分享按钮

དེ་བས་ནན་པའི་སྤྱོད་ཚུལ་དང་དེ་བས་ནུས་ལྡན་གྱི་བྱ་ཐབས་ཐོག་ནས་ཡུལ་ཁོངས་ཡུལ་སྐོར་གྱི་སྤུས་རྟགས་མགྱོགས་མྱུར་གཏོད་པ་དང་རིག་གནས་ཡུལ་སྐོར་གྱི་ཀ་རྟེན་ཐོན་ལས་འཛུགས་དགོས།

(པར་ངོས་དང་པོར་མཐུད)སྐུལ་འདེད་ནུས་ལྡན་བཏང་བ་བཅས་བྱས་པས་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་ཅེས་གསུངས་པ་རེད།

ཤའོ་ཡིའུ་ཚའེ་ཡིས་རང་གྲོང་དུ་ཡུལ་སྐོར་གྱི་རྫོགས་ལྡན་དུས་བཟང་འཆར་ལ་ཉེ་བས། ཡུལ་སྐོར་ཁྲོམ་རར་ཚད་ལྡན་བཅོས་སྒྲིག་བྱེད་པའི་ལས་ཀ་ཡག་པོ་སྒྲུབ་པའི་དུས་ཚོད་ཛ་དྲག་པ་དང་ལས་འགན་ལྕི་པོ་ཡོད། རིམ་པ་ཁག་གི་འབྲེལ་ཡོད་སྡེ་ཚན་ཁག་གིས་གནད་དོན་ཁྲིད་ཕྱོགས་སུ་བྱེད་པ་མཐའ་འཁྱོངས་དང་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ཏེ་ཡུལ་སྐོར་ཁྲོམ་རར་ཚད་ལྡན་བཅོས་སྒྲིག་བྱེད་པའི་ལས་དོན་ཁག་གཏིང་ཟབ་ཏུ་སྤེལ་བ་དང་དོན་དངོས་ཐོག་ལག་ལེན་བསྟར་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་རྒྱ་ཆེའི་ཡུལ་སྐོར་བ་དགའ་སྤྲོའི་ངང་ཡོང་ཐུབ་པ་དང་བློ་ཡིད་ཚིམ་པོའི་ངང་ཕྱིར་ལོག་ཐུབ་པར་བྱེད་དགོས་པ་སྟེ།

ཚོང་རའི་ཟང་ཟིང་ལ་རྒྱུན་མཐུད་ངང་ཚད་ལྡན་བཅོས་སྒྲིག་བྱ་དགོས། ངན་རེངས་གནད་དོན་གཙང་སེལ་ཆེན་པོ་དང་། བདེ་འཇགས་གཙང་སེལ་ཆེན་པོ། ཁོར་ཡུག་གཙང་སེལ་ཆེན་པོ་བཅས་ཀྱི་བྱ་སྤྱོད་གཏིང་ཟབ་སྤེལ་ནས་ཁྲིམས་འགལ་གྱི་སྣེ་ཤན་པ་དང་། ཁྲིམས་འགལ་གྱི་ཡུལ་སྐོར་ལས་དོན་ཁང་། ཁྲིམས་འགལ་གྱི་སྐྱེལ་འདྲེན་རླངས་འཁོར། ཁྲིམས་འགལ་གྱི་ཚོང་པ་སོགས་ཀྱི་བྱ་སྤྱོད་ལ་རྡུང་རྡེག་ནན་པོ་བཏང་ནས་དོ་དམ་རགས་པ་ནས་དོ་དམ་ཞིབ་ཚགས་ཅན་དུ་འགྱུར་བའི་འགྱུར་ལྡོག་ཆེན་པོ་མངོན་འགྱུར་ཡོང་བར་བྱེད་དགོས།

ཚོང་གཉེར་སྐྱེལ་འདྲེན་རླངས་འཁོར་ལ་བཅོས་སྒྲིག་བྱེད་པར་མུ་མཐུད་ཤུགས་སྣོན་རྒྱག་དགོས། ལྟ་སྐུལ་དོ་དམ་ལམ་སྲོལ་སྔར་བས་འཐུས་ཚང་དུ་གཏོང་བ་དང་ཁྲིམས་བསྟར་བྱེད་ཤུགས་ཆེ་རུ་བཏང་ནས་བདལ་གཏོང་རླངས་འཁོར་དང་། དྲ་འབོད་རླངས་འཁོར། བོགས་མར་བཏང་བའི་རླངས་འཁོར་སོགས་སྐྱེལ་འདྲེན་འཁོར་རིགས་ལ་ཚད་ལྡན་དོ་དམ་བྱེད་པའི་ལས་དོན་གཙོ་གནད་དུ་བཟུང་ནས་ཡུལ་སྐོར་བ་རྣམས་ཀྱི་འགྲོ་སྐྱོད་བདེ་འཇགས་འགན་ལེན་མཐའ་གཅིག་ཏུ་བྱ་དགོས།

གྲོང་ཁྱེར་གྱི་འགྲོ་ལམ་འགྲིམ་འགྲུལ་མུ་མཐུད་ལེགས་སུ་གཏོང་དགོས། གཞུང་ལམ་གུ་དོག་པོ་དང་ལམ་དྲ་ཚགས་དམ་པོའི་འདུ་ཤེས་གཞིར་བཟུང་། འགྲིམ་འགྲུལ་ལམ་དྲ་བཀོད་སྒྲིག་དང་བརྡ་རྟགས་གློག་སྒྲོན་སྒྲིག་སྦྱོར་སྔར་བས་ལེགས་སུ་གཏོང་བ་དང་། འགྲོ་ལམ་འགྲིམ་འགྲུལ་གྱི་སྒྲིག་ལམ་ལ་རྒྱུན་མཐུད་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་བརྒྱབ་སྟེ་ཡུལ་སྐོར་བར་བདེ་འཇགས་དང་། གོ་རིམ་ལྡན་པ། ཤར་གཏོང་བཅས་ཀྱི་འགྲོ་ལམ་འགྲིམ་འགྲུལ་གྱི་ཁོར་ཡུག་གཏོད་དགོས།

ཡུལ་སྐོར་ཞབས་ཞུའི་ཆུ་ཚད་མུ་མཐུད་མཐོ་རུ་གཏོང་དགོས། ཡུལ་སྐོར་ལས་རིགས་ཚད་ལྡན་ཅན་དུ་འགྱུར་བའི་འཛུགས་སྐྲུན་ཁྱོན་ཡོངས་ནས་ཁྱབ་གདལ་བཏང་ནས་གཉེན་ཉེའི་བརྩེ་དུང་རྣམ་པ་དང་དྲོ་སྐྱིད་རྣམ་པ་ཞེས་པའི་ཞབས་ཞུའི་འདུ་ཤེས་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་དང་། ཡུལ་སྐོར་དང་འབྲེལ་བ་ཡོད་པའི་ཞུ་གཏུག་ལ་དུས་ཐོག་ཏུ་ལན་སློག་པ། དྲ་རྒྱའི་གླེང་ཕྱོགས་ཐག་གཅོད་ནུས་ལྡན་བཅས་བྱས་ཏེ་ཧུར་བརྩོན་ཆེན་པོས་ཡུལ་སྐོར་བ་ལྷ་སར་སྐྱིད་པོ་དང་ཡུལ་སྐོར་སྤྲོ་པོ་ཡོང་བར་བྱེད་དགོས་པ་བཅས་ཀྱི་ནན་གསུངས་གནང་བ་རེད།

(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-07 6 6 拉萨日报藏文 c182202.html 1 དེ་བས་ནན་པའི་སྤྱོད་ཚུལ་དང་དེ་བས་ནུས་ལྡན་གྱི་བྱ་ཐབས་ཐོག་ནས་ཡུལ་ཁོངས་ཡུལ་སྐོར་གྱི་སྤུས་རྟགས་མགྱོགས་མྱུར་གཏོད་པ་དང་རིག་གནས་ཡུལ་སྐོར་གྱི་ཀ་རྟེན་ཐོན་ལས་འཛུགས་དགོས། /enpproperty-->