ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭའི་ཤེལ་གྲོང་བྱེ་ཐང་བཅོས་སྐྱོང་ཁུལ་དུ་སླེབས་སྐབས། ཐག་རིང་ནས་བལྟས་ཚེ། རི་རྩེའི་བྱེ་སའི་སྟེང་ཏུ་རྡུལ་འགོག་དྲ་བ་གཡོགས་ཡོད་ཅིང་། བྱེ་ལྕང་སྟར་པ་རེ་རེ་བཞིན་བྱེ་སའི་སྟེང་ཏུ་བཙུགས་ཡོད་པ་དང་། རི་སྐེད་དུ་དོ་དམ་པ་ཁ་ཤས་ཀྱིས་ཤིང་སོན་ལ་ཆུ་གཏོང་བཞིན་ཡོད་ལ། ཁ་ཤས་ཀྱིས་ཤིང་སོན་སྲ་བརྟན་དུ་གཏོང་བཞིན་ཡོད་པ་དང་། ཉེ་བའི་ཉིན་གཉིས་ཀྱི་རིང་ལ་རླུང་བུ་ཆེན་པོ་ལྡང་བས། འདེབས་འཛུགས་བྱས་ཟིན་པའི་ཤིང་སོན་ལ་རླུང་བུས་གཡོ་འགུལ་མི་གཏོང་བའི་ཆེད་དུ། བཟོ་པས་གསར་དུ་བཙུགས་པའི་ཤིང་སོན་ལ་སྐོར་ནས་རྐང་གསུམ་སྟེགས་བུ་ཞིག་བཟོས་ཏེ་དེ་རྩ་བ་བརྟན་ཚུགས་ཐུབ་པར་བྱས་པ་རེད། ཟླ་5པའི་ཟླ་འགོར། ཤེལ་གྲོང་བྱེ་མ་བཅོས་སྐྱོང་ཁུལ་དུ་ཤིང་འཛུགས་ལས་དོན་སྤེལ་འགོ་ཚུགས་པ་དང་། མིག་སྔར་ཁུལ་དེའི་ཤིང་འཛུགས་ལས་འགན་ལེགས་གྲུབ་ཟིན་ནས་དོ་དམ་དང་སྲུང་སྐྱོང་གི་དུས་མཚམས་སུ་དངོས་སུ་སླེབས་ཡོད་པ་རེད།
ཁུལ་དེའི་བྱེ་རྒྱུག་རང་བཞིན་གྱི་ས་གཤིས་མངོན་གསལ་དོད་པའི་དབང་གིས་ཁུལ་དེའི་ཤིང་འཛུགས་ནགས་བཟོའི་ཐད་ད་དུང་བྱེ་འགོག་བྱེ་བཅོས་ཀྱི་ལས་འགན་ཡང་འཁུར་དགོས་གྱི་ཡོད། གནས་ཚུལ་དེར་དམིགས་ཏེ་བྱེ་མའི་ཁྲོད་སྐྱེ་བདེ་བའི་ཐང་ཤིང་མང་པོ་འདེབས་འཛུགས་བྱས་པ་དང་། ཆུ་གཏོར་སྒྲིག་ཆས་སྒྲིག་སྦྱོར་བྱས་ཏེ་ས་ངོས་ཀྱི་དྲོད་ཚད་དམའ་རུ་བཏང་ཞིང་། འདེབས་འཛུགས་ཀྱི་ཟབ་ཚད་ངེས་པར་དུ་ལི་སྨི་40ཟིན་དགོས། ལྷ་ས་གནས་མཆོག་སྐྱེ་ཚལ་འཛུགས་སྐྲུན་མ་འཇོག་ཚད་ཡོད་ཀུང་སིས་ཤིང་སོན་འདེམས་པ་དང་། འདེབས་འཛུགས་ཀྱི་ཟབ་ཚད། ཆུ་འདྲེན་པ་དང་བདག་སྐྱོང་སོགས་ཀྱི་ཐད་དོ་དམ་ནན་པོ་བྱས་ཏེ། བྱ་ཐབས་རབ་དང་རིམ་པ་བཏོན་ནས་བྱེ་ས་སྔོ་ལྗང་ཅན་དུ་འགྱུར་བར་འགན་ལེན་བྱེད་ཀྱི་ཡོད་པ་རེད།
ལྷ་ས་གནས་མཆོག་སྐྱེད་ཚལ་འཛུགས་སྐྲུན་མ་འཇོག་ཚད་ཡོད་ཀུང་སིའི་ལས་དོན་པ་དང་། ཤེལ་གྲོང་བྱེ་ཐང་བཅོས་སྐྱོང་ཁུལ་གྱི་འགན་འཁུར་བ་ཧོ་ཞིས་ང་ཚོའི་ཤེལ་གྲོང་བྱེ་ཐང་བཅོས་སྐྱོང་ཁུལ་གྱི་ས་རྒྱུར་བྱེ་རྒྱུག་རང་བཞིན་ཧ་ཅང་ཆེན་པོ་ཡོད་མོད། ས་ཁོངས་འདིའི་མཐའ་འཁོར་གྱི་གདོད་མའི་སྔོ་ཁེབས་ཧ་ཅང་ཡག་པོ་ཡོད་པས། རྣམ་གྲངས་དེ་ལག་བསྟར་བྱེད་ཐུབ་རྒྱུར་ར་སྤྲོད་བྱུང་ནས་ང་ཚོར་ཡིད་ཆེས་ཆེན་པོ་སྤྲད་བྱུང་། ཕྱིས་འབྱུང་། ཆར་དུས་མ་སླེབས་གོང་། ང་ཚོས་བྱེ་ཐང་དུ་འདེབས་འཛུགས་ཀྱི་ལས་དོན་སྤེལ་རྒྱུ་ཡིན་ཞེས་བཤད།
དུས་ཡུན་རིང་པོའི་ནང་། ཆུ་ཤུར་རྫོང་གིས་བྱེ་འགོག་བྱེ་བཅོས་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་པར་མ་ཟད། སྤྱོད་གོ་ཆོད་པའི་ལས་ཀའི་ཉམས་མྱོང་ཆ་ཚང་ཞིག་འཚོལ་ཞིབ་ཀྱང་བྱས་ཡོད། ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭ་ལག་བསྟར་བྱས་པ་ནས་བཟུང་། (པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社