分享按钮

ལྷ་ས་གྲོང་ཁྱེར་དགེ་སྒྲུབ་སྤྱི་ཁྱབ་ལྷན་ཚོགས་ཀྱི་ཚོགས་མིའི་འཐུས་མི་ཚོགས་ཆེན་སྐབས་གཉིས་པ་དང་ལས་འཛིན་ལྷན་ཚོགས་ཀྱི་ཚོཊ་འདུ་ཐེངས་དང་པོ་འཚོཊ་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཉེ་ཆར། ལྷ་ས་གྲོང་ཁྱེར་དགེ་སྒྲུབ་སྤྱི་ཁྱབ་ལྷན་ཚོཊ་ཀྱི་ཚོགས་མིའི་འཐུས་མི་ཚོགས་ཆེན་སྐབས་གཉིས་པ་དང་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་དང་པོ་འཚོགས་པ་རེད།

ཚོགས་འདུའི་ཐོག སྐབས་གོང་མའི་ལས་འཛིན་ལྷན་ཚོགས་ཀྱི་ལས་དོན་སྙན་ཞུ་དང་། ནོར་དོན་སྙན་ཞུ། ལྟ་ཞིབ་པའི་སྙན་ཞུ་སོགས་གྲོས་ཆོད་ཁག་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་།སྐབས་གསར་པའི་མཐུན་ཚོགས་ཀྱི་ལས་འཛིན་དང་། རྒྱུན་ལས་ལས་འཛིན། དེ་བཞིན་ཚོགས་གཙོ་དང་། ཚོགས་གཙོ་གཞོན་པ། ལྟ་ཞིབ་པའི་འགོ་འཛིན། ལྟ་ཞིབ་པ། དྲུང་ཡིག་ཆེན་མོ། དྲུང་ཡིག་ཆེན་མོ་གཞོན་པ་སོགས་འགོ་ཁྲིད་སྒྲིག་གཞིའི་སྐབས་བརྗེའི་འདེམས་བསྐོའི་ལས་དོན་བདེ་བླག་ངང་ལེགས་གྲུབ་བྱུང་བ་རེད།

ཚོགས་འདུའི་ཐོག ལས་དོན་མི་སྣས་རང་སྐྱོང་ལྗོངས་དགེ་སྒྲུབ་སྤྱི་ཁྱབ་ལྷན་ཚོགས་ཀྱིས་ལྷ་ས་གྲོང་ཁྱེར་དགེ་སྒྲུབ་སྤྱི་ཁྱབ་ལྷན་ཚོགས་ཀྱི་ཚོཊ་མིའི་འཐུས་མི་ཚོགས་ཆེན་ལ་སྤྲིངས་པའི་རྟེན་འབྲེལ་འཕྲིན་ཡིག་དང་།《ལྷ་ས་གྲོང་ཁྱེར་དམངས་དོན་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཅུས་ཀྲང་ཐུབ་བསྟན་གྱིས་སྤྱི་ཚོཊ་རྩ་འཛུགས་ནང་འགོ་ཁྲིད་ཀྱི་གོ་གནས་གཅིག་ལྕོགས་འཁུར་རྒྱུའི་སྐོར་གྱི་ལྷ་ས་གྲོང་ཁྱེར་ཏང་ཨུད་རྩ་འཛུཊ་པུའི་འཕྲིན་ལན》སྒྲོག་སྦྱངས་བྱས་པ་མ་ཟད། ད་དུང《ལྷ་ས་གྲོང་ཁྱེར་དགེ་སྒྲུབ་སྤྱི་ཁྱབ་ལྷན་ཚོགས་ཀྱི་སྒྲིག་ཡིག》དང་།《ལྷ་ས་གྲོང་ཁྱེར་དགེ་སྒྲུབ་སྤྱི་ཁྱབ་ལྷན་ཚོགས་ཀྱི་མ་དངུལ་དོ་དམ་བྱ་ཐབས》བཅས་འཆར་ཟིན་ཁག་གཉིས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་རེད།

ལྷ་ས་གྲོང་ཁྱེར་དགེ་སྒྲུབ་སྤྱི་ཁྱབ་ལྷན་ཚོགས་ཀྱི་གསར་དུ་བདམས་ཐོན་བྱུང་བའི་ཚོགས་གཙོ་ཐུབ་བསྟན་གྱིས་དགེ་སྒྲུབ་སྤྱི་ཁྱབ་ལྷན་ཚོགས་ཀྱིས་མཐུན་ཚོཊ་ཀྱི་དམིགས་ཡུལ་ལ་དམ་པོར་དམིགས་ནས་མཐུན་ཚོགས་ཀྱི་སྒྲིག་ཡིག་ཁག་ལག་བསྟར་ནན་པོ་བྱེད་པ་དང་། དངོས་སྒྲུབ་ནུས་ལྡན་གྱི་སྒོ་ནས་ལས་དོན་ཁག་སྤེལ་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཏེ།རང་གྲོང་གི་དགེ་སྒྲུབ་བྱ་གཞག་འཕེལ་རྒྱས་དང་སྟོབས་ཆེར་གཏོང་ཆེད།རང་ནུས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད།

(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-06 6 6 拉萨日报藏文 c182187.html 1 ལྷ་ས་གྲོང་ཁྱེར་དགེ་སྒྲུབ་སྤྱི་ཁྱབ་ལྷན་ཚོགས་ཀྱི་ཚོགས་མིའི་འཐུས་མི་ཚོགས་ཆེན་སྐབས་གཉིས་པ་དང་ལས་འཛིན་ལྷན་ཚོགས་ཀྱི་ཚོཊ་འདུ་ཐེངས་དང་པོ་འཚོཊ་པ། /enpproperty-->