分享按钮

རང་གྲོང་གི་སྡོད་ཁང་འཛུགས་སྐྲུན་ཁྱབ་ཁོངས་ཀྱིས་ཐོན་སྐྱེད་བདེ་འཇགས་ཟླ་བའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

པར་འདི་ནི་དྲིལ་བསྒྲགས་ཀྱི་བྱེད་སྒོ་སྤེལ་ཡུལ་ཡིན་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་6ཚེས་5ཉིན། རྒྱལ་ཡོངས་ཀྱི་ཐོན་སྐྱེད་བདེ་འཇགས་ཟླ་བ་23པ་འཆར་ཉེར་ཡོད་པའི་སྐབས་སུ། ལྷ་ས་གྲོང་ཁྱེར་འཛུགས་སྐྲུན་ལས་གྲྭའི་སྤུས་ཚད་ལྟ་སྐུལ་ས་ཚིགས་ཀྱིས་ལྷ་ས་གྲོང་ཁྱེར་སྡོད་ཁང་འཛུགས་སྐྲུན་ཅུས་དང་། སྟོད་ལུང་བདེ་ཆེན་ཆུས་སྡོད་ཁང་འཛུགས་སྐྲུན་ཅུས།ལྷ་ས་བྱང་སྐོར་ལམ་ནུབ་སྲིང་ལམ་ཐིག་གི་དུམ་བུ་དང་པོའི་རྣམ་གྲངས་འཛུགས་སྐྲུན་ནང་ཞུགས་མཁན་ཚན་པ་སོགས་དང་མཉམ་འབྲེལ་བྱས་ནས་མི་ཚང་མས་བདེ་འཇགས་ལ་སྣང་ཆེན་བྱེད་པ་དང་། མི་ཚང་མས་འཕྲལ་སྡོམ་ཤེས་པ།ཚེ་སྲོག་གི་བགྲོད་ལམ་ཤར་གཏོང་བྱེད་པ་གཙོ་དོན་དུ་བྱས་པའི་ཐོན་སྐྱེད་བདེ་འཇགས་ཟླ་བའི་བདེ་འཇགས་ཁྲིམས་སྲོལ་དྲིལ་བསྒྲགས་དང་དོན་འཁྱོལ་དེ་བཞིན་འཕྲལ་སྡོམ་ནང་སྦྱོང་བྱས་པ་རེད།

བྱེད་སྒོ་སྤེལ་ཡུལ་དུ། ལྷ་ས་གྲོང་ཁྱེར་འཛུགས་སྐྲུན་ལས་གྲྭའི་སྤུས་ཚད་ལྟ་སྐུལ་ས་ཚིགས་དང་། སྟོད་ལུང་བདེ་ཆེན་ཆུས་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐོན་སྐྱེད་བདེ་འཇགས་བཅའ་ཁྲིམས》དང་《ལྗོངས་ཡོངས་ཀྱི་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཁོངས་གཏོགསཀྱི་ཐོན་སྐྱེད་བདེ་འཇགས་རྩ་བཅོས་འགག་སྒྲོལ་གྱི་ལོ་གསུམ་བྱ་སྤྱོད་ཀྱི་ཇུས་གཞི(2024ལོ་ནས་2026ལོ་བར)》སོགས་སྲིད་ཇུས་དང་ཁྲིམས་སྲོལ་དྲིལ་བསྒྲགས་དང་ལག་བསྟར་བྱས་ཏེ་ཡུལ་དངོས་ཀྱི་འཛུགས་སྐྲུན་ནང་ཞུགས་པའི་ཚན་པར་ཁྲིམས་ལུགས་ཁྱབ་གདལ་གྱི་སློབ་གསོ་དང་སྲིད་ཇུས་དྲིལ་བསྒྲགས་དང་ལག་བསྟར་བྱས་པ་རེད།

ལྷ་ས་གྲོང་ཁྱེར་འཛུགས་སྐྲུན་ལས་གྲྭའི་སྤུས་ཚད་ལྟ་སྐུལ་ས་ཚིགས་ཀྱི་ཀྲན་ཀྲང་ལི་ཤིའུ་ཡན་གྱིས། ད་ཐེངས་ཀྱི་འཕྲལ་སྡོམ་ནང་སྦྱོང་གི་དམིགས་ཡུལ་གཙོ་བོ་ནི་འཛུགས་སྐྲུན་ནང་ཞུགས་མཁན་ཚན་པ་ཁག་གི་ཐོན་སྐྱེད་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་ཁེ་ལས་ཀྱི་འཕྲལ་སྡོམ་ནུས་པ་ཆེ་རུ་གཏོང་རྒྱུ་དེ་ཡིན། སླད་ཕྱིན་ང་ཚོས་ཤུགས་སྣོན་བརྒྱབ་སྟེ་རྣམ་པ་སྣ་ཚོགས་ཀྱི་བྱེད་སྒོ་དེ་བས་མང་བ་སྒྲིག་འཛུགས་བྱས་ཏེ་ཁེ་ལས་ཀྱི་འཕྲལ་སྡོམ་དོ་དམ་ནུས་པ་དང་ཆུ་ཚད་མཐོ་རུ་བཏང་ནས་ཚང་མས་བདེ་འཇགས་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད།

བྱེད་སྒོ་སྤེལ་ཡུལ་དུ། ད་དུང་བདེ་འཇགས་དྲིལ་བསྒྲགས་འགྲེམས་པང་དང་ལྟ་སྦྱོང་ཁུལ་བཙུགས་པ་དང་འབྲེལ་འཕྲལ་སྡོམ་ནང་སྦྱོང་བྱས་ཏེ་ལྷ་སའི་བྱང་སྐོར་ལམ་ནུབ་སྲིང་ལམ་ཐིག་གི་ཚད་ལྡན་དུམ་བུ་དང་པོའི་ཕུག་ལམ་ཨང་5པའི་ནང་འཛུལ་སྒོར་འབར་གཏོར་མཇུག་འགྲིལ་རྗེས་ཐོགས་རྡིབ་པའི་དོན་རྐྱེན་ཐོན་ནས་བཟོ་པ་1ནང་དུ་ལུས་པས་རྣམ་གྲངས་འཛུགས་སྐྲུན་ཚན་པས་འཕྲལ་སྡོམ་རོགས་སྐྱོབ་བྱེད་འགོ་བཙུགས་ནས་ནང་དུ་ལུས་པའི་མི་སྣ་སྐྱོབ་པ་དང་རྗེས་མཐུད་ཐག་གཅོད་སོགས་བྱས་པ་རེད། ནང་སྦྱོང་བྱས་པ་བརྒྱུད་ས་གནས་ས་ཐོག་གི་མི་སྣས་འཕྲལ་སྡོམ་རོགས་སྐྱོབ་འཁོར་སྐྱོད་ཀྱི་གོ་རིམ་དང་བྱ་ཐབས་ཁོང་དུ་ཆུད་པ་དང་། འཕྲལ་སྡོམ་རོགས་སྐྱོབ་ཚོགས་ཆུང་གི་མཐུན་སྦྱོར་དམག་འཐབ་ནུས་པ་ཆེ་རུ་ཕྱིན་ནས་འཛུགས་སྐྲུན་ནང་ཞུགས་མཁན་ཚན་པར་དངོས་འཐབ་ཀྱི་ཉམས་མྱོང་རྩ་ཆེན་བསགས་ཡོད་པ་རེད།

ཀྲུང་གོ་འགྲིམ་འགྲུལ་ཀུང་སི་གཉིས་པ་ཅུས་ལྷ་སའི་བྱང་སྐོར་ནུབ་སྲིང་ལམ་ཐིག་གི་ཚད་ལྡན་དུམ་བུ་དང་པོའི་བདེ་འཇགས་སྤྱི་ཁྱབ་ལྟ་ཞིབ་པ་ཝང་ཁྲུང་ཨན་གྱིས། སླད་ཕྱིན་ང་ཚོས་ད་ཐེངས་ཀྱི་བྱེད་སྒོ་དེ་གོ་སྐབས་སུ་བྱས་ནས་འཕྲལ་སྡོམ་དོ་དམ་མ་ལག་ལ་ཤུགས་སྣོན་བརྒྱབ་སྟེ་སྤྱི་ཡོངས་ཀྱི་རོགས་སྐྱོབ་ཀྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ་དང་། རྣམ་གྲངས་ཀྱི་འཕྲལ་སྡོམ་ལས་དོན་གཏིང་ཟབ་ཏུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་རྣམ་གྲངས་ཀྱི་ཐོན་སྐྱེད་བདེ་འཇགས་ལ་སྲུང་སྐྱོབ་བྱ་རྒྱུ་ཡིན་ཞེས་བཤད།

(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-07 6 6 拉萨日报藏文 c182197.html 1 རང་གྲོང་གི་སྡོད་ཁང་འཛུགས་སྐྲུན་ཁྱབ་ཁོངས་ཀྱིས་ཐོན་སྐྱེད་བདེ་འཇགས་ཟླ་བའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ། /enpproperty-->