ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱིས“ཀྲུང་གོའི་ཕུགས་འདུན་དང་མཛེས་པའི་ངལ་རྩོལ་ཏེ་སེམས་ནུས་གཅིག་སྒྲིལ་གྱིས་ཏང་གི་རྗེས་སུ་འབྲངས་ཏེ་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་མཐུན་སྒྲིལ་འབད་འཐབ་བྱེད”་ཅེས་པ་དང“ཁྲིམས་བཀུར་ཁྲིམས་སྲུང་གིས་ཕུགས་འདུན་མཉམ་དུ་བསྐྲུན”ཞེས་པ་བརྗོད་བྱ་གཙོ་བོར་བཟུང་ནས་ཞིང་པ་ལས་མིར་དྲོ་སྐྱིད་དང་།རིག་གནས།བཅའ་ཁྲིམས། སྲིད་ཇུས། སྨན་བཅོས་དང་སྨན་རྫས་བཅས་སྐྱེལ་བའི་གཤམ་སྐྱེལ་ལྔའི་བྱེད་སྒོ་སྤེལ་ཏེ་དཔལ་སྡིངས་བཙོག་ཆུ་གཙང་སེལ་བཟོ་གྲྭའི་དུས་ཐེངས་གཉིས་པའི་ལས་གྲྭའི་རྣམ་གྲངས་སྐྲུན་ཡུལ་གྱི་ཞིང་པ་ལས་མིར་དྲོ་སྐྱིད་སྦྱིན་པ་རེད།
ཉིན་གུང་གི་མཚམས་སུ་ལྷ་ས་སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་པ་ཚོས་ངོ་མཚར་ཆེ་བའི་རིག་རྩལ་འཁྲབ་ཚན་དང་། གླུ་གར། རྐྱང་གཞས་སོགས་ཀྱི་ལེ་ཚན་རེས་མོས་ཀྱིས་འཁྲབ་སྟོན་བྱས་པ་དང་། འཁྲབ་སྟོན་བྱེད་རིང་།ད་དུང་ཁེ་དབང་སྲུང་སྐྱོང་གི་ཤེས་བྱ་སྒྲོག་འགྲེལ་བྱས་པ་མ་ཟད།འབྲེལ་ཡོད་ཤེས་བྱར་ཧབ་ལན་འདེབས་པའི་དྲི་བ་དྲི་ལན་གྱི་ལྷུ་ཚིགས་ཀྱང་བཀོད་སྒྲིག་བྱས་པས་ཚང་མ་བྱེད་སྒོའི་ནང་ཧུར་ཐག་ཞུགས་ཏེ་ཡུལ་དངོས་ཀྱི་རྣམ་པ་ཧ་ཅང་འཁྲུག་ཆ་དོད་པོར་གྱུར་ཡོད་པ་རེད།
དེ་དང་དུས་མཚུངས་སུ། འོས་འགན་སྨན་བཅོས་བྱ་ཡུལ་དུ། བོད་ལྗོངས་གླིང་ལྔ་སྨན་ཁང་གི་སྨན་པ་ཚོས་ཞིང་པ་ལས་མི་རྣམས་ལ་རིན་མེད་ངང་བདེ་ཐང་བརྟག་དཔྱད་བྱེད་བཞིན་ཡོད་པ་དང་། ཁོ་ཚོས་ངང་རྒྱུད་རིང་པོའི་སྒོ་ནས་ཞིང་པ་ལས་མི་རེ་རེའི་གཟུགས་པོའི་གནས་ཚུལ་འདྲི་རྩད་བྱས་ཏེ། ཁོ་ཚོར་ཁྲག་ཤེད་འཇལ་བ་དང་ཁྲག་མངར་ལྟ་རོགས་བྱས་པར་མ་ཟད། དམིགས་སའི་རང་བཞིན་གྱི་སྒོ་ནས་རྒྱུན་སྤྱོད་སྨན་རྫས་སྤྲད་པ་དང་། སྨན་པ་ཚོས་ད་དུང་ཞིང་པ་ལས་མི་རྣམས་ལ་ལུས་ཟུངས་གསོ་བའི་ཤེས་བྱ་ཁྱབ་གདལ་བཏང་སྟེ། ཁོ་ཚོར་རང་ཉིད་ཀྱི་གཟུགས་པོའི་གནས་ཚུལ་ལ་རྒྱུས་ལོན་ཡག་པོ་བྱེད་པར་རོགས་རམ་བྱས་པ་རེད།
ལྷ་ས་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཁེ་དབང་འགན་སྲུང་པུའི་པུའུ་ཀྲང་ཟླ་བ་སྒྲོལ་མས་དེ་རིང་ང་ཚོ་ལྷ་ས་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱིས་གཤམ་སྐྱེལ་ལྔའི་བྱེད་སྒོ་སྤེལ་བ་དང་ཆབས་ཅིག བྱེད་སྒོའི་ནང་ད་དུང་ཁྲིམས་རྩོད་པ་གདན་དྲངས་ནས་ཞིང་པ་ལས་མིའི་བདེ་འཇགས་དང་འབྲེལ་བ་ཡོད་པའི་བཅའ་ཁྲིམས་ཀྱི་འབྲེལ་ཡོད་ཤེས་བྱར་འགྲེལ་བཤད་བརྒྱབ་པ་དང་། དེ་དང་དུས་མཚུངས་ཞིང་པ་ལས་མིའི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་བཏང་ནས་ཁོ་ཚོས་ཏང་དང་། སྲིད་གཞུང་། བཟོ་ཚོགས་རྩ་འཛུགས་བཅས་ཀྱི་དྲོ་སྐྱིད་དངོས་འབྲེལ་ཚོར་ཐུབ་པར་བྱས་ཡོད་ཅེས་བཤད་པ་རེད།
(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社