分享按钮

ཤའོ་ཡིའུ་ཚའེ་ཡིས་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་ཡུལ་སྐོར་ཁྲོམ་རའི་ཚད་ལྡན་བཅོས་སྒྲིག་ལས་དོན་ལ་ཞིབ་འཇུག་བྱས་པ།

དེ་བས་ནན་པའི་སྤྱོད་ཚུལ་དང་དེ་བས་ནུས་ལྡན་གྱི་བྱ་ཐབས་ཐོག་ནས་ཡུལ་ཁོངས་ཡུལ་སྐོར་གྱི་སྤུས་རྟགས་མགྱོགས་མྱུར་གཏོད་པ་དང་རིག་གནས་ཡུལ་སྐོར་གྱི་ཀ་རྟེན་ཐོན་ལས་འཛུགས་དགོས།

ཝང་ཆང་ཚོགས་འདུར་ཞུགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་6ཚེས་5ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་ཡུལ་སྐོར་ཁྲོམ་རའི་ཚད་ལྡན་བཅོས་སྒྲིག་ལས་དོན་སྙན་ཞུ་གསན་པ་དང་། འགག་གནད་དང་དཀའ་གནད་ལ་ཞིབ་འཇུག་གནང་བ། རྗེས་མའི་ལས་དོན་བཀོད་སྒྲིག་གནང་བ་རེད། ཁོང་གིས་འདུ་ཤེས་ཆེན་པོ་ལྔ་དང་འཕེལ་རྒྱས་ལྔ་གལ་ཆེ་མཉམ་འཛིན་གྱི་བསམ་ཕྱོགས་གཞིར་བཟུང་། དེ་བས་ནན་པའི་སྤྱོད་ཚུལ་དང་དེ་བས་ནུས་ལྡན་གྱི་བྱ་ཐབས་ལ་བརྟེན་ནས་ཡུལ་ཁོངས་ཡུལ་སྐོར་གྱི་སྤུས་རྟགས་མགྱོགས་མྱུར་གཏོད་པ་དང་རིག་གནས་ཡུལ་སྐོར་གྱི་ཀ་རྟེན་ཐོན་ལས་འཛུགས་དགོས་པའི་ནན་གསུངས་གནང་བ་རེད།

གྲོང་ཁྱེར་གྱི་འགོ་ཁྲིད་ཝང་ཆང་དང་། ཝང་ཧུའེ། ལི་ཅང་ཤིན། ཀྲང་ཁྲུན་དབྱང་། པ་སངས་རྡོ་རྗེ། ཀའོ་ཅུན་བཅས་ཚོགས་འདུར་ཞུགས་པ་རེད།

ཤའོ་ཡིའུ་ཚའེ་ཡིས་ཡུལ་སྐོར་ཁྲོམ་རར་ཚད་ལྡན་བཅོས་སྒྲིག་བྱ་རྒྱུ་དེ་རྒྱ་ཆེའི་ཡུལ་སྐོར་བའི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་ལ་རིག་གནས་ཡུལ་སྐོར་ཐོན་ལས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་ཡང་ཤུགས་རྐྱེན་ཐེབས་ཀྱི་ཡོད། ཡུལ་ཁོངས་ཡུལ་སྐོར་ཞབས་ཞུའི་ཁོར་ཡུག་ལེགས་སུ་གཏོང་བའི་གཅིག་སྡུད་འགག་སྒྲོལ་བྱ་སྤྱོད་སྤེལ་བ་ནས་བཟུང་། གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མས་གཅིག་གྱུར་འཆར་འགོད་ལ་ཤུགས་སྣོན་བརྒྱབ་པ་དང་། མཉམ་འགུལ་ལ་སྣང་ཆེན་བྱས་པ།

(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-07 ཝང་ཆང་ཚོགས་འདུར་ཞུགས་པ། ཤའོ་ཡིའུ་ཚའེ་ཡིས་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་ཡུལ་སྐོར་ཁྲོམ་རའི་ཚད་ལྡན་བཅོས་སྒྲིག་ལས་དོན་ལ་ཞིབ་འཇུག་བྱས་པ། 6 6 拉萨日报藏文 c182195.html 1 དེ་བས་ནན་པའི་སྤྱོད་ཚུལ་དང་དེ་བས་ནུས་ལྡན་གྱི་བྱ་ཐབས་ཐོག་ནས་ཡུལ་ཁོངས་ཡུལ་སྐོར་གྱི་སྤུས་རྟགས་མགྱོགས་མྱུར་གཏོད་པ་དང་རིག་གནས་ཡུལ་སྐོར་གྱི་ཀ་རྟེན་ཐོན་ལས་འཛུགས་དགོས། /enpproperty-->