས་དང་སྟོད་ལུང་བདེ་ཆེན་ཆུས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་སོགས་ཚན་པ་དྲུག་གིས་ཁོར་ཡུག་སྒྲོག་འགྲེལ་ཁུལ་ཆེན་པོ་དྲུག་བཙུགས་ནས་ཡུལ་དངོས་ཀྱི་མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་ཁོར་ཡུག་སྲུང་སྐྱོང་གི་ཤེས་བྱར་སྤྲོ་སེམས་འཁོལ་བའི་སྒོ་ནས་ལན་བཏབ་པར་མ་ཟད། ཁོང་ཚོར་འབྲེལ་ཡོད་དྲིལ་བསྒྲགས་དཔྱད་གཞི་1000ལྷག་ཙམ་དང་དྲིལ་བསྒྲགས་དངོས་པོ་3600ལྷག་ཙམ་སྤྲད་ཡོད།
བྱེད་སྒོའི་ནང་ད་དུང་ཁོར་ཡུག་སྲུང་སྐྱོང་གི་ཤེས་བྱ་སྒྲོག་འགྲེལ་བྱས་པ་དང་བྱེད་སྒོའི་གཙོ་དོན་ལ་དམིགས་ནས་གཞི་རིམ་མང་ཚོགས་ལ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་བཅའ་ཁྲིམས་ཁྲིམས་སྲོལ་དང་། ནུས་རྒྱུ་གྲོན་ཆུང་དང་ཐཱན་ཉུང་། གད་སྙིགས་རིགས་དབྱེ་སོགས་ཀྱི་ཤེས་བྱ་དྲིལ་བསྒྲཊ་དང་ཁྱབ་གདལ་བཏང་བ་རེད། ལྷ་ས་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་སྟོད་ལུང་བདེ་ཆེན་ཆུས་ཡན་ལག་ཅུས་ཀྱི་ཅུས་ཀྲང་གཞོན་པ་རིན་ཆེན་རྒྱལ་མཚན་གྱིས་སླད་ཕྱིན་ང་ཚོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དྲིལ་བསྒྲགས་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་གྱི་བསམ་ཕྱོཊ་གསར་པ་དང་བྱེད་ཐབས་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ཏེ་ཐུན་མོང་ཐོག་དེ་བས་མཛེས་སྡུག་ལྡན་པ་དང་འཚོ་སྡོད་དང་འཚམ་པའི་འཚོ་བའི་ཁོར་ཡུག་ཅིག་གཏོད་རྒྱུ་ཡིན་ཞེས་བཤད།
(ནོར་བུ་ཆོས་སྒྲོན་དང་ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社