分享按钮

རང་གྲོང་གི་སྡེ་ཚན་མང་པོས་ནུས་ཤུགས་ཡོད་རྒུས་མཐོ་རྒྱུགས་བདེ་བླག་ཡོང་བར་མཐུན་རྐྱེན་བསྐྲུན་པ།

མཐོ་རྒྱུགས་འགོ་ཚུགས་ལ་ཉེ་བའི་སྐབས་སུ།རང་གྲོང་གི་སྡེ་ཚན་མང་པོས་ནུས་ཤུགས་ཡོད་རྒུས་མཉམ་ལས་བྱས་ཏེ་རྒྱུགས་ར་ལྟེ་བར་བྱས་ནས་ལག་ཁྱེར་གཉེར་བའི་ཐོགས་མེད་བགྲོད་ལམ་བཏོད་པ་དང་།མཐོ་རྒྱུགས་ཀྱི་སློབ་མ་སྲུང་སྐྱེལ་རླངས་འཁོར་54བཏང་བ།ཆེད་དོན་ཁྲིམས་འཛིན་ཞིབ་བཤེར་བྱས་པ་སོགས་ལ་བརྟེན་ནས་གྲོང་ཁྱེར་ཡོངས་ཀྱི་རྒྱུགས་སྤྲོད་སློབ་མར་དྭངས་གཙང་གོ་རིམ་ལྡན་པ་དང་ལྷིང་འཇགས་ཀྱི་རྒྱུགས་ལེན་ཁོར་ཡུག་ཅིག་བསྐྲུན་ཡོད།

ལྷ་སའི་སྤྱི་བདེས་ལག་ཁྱེར་གཉེར་བའི་ཐོགས་མེད་བགྲོད་ལམ་བཏོད་པ།

2024ལོའི་མཐོ་རྒྱུགས་སླེབས་ཉེར་ཡོད་པས་ཡུལ་མིའི་ཐོབ་ཐང་ལག་ཁྱེར་གྱི་དུས་ཚད་ཐིམ་པ་དང་།བོར་བརླག་སོང་བ།ཆག་སྐྱོན་ཕོག་ན་ཇི་ལྟར་བྱེད་དགོས་སམ།ཉིན་ཤས་གོང་།གསར་འགོད་པས་ལྷ་སའི་སྤྱི་བདེ་ལས་ཁུངས་ཀྱི་ཐེམ་ཐོ་དོ་དམ་སྡེ་ཚན་ནས་ཤེས་རྟོགས་བྱས་པར་གཞིགས་ན།རྒྱུགས་སྤྲོད་སློབ་མའི་ལག་ཁྱེར་གཉེར་བའི་དགོས་མཁོ་སྐོང་བ་དང་མཐོ་རྒྱུགས་ལ་རོགས་རམ་བྱ་ཆེད།སྡེ་ཚན་དེས་རྒྱུགས་སྤྲོད་སློབ་མར་ཡུལ་མིའི་ཐོབ་ཐང་ལག་ཁྱེར་གཉེར་བའི་ཐོགས་མེད་བགྲོད་ལམ་བཏོད་དེ་རྒྱུགས་སྤྲོད་སློབ་མའི་ཆེད་སྤྱོད་སྐར་ཁུང་བཙུགས་ནས་རྒྱུགས་སྤྲོད་སློབ་མར་ལག་ཁྱེར་གཉེར་བར་སྟབས་བདེ་ཡོང་བའི་ཞབས་ཞུ་གང་ཐུབ་བྱས་ཡོད་པ་རེད།

ཁྲེང་ཀོན་སྤྱི་བདེ་ཡན་ལག་ཅུས་ཚལ་གུང་ཐང་མངགས་གཏོང་ཁང་ནི་ལྷ་སའི་སློབ་གསོའི་གྲོང་དུ་གནས་ཡོད།གསར་འགོད་པས་དེ་གར་ཐེམ་ཐོའི་མི་དམངས་ཉེན་རྟོག་པས་ཐོབ་ཐང་ལག་ཁྱེར་བོར་བརླག་བྱུང་བའི་རྒྱུགས་སྤྲོད་སློབ་མར་ལག་ཁྱེར་གཉེར་རྒྱུར་བྲེལ་བཞིན་ཡོད་པ་མཐོང་བྱུང་།མིག་སྔར་རང་གྲོང་གིས་ཐོགས་མེད་བགྲོད་ལམ་དང་ཐོབ་ཐང་ལག་ཁྱེར་མི་སྒེར་གྱི་སྦྲག་ཐོག་ཞབས་ཞུ་ལེགས་སུ་བཏང་ནས་ལག་ཁྱེར་གཉེར་བའི་དུས་ཡུན་དེ་སྔའི་ཉིན་7ནས་ཉིན་2བར་ཐུང་དུ་བཏང་བ་དང་།མཐོ་རྒྱུཊ་འཆར་ལ་ཉེ་བའི་སྐབས་ལག་ཁྱེར་གཉེར་བའི་དུས་ཡུན་ཉིན་1བར་ཐུང་དུ་བཏང་ཡོད།གཞན་ཡང་རྒྱུགས་སྤྲོད་གོང་གི་ཆུ་ཚོད་ཁ་ཤས་ནང་ཐོབ་ཐང་ལག་ཁྱེར་བོར་བརླག་བྱུང་བའི་རྒྱུགས་སྤྲོད་སློབ་མས་འཕྲལ་དུ་གནས་སྐབས་ཐོབ་ཐང་ལག་ཁྱེར་གསབ་གཉེར་བྱས་ནས་རྒྱུགས་སྤྲོད་སློབ་མའི་ཁ་ཚ་དགོས་གཏུག་གི་གནད་དོན་ཐག་གཅོད་དང་སློབ་མ་མང་པོའི་ཕུགས་འདུན་མངོན་འགྱུར་ཡོང་བར་རོགས་རམ་བྱེད་ཀྱི་ཡོད་པ་རེད།

ལྷ་སའི་སྤྱི་བདེས་རྒྱ་ཆེའི་རྒྱུགས་སྤྲོད་སློབ་མར་ལག་ཁྱེར་གཉེར་བའི་ཐོགས་མེད་བགྲོད་ལམ་བཏོད་དེ་རྒྱུགས་སྤྲོད་སློབ་མར་སྔོན་ལ་བདག་སྤྲོད་དང་ལག་ཁྱེར་བཟོས་ཡོད།རང་གྲོང་དུ་ཚལ་གུང་ཐང་མངགས་གཏོང་ཁང་དང་ཀརྨ་དགོན་གསར་མངགས་གཏོང་ཁང་།གྲྭ་བཞི་མངགས་གཏོང་ཁང་།ཉང་བྲན་མངགས་གཏོང་ཁང་སོགས་གྲོང་མིའི་ཐོབ་ཐང་ལག་ཁྱེར་གྱི་ལས་སྒོ་སྒྲུབ་པའི་སྐར་ཁུང་72ཡོད་པ་དང་།སྐར་ཁུང་ཁག་གིས་དུས་ཆད་དང་།དུས་ཚོད་ནར་འགྱངས།ལས་དུས་མིན་པའི་དུས་ཚོད་སོགས་ཀྱི་ཞབས་ཞུའི་བྱ་ཐབས་སྤྱད་དེ་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་རྒྱུགས་སྤྲོད་སློབ་མར་དུས་ཐོག་དང་།ནུས་ཆེ།སྟབས་བདེ།སྤུས་ལེགས་བཅས་ཀྱི་ཐིམ་ཐོའི་ལས་གཉེར་ཞབས་ཞུ་བསྒྲུབས་ནས་རྒྱུགས་སྤྲོད་སློབ་མའི་ལག་ཁྱེར་གཉེར་བའི་ལས་སྒོ་བདེ་བླག་དང་ལས་ཆོད་ཆེ་བའི་འགན་ལེན་བྱེད་ཀྱི་ཡོད།ཚལ་གུང་ཐང་མངགས་གཏོང་ཁང་ཕྱོགས་བསྡུས་བཀོད་འདོམས་ཁང་གི་ཐེམ་ཐོའི་ལག་ཁྱེར་ལམ་ལུགས་ཚོགས་ཆུང་གི་མི་དམངས་ཉེན་རྟོག་པ་ཚེ་དབང་དཔལ་སྒྲོན་གྱིས་ལོ་ལྟར་སློབ་མས་ལག་ཁྱེར་གཉེར་བའི་དུས་ཚོད་གཙོ་བོ་ཟླ་11པ་ནས་ཟླ་12པའི་བར་འཁེལ་གྱི་ཡོད།འདི་ལོའི་མཐོ་རྒྱུགས་སློབ་མར་མངགས་གཏོང་ཁང་གིས་གཅིག་སྡུད་ཐོག་མི་720ཙམ་བདག་སྤྲོད་བྱས་ཡོད།མཐོ་རྒྱུགས་ཟིན་གྲབས་ཀྱི་ཟླ་4པ་ནས་ཟླ་5པའི་བར་ཐོབ་ཐང་ལག་ཁྱེར་གསབ་གཉེར་བྱེད་པའི་སློབ་མ་ཅུང་མང་བ་ཡོད།ད་རེས་རྒྱ་ཆེའི་རྒྱུགས་སྤྲོད་སློབ་མར་ཐོབ་ཐང་ལག་ཁྱེར་བོར་བརླག་དང་།དུས་ཚོད་ཡོལ་བ།ཆག་སྐྱོན་ཤོར་བ་སོགས་ཀྱི་གནས་ཚུལ་ཡོད་ཚེ་དུས་ཐོག་ཏུ་མངགས་གཏོང་ཁང་དུ་བསྐྱོད་ནས་གསབ་གཉེར་དགོས་པའི་དྲན་སྐུལ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

ལྷ་སའི་འགྲིམ་འགྲུལ་ཉེན་རྟོག་པས་མཐོ་རྒྱུགས་སློབ་མ་སྲུང་སྐྱེལ་རླངས་འཁོར་54བཀོད་སྒྲིག་བྱས་པ།

ཚེས་5ཉིན་གྱི་ཕྱི་དྲོར།གསར་འགོད་པས་གྲོང་ཁྱེར་འགྲིམ་འགྲུལ་ཉིང་ལག་རུ་ཁག་ནས་ཤེས་རྟོགས་བྱས་པར་གཞིགས་ན།2024ལོའི་མཐོ་རྒྱུགས་ཀྱི་སྲུང་སྐྱོབ་བྱ་སྤྱོད་ཡག་པོ་སྤེལ་ཆེད།འདི་ལོ་ཉིང་ལག་རུ་ཁག་དེས་མཐོ་རྒྱུགས་སློབ་མ་སྲུང་སྐྱེལ་རླངས་འཁོར་54བཀོད་སྒྲིག་བྱས་ནས་རྒྱ་ཆེའི་རྒྱུགས་སྤྲོད་སློབ་མར་སྟབས་བདེ་བསྐྲུན་ཡོད་པ་རེད།

ལས་ཀའི་བཀོད་སྒྲིག་གཞིར་བཟུང་།རྒྱུགས་ལེན་རིང་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་རང་གྲོང་གི་འགྲིམ་འགྲུལ་ལམ་མདོ་གལ་ཆེན་དང་ལྷ་སའི་རྒྱུགས་ཁུལ་གྱི་ལྷ་ས་སློབ་འབྲིང་དང་།ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་།ལྷ་ས་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གཉིས་པ་སོགས་རྒྱུགས་གནས་12ཀྱི་ཉེ་འགྲམ་གྱི་འགྲིམ་འགྲུལ་ལ་ཁྲིད་སྟོན་བྱས་ནས་རྒྱུགས་གནས་ཉེ་འགྲམ་གྱི་ལམ་མདོའི་འགྲིམ་འགྲུལ་སྒྲིག་ལམ་སྲུང་སྐྱོང་ཡག་པོ་བྱས་ཏེ་འགྲིམ་འགྲུལ་འགག་རྒྱུར་སྔོན་འགོག་བྱ་རྒྱུ་དང་གཞན་ཡང་འགྲིམ་འགྲུལ་ཉེན་རྟོག་པས་ད་དུང་རྒྱུགས་སྤྲོད་ཁུལ་གྱི་མཐའ་འཁོར་དུ་འགྲིམ་འགྲུལ་དོ་དམ་བྱ་རྒྱུ་དང་རླངས་འཁོར་གྱིས་རྒྱུགས་སྤྲོད་ཁུལ་གྱི་མཐའ་འཁོར་དུ་དུང་བརྡ་གཏོང་བ་དང་འཛེར་སྒྲ་ཆེ་བའི་རླངས་འཁོར་འགྲོ་སྐྱོད་བྱ་རྒྱུ་གཏན་འགོག་བྱ་རྒྱུ་ཡིན་པ་རེད།ཟླ་6ཚེས་8ཉིན་གྱི་ཕྱི་དྲོའི་ཆུ་ཚོད་14དང་སྐར་མ་45ནས་ཆུ་ཚོད་15དང་སྐར་མ་30བར་དབྱིན་ཡིག་ཉན་ནུས་རྒྱུཊ་ལེན་རིང་འཕྲུལ་སྒུལ་འཁོར་རིཊ་ཚང་མ་རྒྱུཊ་གནས་ཀྱི་མཐའ་འཁོར་དུ་ཤར་སྐྱོད་མི་ཆོག་པ་བཟོ་རྒྱུ་རེད།

ཡན་ལག་རུ་ཁག་དེའི་ཁྲིམས་འཛིན་ལྟ་སྐུལ་རུ་ཆེན་གྱི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོ་ཉིང་ལག་རུ་ཁག་གིས་སྤྱོད་པའི་རྒྱུགས་སྤྲོད་སློབ་མའི་ཐད་སྐྱོད་རླངས་འཁོར་རིགས་གཉིས་ཡོད་པ་སྟེ།ཉེན་རྟོག་པའི་རླངས་འཁོར་ཆུང་གྲས་23དང་ཉེན་རྟོག་པའི་སྦག་སྦག་31ཡིན་པ་རེད། རྒྱུགས་ལེན་ཐད་གཏོང་རླངས་འཁོར་གྱིས་རྒྱུགས་སྤྲོད་སློབ་མ་རྒྱུགས་སྤྲོད་ར་བར་ནུས་ཤུགས་ཡོད་རྒུས་སྲུང་སྐྱེལ་བྱ་རྒྱུ་དང་།

(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-07 6 6 拉萨日报藏文 c182199.html 1 རང་གྲོང་གི་སྡེ་ཚན་མང་པོས་ནུས་ཤུགས་ཡོད་རྒུས་མཐོ་རྒྱུགས་བདེ་བླག་ཡོང་བར་མཐུན་རྐྱེན་བསྐྲུན་པ། /enpproperty-->