(པར་ངོས་དང་པོར་མཐུད)ལས་བྱེད་པ་དང་མང་ཚོགས་མཉམ་འགུལ་གྱི་ལས་དོན་སྤེལ་བཞིན་ཡོད་ཅིང་། མིག་སྔའི་བར་རིམ་རྩིས་བྱས་ན་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་ཐེངས་171བྱས་པ་དང་།ཞིབ་བཤེར་པ་340ལྷག་ཙམ་བཏང་བས་རྫོང་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད། ང་ཚོས་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་དུས་མཚུངས་སུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་འཕྲོད་བསྟེན་གྱི་དོ་དམ་བྱེད་ཐབས་མུ་མཐུད་འཐུས་ཚང་དུ་གཏོང་བ་དང་། ཏང་ཡོན་གྱི་གདོང་ལེན་ནུས་པ་མུ་མཐུད་འདོན་སྤེལ་བྱེད་པ། ཁོར་ཡུག་འཕྲོད་བསྟེན་གྱི་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ།མང་ཚོགས་རང་འགུལ་ངང་བྱེད་སྒོའི་ནང་ཞུགས་རྒྱུར་ཁྲིད་སྟོན་བྱས་ནས་ལས་བྱེད་པ་དང་མང་ཚོགས་ཀྱི་ཐོབ་སྣང་དང་།སྐྱིད་སྣང་གོང་མཐོར་གཏོང་གང་ཐུབ་བྱ་རྒྱུ་ཡིན་ཞེས་བཤད།
དེ་དང་ཆབས་ཅིག་མལ་གྲོ་གུང་དཀར་རྫོང་གིས་གྲོང་གསེབ་ཀྱི་སྒོ་རའི་ནང་གི་གཙང་སྦྲ་ཞན་པ་དང་། ཁང་པའི་རྒྱབ་མདུན་དུ་ཁང་པ་གང་བྱུང་དུ་བརྒྱབ་པ། འཚོ་བའི་གད་སྙིགས་གང་བྱུང་དུ་སྤུངས་པ་སོགས་ཀྱི་གོམས་གཤིས་ངན་པར་དམིགས་ཏེ། “ནང་མི་གསུམ་དང་།གཙང་བ་ལྔ།འཚོ་སྡོད་ལ་འཚམ་པ་གཉིས”བཅས་ཀྱི་ལས་ཀའི་ཚད་གཞི་བཟོས་ནས་གྲོང་གསེབ་ཀྱི་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་གི་བྱ་སྤྱོད་ཧུར་ཐག་སྤེལ་བ་དང་།ཞིང་འབྲོག་ཁུལ་གྱི་འཚོ་བའི་གད་སྙིགས་དང་འཛུགས་སྐྲུན་གྱི་གད་སྙིགས་སོགས་གད་སྙིགས་སྤུངས་ས་མིན་པའི་ས་ཚིགས་ཀྱི་བཅོས་སྒྲིག་ལས་དོན་ལ་སྐུལ་འདེད་བཏང་བ། གྲོང་ཚོའི་མཐའ་འཁོར་དང་། འགྲོ་ལམ་གྱི་གཞོགས་གཉིས། ཡུར་བུའི་ནང་དུ་ཕུང་གསོག་ཐེབས་པའི་འཚོ་བའི་གད་སྙིགས། ཞིང་འབྲོག་ཁུལ་གྱི་བེད་མེད་དངོས་པོ་སོགས་ཕྱོགས་ཡོངས་ནས་གཙང་སེལ་བྱས་པ།ཁང་པའི་རྒྱབ་མདུན་དུ་སྤུངས་པའི་གད་སྙིགས་གཙང་སེལ་མཐིལ་ཕྱིན་པ་བཅས་བྱས་པ་ལས་གྲོང་ཚོའི་ཁོར་ཡུག་ལེགས་སུ་འགྲོ་བའི་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཡོད།
ཚེ་གྲུབ་ཆོས་འཕེལ་ནི་མལ་གྲོ་གུང་དཀར་རྫོང་རྒྱ་མ་ཤང་ཙི་ཙི་རོང་གྲོང་ཚོའི་ལམ་དཔོན་གྱི་གྲས་ཤིག་ཡིན་ཞིང་། གྲོང་གསེབ་ཀྱི་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་གི་བྱ་སྤྱོད་ལ་སྐུལ་འདེད་གཏོང་ཆེད། ཙི་ཙི་རོང་གྲོང་ཚོས་རྒྱུན་རྣམ་ཅན་གྱི་ཐོག་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་བྱ་སྤྱོད་དེ་གྲོང་ཚོའི་སྒྲིག་སྲོལ་དང་དམངས་ཆིངས་ནང་བཅུག་པ་དང་འབྲེལ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་བྱ་སྤྱོད་ཀྱི“ལམ་དཔོན་ལམ་ལུགས”བཙུགས་པ་དང་། གྲོང་ཚོའི“ཨུ་ལྷན་གཉིས”དང་།གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག ཙུའུ་ཀྲང་། དུད་སྦྲེལ་ཐེམ་དཔོན་བཅས་རིམ་པ་བཞིའི་ལམ་དཔོན་32ཀྱིས་གྲོང་ཚོ་ཡོངས་ཀྱི་སྤྱི་པའི་ཁོར་ཡུག་འཕྲོད་བསྟེན་གྱི་འགན་ཁུར་ནས་གྲོང་མི་རྣམས་ཀྱི་སྣེ་ཁྲིད་དེ་དུས་བཀག་ལྟར་གཙང་སྦྲ་བྱེད་པ་དང་འབྲེལ་ས་ཁོངས་གཙང་མ་ཡིན་མིན་ལ་དུས་དང་རྣམ་པ་ཀུན་ཏུ་ལྟ་སྐུལ་དང་ཞིབ་བཤེར་བྱེད་ཀྱིན་ཡོད།
གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་བྱ་སྤྱོད་ཁྲོད།མལ་གྲོ་གུང་དཀར་རྫོང་གིས་བཅོས་སྒྲིག་ནང་དོན་གྱི་གཙོ་གནད་དང་གཞི་རྩའི་བླང་བྱ་ཁ་གསལ་བཏོན་ཡོད། དུས་ཚིགས་དང་པོར་ཤང་དང་གྲོང་རྡལ་གྱི་རླངས་འཁོར་འཇོག་ས་དང་། སྤྱི་པའི་གསང་སྤྱོད། ཨར་སྐྲུན་ལས་གྲྭ། སྨན་ཁང་སོགས་དང་འབྲེལ་བ་ཡོད་པའི་ཡུན་ཕན་དོ་དམ་ལམ་སྲོལ་ཁག་19བཟོས་ཡོད་ཅིང་། རིམ་རྩིས་བྱས་ན་ཁོར་ཡུག་འཕྲོད་བསྟེན་གྱི་བཅོས་སྒྲིག་ཐེངས་100ལྷག་ཙམ་བྱས་པ་དང་། ལས་བྱེད་པ་དང་མང་ཚོགས་མི་ཐེངས་1500ལྷག་ཙམ་ཞུགས་པ། གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་ཏུན་1600ལྷག་ཙམ་གཙང་སེལ་བྱས་པ།གྲོང་ཚོ(གྲོང་ལྷན)41གི《གྲོང་ཚོའི་སྒྲིག་སྲོལ་དང་དམངས་ཆིངས》བཟོ་བཅོས་དང་འཐུས་ཚང་དུ་བཏང་བ། རྒྱ་ཆེའི་མང་ཚོགས་ཀྱིས“བདག་པོའི”འདུ་ཤེས་འཛུགས་པར་ཁྲིད་སྟོན་བྱས་ནས་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་གི་ལས་དོན་ཡུན་རིང་སྤེལ་བ་དང་རྒྱུན་དུ་དམ་འཛིན་ཐུབ་རྒྱུར་འགན་ལེན་བྱས་པ།གྲོང་དོན་སྒྲིག་ཆས་ཀྱི་ནུས་པ་འཐུས་ཚང་དུ་གཏོང་བ་དང་། གྲོང་གསེབ་ཀྱི་འཚོ་སྡོད་ཁོར་ཡུག་ལེགས་སུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྔོ་ལྗང་ཁྱབ་ཚད་མཐོ་རུ་གཏོང་བ། འགྲོ་ལམ་འགྲིམ་འགྲུལ་གྱི་སྒྲིག་ལམ་ཚད་ལྡན་དུ་གཏོང་བ་བཅས་ཀྱི་ལས་དོན་ཧུར་ཐག་ངང་སྤེལ་ཡོད་པ་རེད།
(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社