分享按钮

རང་གྲོང་གིས་མཐོ་རྒྱུགས་དཀྱུས་མའི་ཁོར་ཡུག་ཕྱོགས་བསྡུས་ བཅོས་སྐྱོང་ལ་ཞིབ་བཤེར་བྱས་པ།

ཝང་མིང་ཀྲེས་རུ་སྣེ་ཁྲིད་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།2024ལོའི་མཐོ་རྒྱུགས་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་སློབ་གསོ་པུའུ་དང་རང་སྐྱོང་ལྗོངས་ཀྱི་བླང་བྱ་ལག་ལེན་མཐར་ཕྱིན་ནན་ཏན་བྱས་ནས་རྒྱུགས་སྤྲོད་ཁོར་ཡུག་ཡག་པོ་ཞིག་གཏོད་ཆེད། ཟླ་6ཚེས་5ཉིན་ལྷ་ས་གྲོང་ཁྱེར་གྱི་མཐོ་རྒྱུགས་དཀྱུས་མའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་ཞིབ་བཤེར་ལས་དོན་གྱི་ཇུས་གཞི་གཞིར་བཟུང་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རྒྱུན་ལས་གྲོང་སྤྱི་གཞོན་པ་དང་གྲོང་ཁྱེར་སློབ་བསྡུ་ཨུ་ལྷན་གྱི་ཀྲུའུ་རེན་ཝང་མིང་ཀྲེ། གྲོང་ཁྱེར་སློབ་བསྡུ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དང་གྲོང་ཁྱེར་སློབ་གསོ་ཅུས་ཀྱི་ཅུས་ཀྲང་བུ་ཆུང་བཅས་ཀྱིས་ཞིབ་བཤེར་ཚོགས་ཆུང་གཉིས་སྣེ་ཁྲིད་དེ་མཐོ་རྒྱུགས་གཏོང་ཉེར་ཡོད་པའི་རྒྱུགས་སྤྲོད་ས་ཁག་12ལ་ཁྱོན་ཡོངས་ནས་ཞིབ་བཤེར་བྱས་ནས་གྲོང་ཁྱེར་གྱི་མཐོ་རྒྱུགས་ལས་དོན་ཁག་ལ་འཐུས་ཤོར་གང་ཡང་མེད་པའི་འགན་ལེན་བྱས་པ་རེད།

སྔ་དྲོའི་ཆུ་ཚོད་10ཙམ་ལ་ཝང་མིང་ཀྲེ་དང་བཅས་པ།སྔ་རྗེས་སུ་བོད་རང་སྐྱོང་ལྗོངས་ལྷ་སའི་སློབ་འབྲིང་དང་། ལྷ་ས་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་བཞི་པ།

(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-07 ཝང་མིང་ཀྲེས་རུ་སྣེ་ཁྲིད་པ། 6 6 拉萨日报藏文 c182193.html 1 རང་གྲོང་གིས་མཐོ་རྒྱུགས་དཀྱུས་མའི་ཁོར་ཡུག་ཕྱོགས་བསྡུས་ བཅོས་སྐྱོང་ལ་ཞིབ་བཤེར་བྱས་པ། /enpproperty-->