分享按钮

(པར་ངོས་དང་པོར་མཐུད)སྤུས་རྟགས་རྣམ་གྲངས་ནང་ཚུད་པའི་སྤུས་ཚད་མཐོ་བའི་ལེ་ཚན་15གཟིགས་མོ་བའི་སྤྱན་ལམ་དུ་ཕུལ་བ་རེད།

སི་ཁྲོན་ཞིང་ཆེན་ཏང་ཨུད་ཀྱི་དྲུང་ཆེ་གཞོན་པ་ཡུས་ཡན་ཚའེ་དང་། སི་ཁྲོན་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིང་གི་ཏང་ཙུའི་ཁོངས་མི་ཐིང་ཀྲང་གཞོན་པ་ཡོན་དབྱི། སི་ཁྲོན་ཞིང་ཆེན་མི་དམངས་ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས་ཀྱི་ཏང་ཙུའི་ཧྲུའུ་ཅི་དང་ཚོགས་གཙོ་ལིའུ་ཆོན་ཧྲེང་སོགས་ཀྱིས་འཁྲབ་སྟོན་ལ་གཟིགས་པ་རེད།

གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྒྱུན་ལས་གྲོང་སྤྱི་གཞོན་པ་ཁྲེན་ཅིང་དང་།སི་ཁྲོན་སྒྱུ་རྩལ་ལས་རིགས་སློབ་གླིང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཡོན་ཀྲང་ཝུན་ཞུའེ་ཅུས་ཚོགས་འདུར་ཞུགས་པ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་པ་རེད།

ཁྲེན་ཅིང་གིས་དང་ཐོག་ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་ཞུས་ནས་འཁྲབ་སྟོན་ལ་ཕེབས་པའི་སི་ཁྲོན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་རིམ་ཁག་འགོ་ཁྲིད་དང་སི་ཁྲོན་སྒྱུ་རྩལ་ལས་རིགས་སློབ་གླིང་གི་དགེ་རྒན་ལ་ལྷག་བསམ་ཟོལ་མེད་ཀྱི་ཐུགས་རྗེ་ཆེ་ཞུས་གནང་བ་དང་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་རེད། ཁྲེན་ཅིང་གིས་2016ལོར་སི་ཁྲོན་སྒྱུ་རྩལ་ལས་རིགས་སློབ་གླིང་གིས“5+3”གཞི་གཅིག་ཅན་གྱི་རྣམ་པ་བརྒྱུད་དེ་ལྷ་ས་གྲོང་ཁྱེར་གླུ་གར་ཚོགས་པར་ཁ་ཕྱོགས་གཏན་འཁེལ་གྱི་སྒྱུ་རྩལ་ཤེས་ལྡན་མི་སྣ་32གསོ་སྐྱོང་བྱས་ཡོད། ལོ་བརྒྱད་ཀྱི་རིང་ལ། སློབ་མ་ཚོས་འཁྲབ་སྟོན་སྣ་ཚོགས་ཁྲོད་དུ་གྲུབ་འབྲས་ཕུལ་དུ་བྱུང་བ་ཐོབ་ཡོད། གྲུབ་འབྲས་དེ་དག་ཐོབ་པ་ནི་སི་ཁྲོན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་གནང་བ་དང་དེ་བཞིན་དགེ་རྒན་ཚོས་དཀའ་སྤྱད་འབད་བརྩོན་དང་སེམས་ཁུར་གནང་བ་དང་ཁ་འབྲལ་ཐབས་མེད་ཅེས་གསུངས་པ་རེད།

ཁྲེན་ཅིང་གིས་ཁ་ཕྱོགས་གཏན་འཁེལ་གྱི་མངགས་བཅོལ་གསོ་སྐྱོང་འཛིན་གྲྭའི་སློབ་མ་32བདེ་བླག་ངང་སློབ་གྲྭ་ཐོན་པ་དེ་ནི་སི་ཁྲོན་དང་བོད་ཀྱི་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་ཀྱི་གྲུབ་འབྲས་གཡུར་དུ་ཟ་བ་ཞིག་དང་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བཙུགས་པའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་རེད། ཁ་ཕྱོཊ་གཏན་འཁེལ་གྱི་མངཊ་བཅོལ་གསོ་སྐྱོང་གི་གྲུབ་འབྲས་ལས་སི་ཁྲོན་དང་བོད་ཁྱིམ་ཚང་གཅིག་ལྟར་བརྩེ་བ་དེ་བས་མངོན་པ་དང་།མྱོང་ཚོར་ལྡན་པ།ཕན་ནུས་ལྡན་པ་བཅས་བྱུང་ཡོད།སྐལ་བཟང་མེ་ཏོག་ཞོཊ་པའི་ཉི་འོད་ལ་བསྟུན་ནས་བཞད།སློབ་མ་ཚོས་ལང་ཚོ་ཆུས་ཟོས་སུ་མི་གཏོང་བར་འོད་སྟོང་འཕྲོ་བའི་གྲུབ་འབྲས་གཏོད་དགོས་ཤིང་། སི་ཁྲོན་དང་བོད་ཀྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བབཅས་ཀྱི་འབྲེལ་ཟམ་མུ་མཐུད་ཡག་པོ་བཙུཊ་ནས་ལྷ་ས་གྲོང་ཁྱེར་གྱི་རིག་རྩལ་བྱ་གཞག་ལ་ལང་ཚོ་དང་གསོན་ཤུགས་བསྣན་ཏེ་ལྷ་སའི་རིག་གནས་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་བློ་གྲོས་དང་སྟོབས་ཤུཊ་ལེཊ་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས།

ཝུན་ཞུའེ་ཅུས་ཤིས་ཚིག་ནང་སི་ཁྲོན་སྒྱུ་རྩལ་ལས་རིགས་སློབ་གླིང་གིས་ཀྲུང་ཧྭ་མི་རིཊ་ཀྱི་གཅིག་མཐུན་ཚོཊ་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དང་མི་རིགས་ཁག་གི་འགྲོ་འོང་དང་། སྤེལ་རེས།མཉམ་འདྲེས་བཅས་ཀྱི་ཆབ་སྲིད་ཀྱི་འགན་འཁྲི་བློ་ལ་བརྟན་པོར་ངེས་ནས་རང་རྟོགས་ངང་གྲངས་ཉུང་མི་རིགས་ས་ཁུལ་གྱི་སྒྱུ་རྩལ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་ཏེ་ཉེ་བའི་ལོ་བཅུའི་རིང་གྲངས་ཉུང་མི་རིགས་ས་ཁུལ་ཁག་ལ་རིག་རྩལ་རྐང་འཛིན་པ་3000ལྷག་ཙམ་གསོ་སྐྱོང་བྱས་ཡོད། 2016ལོར། སི་ཁྲོན་དང་བོད་ས་ཁུལ་གཉིས་ཀྱི་ཏང་ཨུད་སྲིད་གཞུང་གི་མངཊ་བཅོལ་ནན་པོ་དང་རིག་གནས་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བའི་ལས་འགན་གལ་ཆེན་ཁུར་ནས་ཕྲུ་གུ་32གངས་ལྗོངས་ས་མཐོ་ནས་སི་ཁྲོན་ཞིང་ཆེན་དུ་སློབ་སྦྱོང་བྱེད་པར་བསྐྱོད་པ་དང་།སི་ཁྲོན་དང་བོད་ས་ཁུལ་གཉིས་ཀྱིས་རིག་རྩལ་ཤེས་ལྡན་ཕུལ་བྱུང་གི་མི་སྣ་མཉམ་དུ་གསོ་སྐྱོང་བྱེད་པའི་ལོ་རྒྱུས་ཀྱི་ལེའུ་གསར་པ་ཞིག་བཏོད་ཡོད།འབྱུང་འགྱུར་སློབ་མ་ཚོས་ཞབས་བྲོར་བརྟེན་ནས་གནས་ལུགས་རྟོགས་པ་དང་།མི་དམངས་དང་དུས་རབས་ཀྱི་ཆེད་དུ་རིག་རྩལ་འཁྲབ་སྟོན་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད།

ད་ཐེངས་ཀྱི་སློབ་ཐོན་སྙན་ཞུ་དེ་སི་ཁྲོན་སྒྱུ་རྩལ་ལས་རིགས་སློབ་གླིང་དང་ལྷ་ས་གྲོང་ཁྱེར་རིག་གནས་ཅུས་ཀྱིས་ཐུན་མོང་ཐོག་གཉེར་བ་ཞིག་རེད།ཁ་ཕྱོགས་གཏན་འཁེལ་གྱི་མངགས་བཅོལ་གསོ་སྦྱོང་གི་སློབ་ཐོན་སློབ་མ་རེས་མོས་ཀྱིས་གར་སྟེགས་ཐོག་ཏུ་རང་ཉིད་ཀྱི་སློབ་སྦྱོང་གྲུབ་འབྲས་ཐོགས་པ་མེད་པའི་སྒོ་ནས་ངོམ་སྟོན་བྱས་པ་རེད།

(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-07 6 6 拉萨日报藏文 c182196.html 1 /enpproperty-->