ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཁྲིམས་ལྟར་གྲོང་ཁྱེར་བཅོས་སྐྱོང་བྱེད་པའི་འཕེལ་རིམ་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་། ལྷ་ས་གྲོང་ཁྱེར་ཁྲིམས་རྩོད་པའི་མཐུན་ཚོགས་ཀྱི་གསོན་ཤུགས་ལ་སྔར་བས་ཤུགས་སྣོན་དང་སྐུལ་སྤེལ་གཏོང་བ། གྲོང་ཁྱེར་ཡོངས་ཀྱི་ཁྲིམས་རྩོད་པའི་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཅས་གཏོང་ཆེད། ཟླ་6ཚེས་2ཉིན།ལྷ་ས་གྲོང་ཁྱེར་ཁྲིམས་རྩོད་པའི་མཐུན་ཚོགས་ཀྱི“ཆེད་ལས་གཉིས”ཀྱི་ཨུ་ལྷན་གྱི་ལས་འགན་འཁུར་བའི་གཏམ་བཤད་བྱེད་སྒོ་སྤེལ་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། གྲོང་ཁྱེར་ཁྲིམས་རྩོད་པའི་མཐུན་ཚོགས་དང་རྒྱུན་ལས་ལས་འཛིན་ལྷན་ཚོགས་གྲོས་འཆམ་བྱུང་བ་བརྒྱུད། སྐབས་འདིའི་ལྷ་ས་གྲོང་ཁྱེར་ཁྲིམས་་རྩོད་པའི་མཐུན་ཚོགས་ཀྱིས་ཏང་འཛུཊ་སྐྱོང་གི་ཆེད་དོན་ཨུ་ལྷན་སོགས་ཆེད་དོན་ཨུ་ལྷན་9དང་ཉེས་དོན་བཅའ་ཁྲིམས་ཀྱི་ཆེད་ལས་ཨུ་ལྷན་སོགས་ཆེད་ལས་ཨུ་ལྷན་14བཙུགས་ཡོད་པ་རེད། བྱེད་སྒོའི་ནང་ཨུ་ཡོན་ལྷན་ཁང་ཁག་གི་འགན་འཁུར་བ་རེ་རེ་བཞིན་གར་སྟེགས་ཐོག་གཏམ་བཤད་བྱས་ནས་འགན་འཁྲི་སྒྲུབ་པའི་ནུས་པ་དང་། སླད་ཕྱིན་གྱི་ལས་ཀའི་བསམ་ཕྱོགས། ལས་ཀའི་བསམ་བཀོད་དང་དེ་བཞིན་འགན་འཁྲི་སྒྲུབ་པའི་དམིགས་ཚད་སོཊ་ཀྱི་ཐད་དམིགས་ནས་རྒྱས་བཤད་ཞིབ་ཕྲ་དང་འགྲེམས་སྟོན་གང་ལེགས་བྱས་ཏེ་གཏམ་བཤད་སྤེལ་ཡུལ་དུ་སྤྲོ་སེམས་རབ་ཏུ་འཕེལ་བ་ཞིག་ཡོད་པ་རེད། ལྷ་ས་གྲོང་ཁྱེར་ཁྲིམས་རྩོད་པའི་མཐུན་ཚོགས་ཏང་འཛུགས་སྐྱོང་གི་ཆེད་དོན་ཨུ་ལྷན་གྱི་ཀྲུའུ་རེན་ཝང་མིང་གིས་ད་ཐེངས་ཀྱི་བྱེད་སྒོ་དེས་ང་ཚོའི་ཁྲིམས་རྩོད་མཐུན་ཚོགས་ཀྱི་རྩ་འཛུགས་ཀྱི་སྒྲོམ་གཞི་འཐུས་ཚང་དུ་བཏང་བ་དང་ཨུ་ལྷན་སོ་སོས་ལས་དོན་ཁག་སྤེལ་བའི་ཐད་རང་ཉིད་ཀྱི་ཁ་ཕྱོགས་དང་དམིགས་ཚད་ཡོད་པ་དང་། ལས་གནས་སུ་གདན་ཞུ་བྱེད་པའི་བརྒྱུད་རིམ་ནང་ཁོང་ཚོས་རྒྱས་བཤད་བྱས་པའི་ལས་ཀའི་ཁ་ཕྱོཊ་དང་དམིགས་ཚད་ལ་ང་ཚོས་ལོ་མཇུག་ཏུ་དཔྱད་ཞིབ་བྱ་རྒྱུ་ཡིན་ཞེས་བཤད།
གྲོང་ཁྱེར་ཁྲིམས་ལུགས་མཐུན་ཚོགས་སྲིད་གཞུང་གི་བཅའ་ཁྲིམས་བློ་འདྲིའི་ཆེད་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཁྲེན་ཅེ་ཡིས་ཕྱིས་འབྱུང་ང་ཚོས་གྱོད་དཔེ་དངོས་དང་ཟུང་འབྲེལ་བྱས་ནས་སྲིད་གཞུང་གིས་ཁྲིམས་ལྟར་སྲིད་འཛིན་བྱ་རྒྱུར་དེ་མཚུངས་ཀྱི་ཐབས་ཇུས་དང་གྲོས་འགོ་འདོན་རྒྱུ་དང་།དུས་མཚུངས་འགན་འཁྲི་འཁུར་ཤུགས་ཆེ་རུ་བཏང་ནས་སྲིད་གཞུང་གིས་ཁྲིམས་ལྟར་སྲིད་འཛིན་བྱ་རྒྱུར་ལེགས་སྐྱེས་དེ་བས་མང་བ་འབུལ་རྒྱུ་ཡིན་ཞེས་བཤད།
(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社