ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་6ཚེས་4ཉིན་གྱི་དགོང་མོའི་ཆུ་ཚོད་8པར། 《ལྷ་སའི་སྲིད་དོན་བགྲོ་གླེང》ལེ་ཚན་གྱི་དུས་ཐེངས་35པ་དེ་གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་འཁྲབ་གཏོང་ཚོམས་ཆེན་དུ་ཚ་ཚ་འུར་འུར་ངང་སྤེལ་བ་རེད། དུས་ཐེངས་འདིར་རང་གྲོང་གི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་དང་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་ལ་དམིགས་པ་དང་། གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་ཐད་ལྷག་པའི་གནད་དོན་ལ་དམིགས་ཏེ་ཡུལ་དངོས་སུ་སྟོད་ལུང་བདེ་ཆེན་ཆུས་དང་། བོད་ལྗོངས་རིག་གནས་ཡུལ་སྐོར་གསར་གཏོད་གླིང་ཁུལ་དོ་དམ་ཨུ་ལྷན། གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས། གྲོང་ཁྱེར་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཅུས། གྲོང་ཁྱེར་ཆུ་བེད་ཅུས། ཁྲེང་ཀོན་ཆུས་ཚལ་གུང་ཐང་ཁྲོམ་གཞུང་དོན་གཅོད་ཁང་། སྟོད་ལུང་བདེ་ཆེན་ཆུས་ཡབ་མདའ་ཁྲོམ་གཞུང་དོ་དམ་ཨུ་ལྷན། བཅིངས་འགྲོལ་ནུབ་ལམ་ཁྲོམ་གཞུང་རྒྱལ་གྲགས་སྡེ་ཁུལ་བཅས་ཀྱི་འབྲེལ་ཡོད་ཚན་པའི་འགན་འཁུར་མི་སྣ་ལེ་ཚན་ནང་གདན་དྲངས་ནས་སྨྱན་སྦྱོར་གྱི་ལྟ་སྐུལ་དང་སྲིད་དོན་བགྲོ་གླེང་དང་ལེན་བྱས་པ་རེད།
གཞི་རིམ་ནི་ལས་ཀ་མཐའ་དག་གི་གཞི་ཚུགས་ས་ཡིན། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོ་དང་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་བྱ་སྤྱོད་སྤེལ་བ་ནས་བཟུང་། གྲོང་མི་དང་ཡུལ་སྐོར་བར་ལྷ་ས་གྲོང་ཁྱེར་འདི་ཉིད་སྔར་བས་མཛེས་སྡུག་ལྡན་པར་གྱུར་བའི་ཚོར་སྣང་དངོས་སུ་བྱུང་ཡོད།
འོན་ཀྱང་།ད་ཐེངས་ཀྱི་ལེ་ཚན་གྱི་གསར་འགོད་པས“12345”ཐད་སྦྲེལ་ཁ་པར་གྱི་ཚུར་ལན་ཁུངས་སྣེ་དང་གྲོང་མི་མང་ཚོགས་ཀྱིས་བཏོན་པའི་གླེང་མང་བའི་གནད་དོན་ལ་གཞིགས་ནས་བཅར་འདྲི་བརྟག་དཔྱད་གཏིང་ཟབ་བྱས་ཏེ་གནད་དོན་གྱི་བརྙན་ཐུང་བརྒྱུད།རང་གྲོང་གི་རྫོང(ཆུས)དང་བྱེད་ནུས་ཁུལ་ཁག་གཅིག་གི་ས་ཁོངས་སུ་གནས་པའི་སྡེ་ལས་ཀྱི་གད་སྙིགས་ཕུང་གསོག་ཐེབས་པ་དང་།ཁོར་ཡུག་བཙོག་པ།ཡུར་བུའི་ནང་གད་སྙིགས་ཕུང་གསོག་ཐེབས་པ།གྲོང་ཁྱེར་གྱི་བཙོག་ཆུ་གཙང་སེལ་བྱ་རྒྱུ་མི་འདང་བ་སོགས་ཀྱི་གནད་དོན་དམར་རྗེན་དུ་བཏོན་ཡོད་པ་རེད།ཡུལ་དངོས་སུ་སྲིད་དོན་འདྲི་རྩད་པས་རེ་རེ་བཞིན་འདྲི་རྩད་བྱས་པར་སྲིད་དོན་འདྲི་རྩད་བྱ་ཡུལ་ཚན་པས་གནད་དོན་ལ་ཐད་ཀར་དམིགས་ནས་དབྱེ་ཞིབ་གཏིང་ཟབ་བྱས་པ་དང་འབྲེལ་ལན་ཡང་བཏབ་པ་དང་།བསམ་འཆར་ནན་ཏན་གྱིས་ཉན་རྗེས།ཚང་མས་སླད་ཕྱིན་མཐོང་ཆེན་བྱས་ཏེ་དགེ་མཚན་ལྡན་པའི་ལེགས་སུ་གཏོང་བའི་རྣམ་འགྱུར་གྱི་ཐོག་ནས་ལག་ལེན་དུ་འཁྱོལ་ཐུབ་པའི་བྱ་ཐབས་ནུས་ལྡན་སྤྱད་དེ་ལྷ་ས་གྲོང་ཁྱེར་གྱི་གཞི་རིམ་བཅོས་སྐྱོང་ལས་དོན་རྒྱུན་མཐུད་དང་གཏིང་ཟབ་ངང་འཕེལ་རྒྱས་འགྲོ་རྒྱུར་རྨང་གཞི་བརྟན་པོ་འདིང་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།
གྲོང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཝང་ཧུའེ་ཚོགས་འདུར་ཞུགས་པ་དང་།གྲོང་ཁྱེར་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་བྱ་སྤྱོད་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་དང་གྲོང་ཨུད་སྤྱོད་ཚུལ་གཞུང་ལས་ཁང་གི་གྲུབ་ཁོངས་ཚན་པ་ཁག་དང་། རྫོང་ཁག(ཆུས)དང་བྱེད་ནུས་ཁུལ་ཁག་གི་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་བྱ་སྤྱོད་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་བཅས་ལེ་ཚན་ནང་ཞུགས་ཡོད་པ་རེད།
(བསྟན་རྡོར་དང་བུ་ཆུང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社