(པར་ངོས་དང་པོར་མཐུད)ཆུ་ཤུར་རྫོང་གིས་གོ་སྐབས་དེ་སྤྱད་ནས་ནུས་ཤུགས་ཡོད་རྒུས་བྱེ་འགོག་བྱེ་བཅོས་ཀྱི་ལས་དོན་སྤེལ་ཏེ། ཤིང་སྐྱེ་ཚད་ལེགས་སུ་བཏང་ནས་ཁུལ་གཅིག་ལ་ཤིང་སོན་འཛུགས་པ་དང་། ཁུལ་དེ་སྲུང་བ། ཁུལ་དེ་སྔོ་ལྗང་དུ་འགྱུར་བ་དངོས་འབྲེལ་མངོན་འགྱུར་བྱུང་ཡོད།
ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭའི་ཆུ་ཤུར་དུམ་བུའི་བཀོད་འདོམས་པུའི་བཀོད་འདོམས་པ་གཞོན་པ་ནོར་བུ་ཆོས་འཕེལ་གྱིས་ཆུ་ཤུར་ནི་ཡར་ཀླུང་གཙང་པོ་དང་ལྷ་སའི་སྐྱིད་ཆུ་འདྲེས་མཚམས་སུ་ཆགས་ཡོད་པས་བྱེ་རླུང་ལྟོས་བཅས་ཀྱིས་ཆེ་བ་དང་། བྱེ་ཐང་ལ་བཅོས་སྒྱུར་བྱེད་དགོས་ན་འབྱུང་རྩ་ནས་འགོ་འཛུགས་དགོས་པ་དང་། འབྱུང་རྩ་ནི་གྲོག་མོ་ཡིན། ད་ལྟ་ང་ཚོས་ཆུ་འགྲམ་དུ་སྤྱིའི་ཆ་ནས་ཤིང་སོན་འདེབས་འཛུགས་བྱས་ཟིན་པས། ལས་འགན་དང་པོ་དེ་ལེགས་འགྲུབ་བྱུང་ཡོད། བྱེ་མ་བཅོས་སྐྱོང་ཁུལ་དུ་ཤིང་སོན་འདེབས་འཛུགས་བྱེད་སྐབས་སྔོན་ལ་བྱེ་མ་བརྟན་དུ་གཏོང་དགོས། ཉེ་བའི་ལོ་ཤས་རིང་ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་རྣམ་གྲངས་དེས་སྔོན་ལ་བྱེ་མ་སྲ་བརྟན་དུ་གཏོང་བ་དང་། རྗེས་སུ་ཤིང་སོན་འདེབས་འཛུགས་བྱས་ཡོད། བྱེ་སར་ཤིང་སོན་འདེབས་འཛུགས་དང་ཆུ་འདྲེན་སྐབས་ཀྱང་དོ་སྣང་བྱེད་དགོས་པ་མང་པོ་ཡོད། སྦུ་གུ་སའི་འོག་ཏུ་བཅུག་ནས་ཤིང་སོན་ལ་ཆུ་རྒྱག་དགོས། 2023ལོར། ཆུ་ཤུར་རྫོང་གི་སྔོ་འགྱུར་ཁུལ་7ལ་བྱེ་འགོག་བྱེ་བཅོས་བྱེད་དགོས་པ་དང་། འདེབས་འཛུགས་བྱས་པའི་ཤིང་སོན་གྱི་ཁྲོད་དུ། གསོམ་སྡོང་དང་བྱེ་ལྕང་སོགས་ཡོད་པས། ཤིང་སོན་འདི་དག་ལ་བྱེ་འགོག་བྱེ་བཅོས་ཀྱི་ནུས་པ་ཆེན་པོ་ལྡན་པར་མ་ཟད། ད་དུང་སྐྱེ་ཚད་ཀྱང་ལྟོས་བཅས་ཀྱིས་ཡག་པོ་ཡོད་ཅེས་བཤད་པ་རེད།
2020ལོར། ལྷ་ས་གྲོང་ཁྱེར་ལ་སྐྱེ་ཁམས་ཁོར་ཡུག་པུས་རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དཔེ་སྟོན་གྲོང་ཞེས་མིང་བཏགས་པ་དང་། 2021ལོར། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་དང་། ཆུ་ཤུར་རྫོང་ལ་སྐྱེ་ཁམས་ཁོར་ཡུག་པུས་རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དཔེ་སྟོན་ཁུལ་གྱི་མིང་བཏགས་པ་དང་། 2021ལོར། ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭ་དངོས་སུ་འགོ་ཚུགས་པ་རེད། ལོ་4ཡི་རིང་ལ་མང་ཚོགས་དེ་བས་མང་བ་ཞིག་ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭའི་རྣམ་གྲངས་ནང་ཞུགས་ནས། ཤིང་སོན་རེ་རེ་བཞིན་འདེབས་འཛུགས་བྱས་ཏེ་མཛེས་པའི་ལྷ་ས་ཐུན་མོང་ཐོག་བསྐྲུན་ཡོད། འདི་ནི་ལོ་5ཡི་རིང་རི་ཆུ་སྔོ་ལྗང་ཅན་དུ་བསྒྱུར་བ་དང་། ལོ་10ཡི་རིང་ལྷ་ས་སྔོ་ལྗང་ཅན་དུ་བསྒྱུར་བའི་གསོན་ཉམས་ལྡན་པའི་མཚོན་ཚུལ་ཞིག་ཡིན་ལ། ལྷ་སས་རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ལས་དོན་མདུན་གྲལ་དུ་བསྐྱོད་པའི་མཚོན་ཚུལ་ངོ་མ་ཞིག་ཀྱང་ཡིན།
ཉེ་བའི་ལོ་ཤས་རིང་། རང་གྲོང་གིས་སྐྱེ་ཁམས་སྟོབས་ཆེར་གཏོང་བ་དང་སྐྱེ་ཁམས་ལ་བརྟེན་ནས་གྲོང་ཁྱེར་གཏོད་པ་གཙོ་གནད་དུ་བཟུང་སྟེ། རི་དང་། ཆུ། ནགས། ཞིང་། མཚེའུ། རྩྭ་ཐང་། བྱེ་མ། འཁྱགས་རོམ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་ཉམས་གསོ་ལ་མུ་མཐུད་སྐུལ་འདེད་བཏང་ནས་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཁྲུག་གཏིང་ཟབ་བརྒྱབ་སྟེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གཏོད་རྒྱུར་གཅིག་གྱུར་གྱིས་སྐུལ་འདེད་བཏང་བ་རེད།
ལྷ་སའི་ཧྲེང་ཡུན་ཁོར་ཡུག་སྲུང་སྐྱོང་གློག་ཤུགས་ཚད་ཡོད་ཀུང་སི་དེ་ཆུ་ཤུར་རྫོང་སྙེ་ཐང་ཤང་དུ་ཡོད་པ་དང་། རང་གྲོང་གི་འཚོ་བའི་གད་སྙིགས་མེར་བསྲེགས་ནས་གློག་གཏོང་བའི་རྣམ་གྲངས་ཧྲིལ་པོའི་འཛུགས་སྐྲུན་དང་གཉེར་སྐྱོང་དོ་དམ་གྱི་འགན་འཁུར་གྱི་ཡོད། རྣམ་གྲངས་དེ་2017ལོའི་ཟླ་9པར་ཚོད་ལྟའི་ངང་འགོ་ཚུགས་པ་དང་། 2018ལོའི་ཟླ་2ཚེས་12ཉིན་དྲ་སྦྲེལ་ནས་གློག་བཏང་བ། 2018ལོའི་ཟླ་5ཚེས་5ཉིན་ནས་བཟུང་ལྷ་ས་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་ཁྱོན་ཡོངས་ནས་དང་ལེན་བྱས་པ་རེད།
ལྷ་སའི་ཧྲེང་ཡུན་ཁོར་ཡུག་སྲུང་སྐྱོང་གློག་ཤུགས་ཚད་ཡོད་ཀུང་སིའི་འགན་འཁུར་བ་ལིའུ་ཅེ་ཡིས་གསར་འགོད་པར་ལྷ་ས་གྲོང་ཁྱེར་ཧྲེང་ཡུན་ཁོར་ཡུག་སྲུང་སྐྱོང་གློག་ཤུགས་ཚད་ཡོད་ཀུང་སིས་2018ལོའི་ཟླ་2པར་ཐོན་སྐྱེད་བྱེད་འགོ་ཚུགས་པ་དང་། ད་བར་གད་སྙིགས་ཏུན་ཁྲི་140བསྡུ་ལེན་བྱས་ཤིང་། ཁྱོན་བསྡོམས་གློག་ཏུའུ་ཁྲི་5.51བཏང་བ་དང་། ཁྱོན་རྡོ་སོལ་ཏུན་ཁྲི་42.95གྲོན་ཆུང་བྱས་པ། ཁྱོན་དྲ་སྦྲེལ་གློག་ཏུའུ་ཁྲི་46200ཟིན་པ་བཅས་བྱས་ཏེ། ལྷ་ས་གྲོང་ཁྱེར་གྱི་སྐྱོན་བྲལ་དང་འབྱུང་འཕྲོད་འཕེལ་རྒྱས་གཏོང་བར་ང་ཚོའི་ཁེ་ལས་ཀྱིས་ལེགས་སྐྱེས་ཕུལ་ཡོད་ཅེས་བཤད། ཀུང་སིས་འཚོ་བའི་གད་སྙིགས་མེར་བསྲེགས་ནས་གློག་གཏོང་གི་ཡོད་པ་དང་། གད་སྙིགས་ས་སྦས་བྱ་ཡུལ་གྱི་སྤྱོད་ཡུན་ལོ་40ཡན་རིང་དུ་བཏང་ནས་ཐོན་ཁུངས་ཟད་གྲོན་ཆུང་ཤོས་སུ་སླེབས་པར་བྱས་ཡོད། གད་སྙིགས་མེར་བསྲེགས་པའི་བརྒྱུད་རིམ་ལས་བྱུང་བའི་དུ་རླངས་ཀྱི་སྦགས་བཙོག་དངོས་པོ་དང་། མཁའ་དབྱིངས་ཀྱི་ཐལ་རྡུལ། བཙོག་ཆུ།འཛེར་སྒྲ་བཅས་ཚང་མ་སྦགས་བཙོག་དངོས་པོ་ཕྱིར་འབུད་པའི་ཚད་གཞི་ཁག་ལ་སླེབས་པའམ་ཡང་ན་དེ་བས་ཀྱང་ལེགས་པ་ཡོད་པས། སྦགས་བཙོག་ཚོད་འཛིན་ཆེ་ཤོས་ཡོང་བ་དང་། ཁོར་ཡུག་སྲུང་སྐྱོང་གི་བླང་བྱ་དང་མཐུན་ཏེ། འཚོ་བའི་གད་སྙིགས་ཚད་ཉུང་ཅན་དང་།བརྟན་འཇགས་ཅན།འཕྲོད་བསྟེན་ཅན། ཐོན་ཁུངས་ཅན་བཅས་སུ་མངོན་འགྱུར་བྱུང་ཡོད།
སྐྱེ་ཁམས་དར་རྒྱས་བྱུང་ན་ཤེས་དཔལ་དར་རྒྱས་ཡོང་ཐུབ། ད་ཆ་གངས་ལྗོངས་ས་མཐོའི་མཛེས་སྡུག་ལྡན་པའི་འཆར་འགོད་བཞིན་མངོན་འགྱུར་བྱེད་བཞིན་ཡོད་པ་དང་། ལྷ་སའི་མི་རིགས་ཁག་གི་མི་དམངས་ཀྱི་བདེ་སྐྱིད་སྟོན་གྲངས་ཆེས་ཆེར་མཐོ་རུ་ཕྱིན་ནས་སྐྱེ་ཁམས་ཁོར་ཡུག་བཟང་པོ་དེ་ལྷ་སའི་དཔལ་འབྱོར་འཕར་བའི་སྒུལ་ཤུགས་གསར་པ་དང་མང་ཚོགས་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་གསར་པ་ཞིག་ཏུ་འགྱུར་བཞིན་ཡོད།
(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社